རྨི་ལམ་གྱི་མཐོང་བ།

ཁྲག་གདོང་།        2023-01-11

ངག་གི་གླུ་ཆུང་གང་དུ་འབུལ་བ་ནས།།

མ་བསམ་ཡིད་ལ་འཆར་བ་སྔོན་གྱི་མི།།

དུས་དང་དུས་སུ་མཐོང་བ་མ་ཡིན་ན།།

གློ་བུར་རྒྱུ་རྐྱེན་དེ་ལ་དགའ་དོན་མེད།།

འདི་ནི་རྟེན་འབྲེལ་ཞིག་གི་ཚབ་ཡིན་ན།།

མ་བཅོས་འཛུམ་པ་མེད་ན་ང་ཡི་སྐྱོན།།

རྨི་ལམ་བརྒྱ་ཕྲག་བརྒལ་བ་རྨིས་པ་ནི།།

ལས་ཀྱི་བཀོད་པ་ཞིག་གི་འགྲོས་ཡིན་ཏེ།།

བདག་གི་ཞེ་གཏིང་ཟུག་པའི་རྨི་ལམ་ནི།།

ཐོལ་བྱུང་རྨི་ལམ་གཞན་དང་མི་འདྲ་བ།།

སྙིང་དང་གློ་བས་འདང་ཞིང་བརྩེ་བ་ནི།།

སྲིད་པའི་ཁྲོད་དུ་བརྩེ་བ་གཞན་མ་ཡིན།།

སྣང་བའི་བར་གསེང་དེ་རུ་སྣ་ཚོགས་ཀྱི།།

འཆར་ཡན་མི་འདྲ་རེ་ཟུང་དྲན་རྒྱུ་བྱུང་།།

ཡག་ཀྱང་ཡག་པའི་སྣང་བ་མ་རྒྱས་ནས།།

སྒྱུ་མའི་ཀློང་དུ་ཡལ་བ་ལས་ཤིག་སྙན།།

འདི་ནི་སྟོང་པའི་མེ་ལོང་ཇི་བཞིན་ཡིན།།

རྨི་ལམ་རྨི་ལམ་ཉིད་དུ་གྲུབ་དུས་ཤིག།

  • ལེ་ཚན་སྔོན་མ།:ཤུགས་གླུ་སྒྱེ་གང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།