ཀུན་དགས་བསྒྱུར། 2023-01-11
ད་ལོ་ནས་བཟུང་དར་མདོ་གྲོང་ཁྱེར་གྱིས་ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་གཞི་འཛིན་སར་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་བྱ་ཐབས་དངོས་སྤྱད་དེ་ལས་ཞུགས་བརྟན་པོ་དང་དམངས་འཚོར་འགན་ལེན་བྱས་ཡོད། ད་སྔའི་བར། ད་ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ922གསར་སྣོན་བྱུང་ནས་དུས་མཚུངས་ལས་བརྒྱ་ཆ0.44འཕར་བ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ4.2ནང་ཚུན་དུ་ཚོད་འཛིན་ཐུབ་ནས་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།
ད་ལོ་ནས་བཟུང་ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱ་ཆེད།དར་མདོ་གྲོང་ཁྱེར་གྱིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ཡོད།
རྩལ་ནུས་གསོ་སྦྱོང་གཙོ་བོར་བཟུང་ནས་མང་ཚོགས་ལས་ཞུགས་ཐུབ་ཚད་མཐོ་རུ་བཏང་བ་དང་། ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་མང་ཚོགས་གསོ་སྦྱོང་གི་འདུན་པ་དང་ལས་ཞུགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་འདེབས་འཛུགས་དང་།གསོ་ཚགས།རྒྱ་ལུགས་ཀྱི་གཡོས་སྦྱོར་དང་ཁྱིམ་ལས་ཞབས་ཞུ་སོགས་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་ཐེངས30སྒྲིག་འཛུགས་བྱས་ནས་གསོ་སྦྱོང་ནང་ཞུགས་མཁན་མི1300ལ(དབུལ་ཐར་ངལ་རྩོལ་མི་ལག500ཚུད་པ)ཟིན་པ་དང་གསོ་སྦྱོང་ནང་ཞུགས་མཁན་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ1.28འཕར་ཡོད།
སྤྱི་ཕན་རང་བཞིན་ལས་གནས་ཀྱི་ཐབས་ལམ་ལ་བརྟེན་ནས་དབུལ་ཐར་ངལ་རྩོལ་མི་ལག་ལས་ཞུགས་བརྟན་པོ་ཡོང་བར་འགན་ལེན་བྱས་ཤིང་། ནགས་རྩྭ་དོ་དམ། ཆུ་བེད་སོགས་སྡེ་ཚན་དང་མཉམ་དུ་གྲོང་སྡེའི་གཞུང་ལམ་གཞོགས་འདེགས་དོ་དམ་དང་།རྩྭ་ཐང་དོ་དམ།ནགས་ཚལ་དོ་དམ།སྐོར་གཡེང་སོགས་སྤྱི་ཕན་ལས་གནས1675གསར་སྤེལ་བྱས་ནས་དུས་མཚུངས་ལས་བརྒྱ་ཆ1.39འཕར་ཡོད།
རྒྱ་ཆེ་བའི་ལས་སྟེགས་གོ་སྐབས་སུ་བྱས་ནས་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ། སྤྱི་པའི་གདན་ཞུའི་དྲ་བ་དང་།ལས་ཞུགས་ལས་དོན་གྱིQQཚོགས་པ།སྐད་འཕྲིན་ཚོགས་པ་སོགས་ལས་སྟེགས་ལ་བརྟེན་ནས་ལས་ཞུགས་ལས་གནས་འོས་འཚམ་ངང་འོས་སྦྱོར་བྱས་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ངལ་རྩོལ་མི་ལག་རོགས་ལས་དང་ཞིང་ཆེན་ཕྱི་ནང་གི་དམིགས་འཛུགས་རོགས་སྐྱོར་མུ་མཐུད་གཏིང་ཟབ་བྱས་ནས་ཞིང་ཆེན་ཕྱི་ནང་དང་ཁུལ་ནང་ཁུལ་གྱི་ཁེ་ལས226གིས་ལས་ཞུགས་ལས་གནས16800ལྷག་ཙམ་མཁོ་འདོན་བྱས་པ་དང་དཔྱིད་རླུང་བྱ་སྤྱོད་སྤེལ་རིང་བྱེད་སྒོ་སྤེལ་ནས་མི36838ལས་ཞུགས་ཐུབ་ནས་མཚུངས་ལས་བརྒྱ་ཆ21.56འཕར་བ།(དབུལ་ཐར་ངལ་རྩོལ་མི་ལག་གཞན་སྒྱུར་ལས་ཞུགས་ཐུབ་པའི་མི3885ཡོད་པས་དུས་མཚུངས་ལས་བརྒྱ་ཆ5.92འཕར་ཡོད།)
རོགས་སྐྱོར་རྟེན་གཞིར་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱས། ལས་ཞུགས་རོགས་སྐྱོར་རྟེན་གཞི་འཛུགས་སྐྱོང་ལ་སྣང་ཆེན་བྱས་ནས་ལས་ཞུགས་རོགས་སྐྱོར་རྟེན་གཞི7བཙུགས་ནས་ས་གནས་དེ་གའི་ངལ་རྩོལ་མི་ལག160ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དེའི་ནང་རྫོང་རིམ་པའི་ལས་ཞུགས་རོགས་སྐྱོར་རྟེན་གཞི4གསར་སྣོན་གཏན་འཁེལ་བྱས་པ་དང་།རྟེན་གཞི་རེར་ཐེངས་གཅིག་ལ་བྱ་དགའི་དངུལ་སྒོར་ཁྲི5སྤྲད་པ།ཁུལ་རིམ་པའི་ལས་ཞུགས་རོགས་སྐྱོར་རྟེན་གཞི3གསར་སྣོན་གཏན་འཁེལ་བྱས་པ།ཐེངས་གཅིག་ལ་སྒོར་ཁྲི10སྤྲད་པ་བཅས་རེད།
ལས་གཏོད་སྐུལ་འདེད་གཙོ་བོར་བཟུང་ནས་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་གཏོད་ཡོད། ཆ་རྐྱེན་འཛོམས་པའི་ལས་གཏོད་བྱེད་མཁན163ལ་ལས་གཏོད་ཁ་གསབ་རོགས་དངུལ་སྒོར་ཁྲི163སྤྲད་པ་དེ་དུས་མཚུངས་ལས་བརྒྱ་ཆ3.8འཕར་བ། ལས་གཏོད་གསོ་སྦྱོང་སྐབས་གཉིས་སྤེལ་བ་དང་། མི54གསོ་སྦྱོང་ནང་ཞུགས་ཡོད། གྲོང་ཁྱེར་ནང་གི་ལས་གཏོད་རྣམ་གྲངས་ལས་གཏོད་འགྲན་བསྡུར་ཆེན་མོའི་ནང་ཞུགས་རྒྱུའི་འོས་སྦྱོར་ཧུར་ཐག་བྱས་པའི་ནང་དར་མདོ་གྲོང་ཁྱེར་གྱི་མགོ་ཐང་འབྱུང་འཕྲོད་ཁྱིམ་གཞིས་ཞིང་རའི་ལས་གཞི་ལ་སི་ཁྲོན་ཞིང་ཆེན་ཡུལ་སྡེ་དར་རྒྱས་ཚོགས་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད།རྒྱལ་ཡོངས་ཀྱི་འགྲན་བསྡུར་ཆེན་མོའི་ནང་ཚུད་པའི་ཐོབ་ཐང་ཡང་ཐོབ་ཡོད། གྲོང་ཁྱེར་ནང་གི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་རྣམས་ཁུལ་ཡོངས་ཀྱི་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པའི་གྲགས་ཅན་མི་སྣ་དང་གྲགས་ཅན་ཁེ་ལས(ལས་གཞི)ཀྱི་དཔྱད་འདེམས་བྱེད་སྒོར་ཞུགས་རྒྱུའི་འོས་སྦྱོར་ཧུར་ཐག་བྱས་པ་དང་།དེའི་ནང་གྲོང་ཁྱེར་དེའི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན19ལ་དཀར་མཛེས་ཁུལ་གྱི2022ལོར་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པའི་གྲགས་ཅན་མི་སྣའི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་དམངས་ལ་ཕན་པ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ལས་ཤོར་འགན་བཅོལ་དང་།ལས་རྨས་འགན་བཅོལ།ལས་གནས་བརྟན་པོ་དང་ཕྱིར་སློག་བཅས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།ཆ་རྐྱེན་འཛོམས་པའི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ235ལ་སྟབས་བསྟུན་ལས་ཞུགས་བྱས་ནས་སྤྱི་ཚོགས་འགན་བཅོལ་ཁ་གསབ་རོགས་དངུལ་སྒོར་ཁྲི1989ལྷག་ཙམ་སྤྲད་པ་དེ་དུས་མཚུངས་ལས་བརྒྱ་ཆ3.52འཕར་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10