ལེ་ཅན་ཕིང་ཀྲུང་གུང་རིཊ་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་སྡུར་ལ་ཞུགས།

        2023-01-06

ལེ་ཅན་ཕིང་ཀྲུང་གུང་རིགས་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་བསྡུར་ལ་ཞུགས་སྐབས།

ཐབས་ཇུས་སྤུས་ཚད་མཐོན་པོ་བཏོན་ནས་སྲིད་གྲོས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་རྩོམ་པའི་ཆེད་བྱས་རྗེས་སུ་འབུལ་དགོས་པའི་བླང་བྱ་བཏོན།


ལེ་ཅན་ཕིང་ཀྲུང་གུང་རིཊ་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་སྡུར་ལ་ཞུགས།


     སྤྱི་ཟླ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ལེ་ཅན་ཕིང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུང་གུང་རིགས་ཁོངས་ཀྱི་ཚོ་ཆུང་དང་པོར་ཕེབས་ནས་ཨུ་ཡོན་ཚོ་དང་མཉམ་དུ་སྲིད་གཞུང་ལས་དོན་སྙན་སེང་ལ་གྲོས་བསྡུར་གནང་བ་དང་འབྲེལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ལ་གྲོས་ཞིབ་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་ཞིང་། ཆབ་སྲིད་ཀྱི་སྣེ་ཁྲིད་ཐད་འགན་འཁྲི་གསར་པ་མངོན་པ་དང་། འགན་ནུས་གཙང་སྒྲུབ་ཐད་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། ཐབས་ཇུས་སྤུས་ཚད་མཐོན་པོ་བཏོན་ནས་སྲིད་གྲོས་ལས་དོན་ འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་རྩོམ་པའི་ཆེད་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་དང་བློ་རིག་གི་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

ལེ་ཅན་ཕིང་ཀྲུང་གུང་རིཊ་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་སྡུར་ལ་ཞུགས།

     གྲོས་བསྡུར་བྱ་ཡུལ་ཚ་ཚ་འུར་འུར་ཡིན་ཞིང་། ཨུ་ཡོན་ཚོས“9·5”ལྕགས་ཟམ་ས་འགུལ་གྱི་སྲིད་གཞུང་གི་ཁ་གསབ་མ་དངུལ་མི་འདང་བ་དང་། ས་བབ་མཐོ་བའི་རྫོང་གི་ཐེམ་ཁུངས་སློབ་མ་ས་ཁོངས་བརྒལ་ནས་སློབ་གྲྭར་འདོན་པ།《གྲོང་ཚོའི་ལོ་རྒྱུས》ཀྱི་དཔྱད་ཡིག་བསྡུ་རུབ་རྩོམ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བ། ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐབས་འདོན་ཇུས་འགོད་བྱས་པ་རེད། ཚང་མས་ད་དུང་ལས་ཀའི་ལག་ལེན་དངོས་དང་ཟུང་དུ་སྦྲེལ་ནས་ལོ་གསར་པའི་ནང་ཇི་ལྟར་བྱས་ནས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད།ལེ་ཅན་ཕིང་ཀྲུང་གུང་རིཊ་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་སྡུར་ལ་ཞུགས།

     ལེ་ཅན་ཕིང་གིས་ཚང་མའི་གཏམ་བཤད་ལ་རེ་རེ་བཞིན་ལན་བསྐྱོན་ནས་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་ཚོས་འདས་ཟིན་པའི་ལོ་གཅིག་ནང་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཉམས་འགྱུར་གསར་པ་མངོན་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སེང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡོངས་སུ་ཁྱབ་ཡོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་སྙིང་དོན་ལ་དམིགས་བསྡུར་ཚད་བསྡུར་གྱིས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། གྲུབ་འབྲས་ཕྱོགས་བསྡོམས་དངོས་ཐོག་བདེན་འཚོལ་ཡིན་ཞིང་། དངོས་ཡོད་སྟོབས་ཤུགས་ཡོད་ལ་གདིང་ཤུགས་ཀྱང་དེ་བས་འདུག། ལས་དོན་བཀོད་སྒྲིག་ཚན་རིག་དང་མཐུན་ལ་ནུས་པ་ལྡན་ཞིང་། དམ་པ་དོན་གཉེར་མངོན་ཞིང་བརྩེ་སེམས་རབ་ཏུ་ཕྱུག། རང་ངོས་འཛུགས་སྐྱོང་ཐད་གཟབ་ཅིང་ནན་ལ། ལྷག་བསམ་ཟོལ་མེད་མངོན་པའི་ཁར་འགན་འཁྲི་འཁུར་ཤུགས་དེ་བས་ཆེ། “བརྟན་པོའི”བླང་བྱ་དང་། “ཡར་བརྩོན”གྱི་ཉམས་འགྱུར། “འགྲན་འཐབ”ཀྱི་སྙིང་སྟོབས།“དོན་གཉེར”གྱི་སྤྱོད་ཚུལ་མངོན་པར་མཚོན་པས། དར་ཆ་མཐོན་པོར་སྒྲེང་བ་དང་། གཙོ་དོན་གསལ་པོ། དམངས་དོན་དོན་གཉེར། བློ་སྟོབས་འཕེལ་བའི་སྙན་སེང་ཡག་པོ་ཞིག་རེད་ཅེས་གསུངས།

     ལེ་ཅན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པ་དང་ཧ་ཅང་ དཀའ་བའི་ལོ་ཞིག་རེད། འཛམ་གླིང་དུ་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་དཀའ་ངལ་སྣ་ཚོགས་གཅིག་ཐོག་གཅིག་བརྩེགས་དང་། འགལ་བ་མང་པོ་གཅིག་ཏུ་འདྲེས་ཤིང་། འགྲན་སློང་མང་པོ་མཉམ་དུ་གནས་པའི་ཉམས་སད་གལ་ཆེན་ལ་འཕྲད་དུས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་པའི་སྡེ་ཚན་ཁག། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་གོང་འོག་སེམས་གཅིག་དང་མཐུན་སྒྲིལ་མཉམ་ལས།  བདེན་སྲུང་གསར་གཏོད། འགག་སྒྲོལ་དཀའ་སེལ་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དངོས་ཡོད་གནད་དོན་ལ་དམ་པོར་དམིགས་ཏེ། གྲོས་མོལ་གཏིང་ཟབ་དང་། གཅིག་སྡུད་ཐོག་སྲིད་དོན་བགྲོ་གླེང་། ལྟ་སྐུལ་ལ་ཤུགས་སྣོན། དོན་འཁྱོལ་ལ་སྐུལ་འདེད་བྱས་ནས་དཀར་མཛེས་ཁུལ་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་སྒྲུབ་པའི་འགན་འཁྲི་གསར་པ་མངོན་པ་དང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱིས་དམངས་དོན་དུ་འགན་འཁྲི་འཁུར་བའི་གཟུགས་བརྙན་གསར་པ་བཏོད་ཡོད།

     2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་བཙུགས་པའི་ལོ་ཡིན། རང་རེའི་ཁུལ་གྱི་“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་བྱེད་པའི་འགག་རྩའི་ལོ་ཡང་ཡིན། ལེ་ཅན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།དོན་འཁྱོལ་ཤུགས་ཆེན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཐེངས་འདིའི་ཁུལ་གྱི་“ཚོགས་ཆེན་གཉིས་”བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཅིང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འབད་འཐབ་དམིགས་འབེན་དང་འཐབ་ཇུས་ལས་འགན་འགྲུབ་པར་དམ་དུ་འབྲེལ་ཞིང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཞིབ་ཕྲ་དང་ལག་བསྟར་ཞིབ་ཚགས་བྱེད་པ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོང་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཇུས་འདོན་སྲིད་ཕན་གྱི་“སྲིད་གྲོས་བྱ་སྤྱོད”སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱ་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་ཨང་དང་པོར་བཟུང་ནས་དམངས་ཀྱི་གནས་ཚུལ་ལ་དོ་ཁུར་དང་། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་ཀྱི་དཀའ་ངལ་བསལ་དགོས། མཐུན་སྒྲིལ་དང་དམངས་གཙོ་ཡིས་གཙོ་དོན་དང་པོ་བྱས་ཏེ། ཇུས་འདོན་སྲིད་ཕན་དང་ངོས་འཛིན་གཅིག་མཐུན་ཡོང་བར་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་ཏེ། ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་ལ་ཕྱོགས་པའི་ངོས་འཛིན་གཅིག་མཐུན་ཁྱབ་སྤེལ་ཧུར་ཐག་བྱེད་པའི་འབྲེལ་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ། ཡིད་ཆེས་བརྟན་དུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། སེམས་པ་གཅིག་མཐུན་ཡོང་བ་བའི་ལས་དོན་མང་ཙམ་བསྒྲུབ་དགོས། བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་སྒུལ་ཤུགས་ཨང་དང་པོར་བརྩིས་ནས་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་རྒྱག་པ་དང་། སློབ་སྦྱོང་ལ་བརྟེན་ནས་བྱང་ཚད་མཐོར་འདེགས་ཤིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་ངོས་ཀྱི་འཇོན་ཐང་དང་ཡོན་ཏན་ཆེན་པོ་དེ་རང་འགན་གཙང་སྒྲུབ་ཀྱི་ཕན་འབྲས་དངོས་ལ་བསྒྱུར་ཏེ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་རྩོམ་པའི་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།།


ཐུབ་ཀྱིས་བསྒྱུར་ནས་ཞུས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།
  • ལེ་ཚན་རྗེས་མ།:དམངས་ཆེན་འཐུས་མི་བཞི་ཡིས་གསར་འགོད་པའི་དྲི་བར་ལན་བཏབ།
  • དོ་སྣང་ཆེ་བའི་རྩོམ།