ཁུལ་མགོ་ཁྲིད་ཚོས་ཁུལ་སྐྱོར་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་།

ནོར་བུས་བསྒྱུར།        2023-01-11

   ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དར་མདོ་ན་ཡོད་པའི་ཀྲུང་དབྱང་པུའུ་ཨུ་དང་། ཀྲེ་ཅང་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་ཚོར་འཚམས་འདྲི་གནང་བ་དང་། ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁོང་ཚོའི་སློབ་སྦྱོང་དང་ལས་དོན། འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཁོང་ཚོའི་ཁ་གཏད་རོགས་སྐྱོར་ལས་དོན་དང་། དེ་བཞིན་དཀར་མཛེས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་སོགས་ཀྱི་སྐོར་ནས་བཏོན་པའི་བསམ་འཆར་ལ་ནན་ཏན་ངང་གསན་འཇོག་གནང་བ་རེད།

ཁུལ་མགོ་ཁྲིད་ཚོས་ཁུལ་སྐྱོར་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་།

   ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་འདས་ཟིན་པའི་ལོ་གཅིག་རིང་རང་ཁུལ་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཕུལ་བའི་བྱས་རྗེས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གཉིས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁ་གཏད་རོགས་སྐྱོར་ས་ཁུལ(སྡེ་ཚན)དང་། རང་ཁུལ་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣ། དེ་བཞིན་ཁོང་ཚོའི་ཁྱིམ་མི་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ལོ་སར་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

   ཁུལ་གྱི་མགོ་ཁྲིད་ཧྲི་ཀང་དང་། ཏེང་ལི་ཅུན། ཡིའུ་ཞང་ཧྥེ། མ་ཁྲང་ཞིན། ཅིན་ཝུའུ་བཅས་དང་། རང་ཁུལ་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་རྣམས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་ཆེད་མཁས་པའི་ཇ་སྟོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྫོང3རྒྱལ་ཡོངས་ཀྱི་རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་ཚད་དུ་སླེབས་པའི་རྫོང་དུ་འོས་སྦྱོར་བྱ་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10