སྐལ་ཐུབ་ཀྱིས་བྲིས། 2023-01-09
ཧྲེན་དབྱང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་རྟའུ་འཐུས་མི་ཚོགས་པའི་གྲོས་ཞིབ་བྱེད་སའི་ནང་ཞུགས་སྐབས།
སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་རྟའུ་འཐུས་མི་ཚོགས་པའི་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་ལས་དོན་གྱི་སྙན་སེང་ལ་གྲོས་ཞིབ་གནང་བ་དང་། འཆར་གཞིའི་སྙན་སེང་དང་སྔོན་རྩིས་སྙན་སེང་ལ་ཞིབ་བཤེར་གནང་བ་རེད། ཁོང་གིས་རྟའུ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བཏང་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་ཅིང་། འབད་འབུངས་ཡར་བརྩོན་གྱི་འཕེལ་ཕྱོགས་སྲུང་ཞིང་ཁྱད་འཕགས་ཐོན་ཁུངས་ཡག་པོ་སྤྱད་དེཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འཐབ་ཇུས་ཀྱི་ས་མཐིལ་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྲོས་ཞིབ་བྱེད་སའི་ནང་ཞུགས་ཡོད་པ་རེད།
རྟའུ་ཡི་འཐུས་མི་ཚོགས་པས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཤིང་། འཐུས་མི་ཧྲུའུ་ཏ་ཁྲུན་དང་ལིན་ཏུང་ཧྲེང། ཝང་ཆིན་ཧྭ། དབྱི་ཅན། གྲགས་པ་བཅས་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་འཛུགས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་གཏོང་བ་སོགས་ཀྱི་ཐད་ཐབས་འདོན་ཇུས་འདོན་བྱས་པ་རེད། ཧྲེན་དབྱང་གིས་གནད་དོན་ཞིབ་ཕྲ་ཐད་ཚང་མ་དང་སྤེལ་རེས་དང་གྲོས་བསྡུར་ཡང་ཡང་གནང་།
ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཧྲེན་དབྱང་གིས་ སྲིད་གཞུང་གི་ལས་དོན་སྙན་སེང་ལ་རྦད་དེ་མོས་མཐུན་ཡོད་པ་དང་རྟའུ་རྫོང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་རྟའུ་རྫོང་ནི་དཀར་མཛེས་ཁུལ་གྱི་ཤར་རྒྱུད་དང་བྱང་རྒྱུད་སྦྲེལ་པའི་ས་མཐིལ་དང་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་ཡིན་པ་དང་། ལྷག་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་ཁུར་ཡོད་པས། རྟའུ་ཡི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བོད་བརྟན་ཁམས་བདེའི་འཐབ་ཇུས་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འདས་པའི་ལོ་གཅིག་རིང་། རྟའུ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཨུའི་བོད་འབྲེལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་ཅིང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ནས། དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ལེགས་ཕྱོགས་སུ་འཕེལ་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ། སྐྱེ་ཁམས་ཀྱི་རྨང་གཞི་དེ་བས་མངོན་གསལ་དོད་པ། ལས་བྱེད་པ་དང་མང་ཚོགས་འབད་འབུངས་ཡར་བརྩོན་ཡིན་པའི་རྣམ་པ་བཟང་པོ་ཐོན་ཡོད། ཁུལ་ཨུས་རྟའུ་རྫོང་གི་འཕེལ་རྒྱས་ལ་རེ་བ་ཟབ་མོ་བཅོལ་ཡོད་པས་རྟའུ་རྫོང་གིས་ངར་སེམས་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་སླར་ཡང་གྲུབ་འབྲས་བཟང་པོ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད།
ཧྲེན་དབྱང་གིས་ནན་གསུང་གནང་དོན། “གཏན་འཁེལ་གཉིས་” ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་དགོས་ཤིང་། “སྲུང་སྐྱོང་གཉིས་”ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་ཆབ་སྲིད་ཀྱི་རྩ་བའི་བླང་བྱར་བརྩིས་པ་དང་། སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱི་ཡོངས་སུ་ལངས་ནས་ལས་དོན་ཇུས་འགོད་དང་སྐུལ་འདེད་བྱ་དགོས། སི་ཁྲོན་དར་རྒྱས་བཅོས་སྐྱོང་གི“སྤྱིའི་སྣེ་ཁྲིད་དང་། སྤྱིའི་གཞི་འཛིན་ས། སྤྱིའི་བསམ་ཕྱོགས”བཅས་ལ་དམ་པོར་དམིགས་ཤིང་། དུས་རབས་ཀྱི་ལས་འགན་ཆེན་པོ་དྲུག་ཕྲག་ཐོག་ཏུ་ཁུར་ཅིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་ཧུར་ཐག་ཞུགས་ཤིང་། ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་རྟའུ་རྫོང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏང་དགོས། ནུས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་ཅིང་། འགོ་འཛུགས་པ་ནི་མཇུག་འཐབ་རང་ཡིན་པ་དང་། འགོ་འཛུགས་པ་ནི་རྟིང་མཆོང་རང་ཡིན་པའི་འདུ་ཤེས་བརྟན་པོར་འཆང་ཞིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་པ། འཐབ་ཇུས་གལ་ཆེན་གཅིག་ཐོག་གཅིག་བརྩེགས་པ་དང་། སྲིད་ཇུས་གལ་ཆེན་འདོན་ཤུགས་ཆེ་བ། བཀོད་བབ་གལ་ཆེན་ལེགས་སུ་གཏོང་བ། ལས་གཞི་གལ་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ་སོགས་ཀྱི་དུས་སྐབས་བཟང་པོ་དམ་དུ་བཟུང་ནས། ནུས་ཁུངས་གཙང་མའི་རྟེན་གཞི་དང་།“གཙང་གསུམ་རྒྱུད་དྲུག”གི་དེང་རབས་ཞིང་ལས་ཐོན་ལས་ཁུལ། འབྲི་གཡག་ཐོན་ལས་ཚོགས་པ་གང་མགྱོགས་བཙུགས་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་ཞིང་།
དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་བྱང་རྒྱུད་སྡེ་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དཔེ་མཚོན་གསར་པ་ཧུར་ཐག་གཏོད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱས་ནས། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐིལ་ཚད་སྲུང་ཐུབ་པ་དང་། ཡུལ་སྡེ་འཕེལ་རྒྱས་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཞིང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་མེད་པ་བཟོ་བ་དང་སློབ་གསོ་དང་། སྨན་བཅོས། སྐྱོབ་རོགས། ལས་ཞུགས་སོགས་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། བགོ་བཤའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཞིང་། དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་བཏང་ནས། མཉམ་དུ་ཕྱུག་པོར་ཆགས་པར་སྐུལ་འདེད་གཏང་དགོས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། མཐིལ་ཚད་ཀྱི་བསམ་གཞིག་བཅང་བ་དང་། རྒྱུད་རིམ་ལྡན་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་ཞིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་གསར་འཛུགས་མུ་མཐུད་དེ་ཟབ་ཏུ་སྤེལ་ཅིང་། དགྲར་འཛིན་སྟོབས་ཤུགས་ཀྱི་སིམ་འཛུལ་གཏོར་བཤིག་དང་ཁ་ཕྲལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཤིང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་དབང་དང་ལམ་ལུགས། འདུ་ཤེས་འཛིན་སྟངས། དྲ་བ་བཅས་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།
ཧྲེན་དབྱང་གིས་ནན་གསུང་གནང་དོན། མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འགག་རྩ་ཏང་དང་མི་ལ་ཐུག་ཡོད། དུས་རབས་གསར་པའི་ཏང་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་པ་རྒྱུན་འཁྱོངས་ཏེ་སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་རྒྱུན་འཁྱོངས་པ། རིམ་པ་ཁག་གི་མགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲུག་བྱས་ཏེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་སྐྱོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་རྒྱག་པ་དང་། སྤྱོད་བསྲང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་རྒྱུན་མཐུད་ཤུགས་རྒྱག་ཅིང་།“སྤྱོད་ཚུལ་བཞི”བཅོས་སྒྲིག་མུ་མཐུད་ཤུགས་ཆེན་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་འདོད་པ། རུལ་སུངས་བྱེད་མི་ཉན་པ་གཞི་གཅིག་ནས་སྐུལ་འདེད་གཏང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། བསམ་བློར་ངར་སྐུལ་དང་། རིགས་པའི་གཞུང་ལུགས་སྦྱོང་བརྡར། ཆབ་སྲིད་མྱོང་བརྡར། ལག་ལེན་སྦྱོང་བརྡར་བཅས་ལ་ཤུགས་རྒྱག་པ། ལས་བྱེད་པའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། དེ་བཞིན་ཉེན་ཁ་འགོག་ཟོན་དང་འདུམ་སེལ་གྱི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བའི་ རྣམ་པ་གསོན་ཉམས་ལྡན་པ་ཞིག་ཆགས་པར་བྱ་དགོས།
ཚོགས་འདུ་མ་འཚོག་གོང་ཧྲེན་དབྱང་ད་དུང་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདུག་སར་ཕེབས་ནས་ཚོགས་འདུར་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་འཚམས་འདྲི་དང་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་སྙིང་ཐག་པ་ནསས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁུལ་མི་དམངས་འཐུས་ཚོགས་དང་དེ་བཞིན་རང་འགན་གཙང་སྒྲུབ་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10