མཐུན་སྒྲིལ་གྱི་མེ་ཏོག་ཡུལ་གྲུ་ཀུན་ཏུ་བཞད།

ཡེ་མགོན་གྱིས་བསྒྱུར།        2023-01-09

རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྤེལ་བའི་དངོས་བྲིས།


དཀར་མཛེས་ཁུལ་ནི་གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་མི་རིགས་སོ་སོའི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བྱེད་སའི་ཡུལ་གྲུ་གལ་ཆེན་ཞིག་ཡིན་ཞིང་།བོད་རིགས་དང་རྒྱ་རིགས།དབྱིས་རིགས།ཧུའེ་རིགས།ཆའང་རིགས།འཇང་རིགས།སོག་རིགས་ལ་སོགས་པའི་མི་རིགས35ས་གནས་དེ་གར་ཁྱིམ་མཚེས་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ་མོ་ཆགས། མི་རིགས་སོ་སོའི་བུ་ཕྲུག་ཁྲི་100ལྷག་ཙམ་གྱིས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་དུ་སེམས་པ་གཅིག་མཐུན་བྱས་ནས་ཕུགས་འདུན་བརྟན་པོ་བཅངས་དང་འཆང་བཞིན་ཡོད་པ་རེད།

དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ཆགས་ཚུལ་འཛུགས་སྐྱོང་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་སོ་སོའི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་ རླབས་ཆེན་ཡོང་བར་ངེས་པར་དུ་མངོན་འགྱུར་བྱ་དགོས་པའི་རྩ་བའི་འགན་ལེན་རེད།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་ཡིས་གཙོ་གནད་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འདི་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱ་དགོས”ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་སེམས་སུ་བརྟན་པོར་བཅངས་ནས་རང་ཁུལ་གྱིས་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོའི་ཐད་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཏང་གི་འགོ་ཁྲིད་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་མཐར།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་གྱིས་ འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཆབ་སྲིད་ཀྱི་འགན་ལེན་བྱས་པ་རེད།

2022ལོ་ནས་བཟུང་། རང་ཁུལ་གྱིས“བྱེད་པོ་གཅིག་རྒྱུན་འཁྱོངས།དཔེ་སྟོན་ཁུལ་གཉིས་གནས་ཡུལ་གསུམ་འཛུགས་སྐྱོང་།འགུལ་ཤུགས་ཆེན་པོ་བཞི་གསོ་སྐྱོང་།འཐབ་ཇུས་ཆེན་པོ་ལྔ་ལག་ལེན་བསྟར་བའི”སྤྱི་ཡོངས་ཀྱི་ལས་ཀའི་ཆགས་ཚུལ་ལ་དམ་པོ་དམིགས་ནས་ཚད་གཞི་མཐོན་པོའི་ཇུས་འགོད་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་འདི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་བཀོད་སྒྲིག་མཉམ་བྱེད།དོན་ཐོག་མཉམ་འཁྱོལ་བྱས་པ་རེད།

དེ་དང་ཆབས་ཅིག། འདེགས་སྐྱོར་བྱེད་ཡས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་དཀའ་གནད་སེལ་ཞིང་ཞན་ཆ་མེད་པ་བཟོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་བ་རེད། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྱོང་བའི” བརྗོད་དོན་གཙོ་བོ་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ལས་དོན་འདི་ལས་ཁུངས་དང་སྤྱི་ཁུལ།ཁེ་ལས།ཡུལ་གྲོང་།སློབ་གྲྭ།དགོན་པ།དམག་སྒར།མི་མང་འཛོམ་ས་བཅས་སུ“སྤེལ་བ་བརྒྱད”ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་དེ་རྒྱལ་དམངས་སློབ་གསོ་དང་ལས་བྱེད་པར་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་བཞག་པ་རེད།

གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ“ཏང་གི་དྲིན་གཟོ།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་དགོན་པའི་གྲྭ་བཙུན་ཁྲོད“རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན”གྱི་སློབ་གསོའི་བྱེད་སྒོ་སྤེལ་ནས་ལོ་རྒྱུས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ།རྒྱལ་ཁབ་ཀྱི་ལྟ་བ།རིག་གནས་ཀྱི་ལྟ་བ།ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཆང་རྒྱུར་ཁྲིད་སྟོན་བྱས་དང་བྱེད་བཞིན་ཡོད་པ་རེད། གཞི་རིམ་གྱི་ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

མཐུན་སྒྲིལ་ཡར་བརྩོན་བྱས་ནས་འཆམ་མཐུན་བསྐྱངས།

ཐུན་མོང་དུ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་འཛུགས་སྐྱོང་བྱས།

“ཁྱེད་ཀྱིས་ལྟོས་དང་། འདི་ནི་ཇག་གདོང་སྨད་པའི་གྲོང་སྡེའི་མི་སེར་གྱིས་མཛོ་མོ་གསོ་ཚགས་བྱེད་ས་ལས་གཞིའི་པར་རིས་རེད། སྔོན་ཆད་འཐུང་ཆུ་ཚང་མ་མིས་འཁུར་དང་ཕྱུགས་ཟོག་ལ་འགེལ་དགོས་པས་འཚོ་བ་ཧ་ཅང་དཀའ་མོ་ཡིན་ལེ་རེད” “ད་ཆ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་གཞུང་ལམ་སྒོ་ཁའི་བར་ཐར། འཐུང་ཆུ་དང་གློག་ཁྲིད་ནས་ཞིང་སྡེ་གསར་པ་འཛུགས་སྐྱོང་བྱེད་ཐུབ་ཡོད”ཅེས་གཞིས་མི་ཚོས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

སོ་ཕག་གིས་བརྩིགས་པའི་གཞིས་ཁྱིམ་སྡོད་ཁང་མཉམ་གཤིབ་ཏུ་ཡོད་པའི་ཁྲོད་དུ་སྙོམས་ཤིང་ཡངས་པའི་སྲང་ལམ་ནི་སྦྲེལ་ཐག་གི་རིགས་སུ་མཐུན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཁང་ཆུང་ཆུང་།འཆམ་མཐུན་མཉམ་དུ་གནས་པའི་མི་རིགས་ཁག་གི་མི་དམངས་ཀྱིས་ལི་ཐང་རྫོང་གི་དུད་སྟོང་བོད་ཀྱི་གྲོང་སྡེའི་མཛེས་ལྗོངས་ཁུལ་ནི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་སའི་སྟོན་གནས་སུ་གྱུར། ཁྲེང་ཏུའུ་ཆང་ལས་གྲོང་ཁྱེར་ནས་འོངས་པའི་ལྕམ་ལི་ལགས་ཀྱིས་ལོ་མང་པོར་ལི་ཐང་རྫོང་དུ་ཚོང་གཉེར་བྱས་ཤིང་། “ང་ལ་ཉིན་ལྟར་དུད་སྟོང་བོད་ཀྱི་གྲོང་སྡེའི་ནང་སྐོར་བར་འགྲོ་བའི་གོམས་གཤིས་ཆགས་ཡོད།འདི་གར་ལི་ཐང་རྫོང་གི་མ་ཉམས་སོར་གནས་ཀྱི་དམངས་སྲོལ་ཉམས་ལེན་བྱེད་ཆོག་པ་རེད”ཅེས་བཤད།

ལྕམ་ལི་ལགས་དང་འདྲ་བར་རྒྱལ་ཡོངས་ས་གནས་ཁག་ནས་དེ་གར་ཚོང་གཉེར་བྱེད་དུ་ཡོང་མཁན་ཚང་མ་ས་གནས་དེ་གའི་འཚོ་བའི་གོམས་སྲོལ་དང་འཚམ་མཐུན་བྱུང་ཡོད་ཅིང། ཇ་བསྲུབས་མ་འཐུང་རྒྱུ་དང་རྩམ་པ་བཟའ་དགའ་པོ་ཡོད་པར་མ་ཟད།ད་དུང་མི་རིགས་ཁག་གི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་ངོ་ཤེས་ཀྱིན་ཡོད་པ་རེད། ལྕམ་ལི་ལགས་ཀྱིས“ང་ཚོའི་མཛའ་གྲོགས་ནི་ཇ་བསྲུབས་མ་ནང་བཞིན་ཆུ་དང་འོ་མ་ལྟར་མཉམ་འདྲེས་བྱས་ནས་ཡོད”ཅེས་བཤད། རྟའུ་མི་ཚོས“ལུའེ་ཧྥུང་གསོན་པོ”ཞེས་བསྔགས་བརྗོད་བྱས་པའི་རབ་བརྟན་ཆུང་གིས་སྔོན་ཆད་རྒྱ་རིགས་མི་ཧྲེང་རྒན་ཁོག་ཁྲེན་ཡོན་ཏཱ་ལ་ལོ19རིང་ལ་ལྟ་རྟོག་བྱས་ཡོད། བགྲེས་སོང་ཁྲེན་ཡོན་ཏཱ་དགུང་ལོ99ལ་སོན་སྐབས་ཚེ་ལས་འདས་དུས་རབ་བརྟན་ཆུང་གིས་གཤིན་པོའི་ རྗེས་འཇུག་ཆོ་ག་ཚང་མ་བསྒྲུབས་ཡོད་པ་རེད།

ཐབས་མང་མཉམ་བླངས་བྱས་ནས་ཕྱུག་པོར་ཆགས།

མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བྱེད་པར་སྐུལ་སྤེལ་བྱས།

བརྒྱད་ཟིལ་རྫོང་ཧོ་པ་གྲོང་སྡེ་ཡིས་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག།དེ་བཞིན་དུ“བོད་རིགས་དང་དབྱིས་རིགས་རིག་གནས”ཀྱི་ཁྱད་ཆོས་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་སྤྲོ་སྐོར་ལྡུམ་ཁུལ།སྐྱེ་ཁམས་ཞིང་ལས་ཀྱི་སྤྲོ་སྐོར་ལྡུམ་ཁུལ།དེ་བཞིན་དུ་ཁྱད་ཆོས་ཞིང་ལས་ཉམས་ལེན་བྱ་ཡུལ་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཞིང་ལས་སྤྲོ་སྐོར་དང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཉམས་ལེན་སྤྲོ་སྐོར་འཛུགས་སྐྱོང་བྱས་ཏེ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནསའཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

དེ་དང་ཆབས་ཅིག། “‘སྣེ་ཁྲིད’སྔོན་དུ་བྱས།ནང་གནས་སྒུལ་ཤུགས་ངར་སློང་བྱས། ‘ལེགས་བཅོས’གཙིགས་སུ་བཟུང་ནས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས།‘དངོས་སྒྲུབ’གཙོ་གནད་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱས།‘མཛེས་ཉམས’རྩ་བར་བྱས་ནས་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་གཏོད་རྒྱུ”རྒྱུན་འཁྱོངས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བདེ་སྐྱིད་གླིང་ག”འཛུགས་སྐྱོང་བྱས་པ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་ལས་དོན་གསར་གཏོད་བྱ་རྒྱུ་འདི་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སེམས་གཅིག་མཐུན་གྱིས་གྲོང་སྡེ་འཛུགས་སྐྱོང་དང་།སེམས་གཅིག་མཐུན་གྱིས་ཐོན་ལས་གླིང་ཁུལ་གསོ་སྐྱོང་།དང་བླངས་ཞབས་ཞུ་རུ་ཁག་འཛུགས་པ།མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཚད་གཞི་མཐོ་བ་དང་།སྤུས་ཚད་མཐོ་བ།ལས་ཕྱོད་ཆེ་བ་བཅས་ཀྱི་དཔེ་སྟོན་འཛུགས་སྐྱོང་བྱས་པའི་ལས་དོན་སྤེལ་ནས་གྲོང་སྡེ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ད་ལོ་ནས་བཟུང་།རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་ཡིས་གཙོ་གནད་བྱ་རྒྱུ་རྒྱུན་འཁྱོངས་ཏེ་མཛེས་ལྗོངས་ས་ཁུལ་ལ་བརྟེན་ནས“མི་རིགས་མཐུན་སྒྲིལ་དང་།རིག་གནས་ཡུལ་སྐོར།ཡུལ་སྡེ་དར་རྒྱས་བཅས་ཟུང་དུ་འབྲེལ་བའི”ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད།རིག་གནས་ཀྱིས་དམངས་ལ་སྤྲོ་དགའ་སྟེར་བ། ཡུལ་སྐོར་གྱིས་དམངས་ལ་ཕན་པ་ཐོབ་པ་བཅས་བྱས་ནས་མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས་བྱས་པར་སྐུལ་སྤེལ་གཏང་རྒྱུ་རེད།། 

  • ལེ་ཚན་སྔོན་མ།:ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འཐབ་ཇུས་ཀྱི་ས་མཐིལ་ཧུར་ཐག་བསྐྲུན་དགོས།
  • ལེ་ཚན་རྗེས་མ།:འགྲན་འཐབ་ཀྱི་ཁོར་ཡུག་འཛུགས་སྐྱོང་བྱས་ནས་འགྲན་འཐབ་ཀྱི་སྒུལ་ཤུགས་བསྣན་ཏེ་འགྲན་འཐབ་ཀྱི་གྲུབ་རྐྱེན་འགན་སྲུང་བྱས་མཐར་འགྲན་འཐབ་ཀྱི་བཀག་རྒྱ་གཏོར་དགོས།
  • དོ་སྣང་ཆེ་བའི་རྩོམ།