ཆེད་བརྗོད།

        2023-01-05

ཆེད་བརྗོད།

ངར་སེམས་ཆེར་བསྐྱེད་འགན་འཁྲི་ཕྲག་ཏུ་འཁུར།།

མདུན་སྐྱོད་ཞུམ་མེད་ལེའུ་གསར་པ་རྩོམ།།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོག་པར་རྟེན་འབྲེལ་ཞུ།


ལམ་ལུགས་ཀྱི་དགེ་མཚན་བསླངས་ནས་འབད་འཐབ་ཀྱི་སྟོབས་ཤུགས་རླབས་པོ་ཆེ་གོང་བུར་འགྲིལ་བར་བྱ་དགོས། 

ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ཆེན་པོའི་ཁྲོད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོག་འགོ་བཙུགས་པ་རེད། ད་རེས་ཀྱི་ཚོགས་ཆེན་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་སྐབས་གལ་ཆེན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱེད་པའི་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། ཁུལ་ཡོངས་ཀྱི་འཐབ་ཕྱོགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི280ལྷག་གིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་ཁུར་ནས་རྒྱང་སྐྱོད་ལམ་བུ་གསར་པར་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་དུས་རབས་གསར་པའི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད་པ་རེད། ང་ཚོས་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། 

དཀའ་ཚེགས་ཆེ་ན་དཔའ་བློ་མངོན།། དཀའ་སྤྱད་བྱས་ན་འབྲས་བཟང་སྨིན།། 2022ལོ་ནི་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ལག་ལེན་བསྟར་འགོ་བཙུགས་པའི་ལོ་ཞིག་རེད། ཁུལ་ཨུའི་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་དང་། ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ཀྱི་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བཞག་ནས་ཇུས་འགོད་དང་སྐུལ་འདེད་བྱས་ཤིང་། མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ལས་དོན་གྱི་རྩ་བའི་བླང་བྱར་བརྩིས་པ་དང་། གསར་གཏོད་འཕེལ་རྒྱས་གཏོང་བ་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་བརྩིས་ཤིང་། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་རྩ་བའི་གཞི་འཛིན་སར་བརྩིས་ཡོད། འཐུས་མི་ཡོངས་ཀྱི་མཉམ་དུ་འབད་བརྩོན་འོག་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དངོས་སྒྲུབ་གསར་གཏོད་ཀྱིས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐུབ་པ་འགན་ལེན་ནུས་ལྡན་བྱས་ནས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་ལ་ཕབ་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་པར་བསྒྲུབས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་ཡོད། 

འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་ཤིང་། ལག་ལེན་གྱི་ཉམས་མྱོང་ཧ་ཅང་རྩ་ཆེན་ཡིན། 2022ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཡོད། དེ་ལོར་ཁུལ་ཨུས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་འཚོགས་ནས་དུས་རབས་གསར་པར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ལག་བསྟར་བསམ་འཆར་བཏོན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ཁྲོད་ཀྱི་གནད་དོན་གལ་ཆེན་དང་བྱ་བ་གལ་ཆེན་ཐག་གཅོད་བྱ་ཆེད་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་དར་ཆ་གསལ་སྒྲེང་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ ཆབ་སྲིད་ཀྱི་རྩ་དོན་ཆེས་མཐོན་པོ་འདི་ལག་ལེན་མཐར་བསྟར་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་གྱིས་ལག་ལེན་བསྟར་ཅིང་། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་བཅའ་ཁྲིམས། ཁྲིམས་སྲོལ་དངོས་སུ་ལག་བསྟར་ཐུབ་པ་དང་། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་སྟེ། རྒྱུན་ཆད་མེད་པར་ལམ་ལུགས་ཀྱི་དགེ་མཚན་སྔར་ལས་ལྷག་པར་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་པ་ལག་ལེན་གྱིས་ང་ཚོར་ངོ་སྤྲོད་བྱས་ཡོད།

    དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་ཕོད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་གཞག་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་ལ་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་བ་དང་འཐབ་ཇུས་ཀྱི་བཀོད་སྒྲིག་གཏན་ལ་ཕབ་ཡོད་ཅིང་། དེ་ནི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་སྤྱི་ཚོགས་རིང་ལུགས་ དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པར་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཤིང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་ཤུགས་ཆེན་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བཀོད་སྒྲིག་གལ་ཆེན་བྱས་ཏེ་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་མྱུར་བསྐྲུན་རྒྱུའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་དེ་བས་ལྕི་བ་དང་གཟི་བརྗིད་དེ་བས་ཆེ་བའི་འགན་འཁྲི་འཁུར་ཡོད། ང་ཚོས་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་ཆེས་རྒྱ་ཁྱབ་དང་། ཆེས་བདེན་པ། ཆེས་སྤྱོད་གོ་ཆོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ལག་ལེན་བསྟར་ཏེ་བློ་རིག་དང་སྤྲོ་སེམས་ཆེན་པོས་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

   ངར་སེམས་ཆེར་བསྐྱེད་འགན་འཁྲི་ཕྲག་ཏུ་འཁུར།།  མདུན་སྐྱོད་ཞུམ་མེད་ལེའུ་གསར་པ་རྩོམ།། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ནས་མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་དཀར་མཛེས་ཁུལ་གྱི་ལེའུ་ཞིག་བརྩམ་དགོས། 

ཚོགས་ཆེན་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་པར་འགྲུབ་པའི་སྨོན་འདུན་ཞུ།



དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་བྲིས། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་སྐབས14པའི་ཀྲུའུ་ཞི་ཚོཊ་འདུ་ཐེངས9པའི་ཚོཊ་འདུ་དང་པོ།
  • ལེ་ཚན་རྗེས་མ།:ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས2པ་གྲོལ།
  • དོ་སྣང་ཆེ་བའི་རྩོམ།