ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

        2023-01-06

 སྤྱི་ཟླ་དང་པོའི་ཚེས4ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་རྩེ་མདོར་གྲོལ་བ་རེད།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།



ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ཁུལ་སྲིད་གྲོས་ཀྲུའུ་ཞི་ལེ་ཅན་ཕིང་། ཀྲུའུ་ཞི་གཞོན་པ་དབྱང་ཆིང་ཧྭ་དང་རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅན། ཚེ་རིང་དབང་མོ། ཆུས་མེ། ལུའོ་ལིན། ལིའུ་ཧུང་། དྲུང་ཡིག་ཆེན་མོ་ཞེ་ཏཱ་ཆོན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་མཇུག་སྒྲིལ་ཚོགས་ཆེན་དུ་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་ཆེན་དུ་ཕེབས་ནས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     མཇུག་སྒྲིལ་ཚོགས་འདུར《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད》དང་།《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སེང》ལ་གྲོས་འཆམ་བྱུང་བ་རེད།

ཧྲེན་དབྱང་གི་གསུང་བཤད་གནང་སྐབས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཚབ་ཞུས་ནས་ཚོགས་ཆེན་ལེགས་འགྲུབ་བྱུང་བ་དང་གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། སྲིད་གྲོས་ཨུ་ཡོན་དང་ཚོགས་འདུར་ཞུགས་པའི་བློ་མཐུན་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འདས་མ་ཐག་པའི2022ལོ་ནི་དཀར་མཛེས་ཁུལ་གྱི་དཀའ་ཁག་ཆེ་ལ་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་འགོ་ཁྲིད་འོག། ཏང་ཀྲུང་དབྱང་གི”རིམས་ནད་འགོག་པ་དང་དཔལ་འབྱོར་བརྟན་ལྷིང་།ཉེན་མེད་འཕེལ་རྒྱས “བཅས་ཀྱི་བླང་བྱ་གལ་ཆེན་གཞིར་བཟུང་བ་དང་། ཞིང་ཨུའི”ཆབ་སྲིད་ལ་དང་དོད་དང་འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་འདོགས་པ། ཉེན་མེད་འགན་ལེན “བཅས་ཀྱི་ལས་ཀ་སྤྱིའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་དུས་རབས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ་སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་བཅོས། སྐྱེ་ཁམས་རྒྱུན་མཐུད་ལེགས་ཕྱིན་གྱི་རྣམ་པ་བཟང་པོ་སྲུང་འཛིན་ཐུབ་ཡོད་ཅེས་གསུངས།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ། 

     ཧྲེན་དབྱང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱ་དགོས།  མི་དམངས་སྲིད་གྲོས་ཀྱིས་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དེ་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་ཞིག་ཏུ་བརྩི་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྣམ་ཤེས་གོང་བུར་འགྲིལ་བར་བྱ་རྒྱུ་རྒྱུན་འཁྱོངས་ཤིང་།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དོན་འཁྱོལ་ཤུགས་ཆེན་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མ་ཆད་པར་ཆེ་རུ་གཏོང་བ་དང་། ”གཏན་འཁེལ་གཉིས“ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་ཟབ་མོ་ལེན་པ་དང“འདུ་ཤེས་བཞི“དང”གདེང་ཚོད་བཞི“རྒྱུན་འཁྱོངས།”སྲུང་སྐྱོང་གཉིས“སྒྲུབ་ཐུབ་པ་བྱས་ནས་རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཚད་མཐོན་པོ་ཡོང་བར་སྲུང་འཛིན་བྱ་དགོས།ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ཧྲེན་དབྱང་གིས་ནན་གསུང་གནང་དོན།  ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་ནས་རང་འགུལ་ངང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། མི་དམངས་སྲིད་གྲོས་ཀྱིས་ཁུལ་ཨུའི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་བ གལ་ཆེན་ལ་དམིགས་ནས། གཅིག་སྡུད་ཐོག་སྲིད་དོན་བགྲོ་གླེང་དང་ལྟ་སྐུལ་ལ་ཤུགས་སྣོན། དོན་འཁྱོལ་ལ་སྐུལ་འདེད་གཏང་དགོས།ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ཧྲེན་དབྱང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ནས་ཐུན་མོང་ཐོག་ཕྱུག་འབྱོར་ཡོང་ཆེད་ཐབས་དང་ནུས་ཤུགས་འདོན་གང་ཐུབ་བྱ་དགོས། མི་དམངས་སྲིད་གྲོས་ཀྱིས་དམངས་ཀྱི་དོན་དུ་འགན་ནུས་བསྒྲུབ་རྒྱུ་རྒྱུན་འཁྱོངས་ན་གཞི་ནས་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་ཐུབ་པ་དང་། གཞི་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་དམིགས་བསལ་གྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་མངོན་ཐུབ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གཙོ་བོར་འཛིན་པའི་འགན་འཁྲི་སྒྲུབ་པའི་འདུ་ཤེས་དང་འཕེལ་རྒྱས་ཀྱི་བསམ་བློར་བརྩི་སྲུང་། དམངས་ལ་བརྩེ་སེམས་འཆང་བ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཡར་རྒྱས་འགྲོ་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པར་བསྐོང་རྒྱུ་དེ་ང་ཚོའི་རིན་ཐང་དོན་གཉེར་དང་འབད་འཐབ་དམིགས་འབེན་དུ་བརྩི་དགོས། མི་དམངས་ཀྱིས་ཁས་ལེན་པ་དེ་ལས་དོན་ཚད་འཇལ་གྱི་ཚད་གཞི་གལ་ཆེན་དང་བླང་བྱ་མཐོ་ཤོས་སུ་བརྩི་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་རེ་འདུན་སྐོང་བ་དང་དམངས་དོན་དུ་འགན་ནུས་སྒྲུབ་རིང་སྲིད་གྲོས་ཀྱི”མི་དམངས་རང་བཞིན“མངོན་པར་བྱེད་པ་དང་མི་སེར་གྱི་སེམས་ནང་གི་སྐད་ཆ་ལ་ཉན་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་སེར་གྱི”ཉེ་འགྲམ་གྱི་བྱ་བར“རྒྱུས་མངའ་ལོན་པ།  དམངས་འཚོར་བརྩེ་སེམས་འཆང་བའི”བསམ་བཟང་ཅན“བྱེད་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི”མགྲིན་ཚབ་པ“བྱ་དགོས། ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དམངས་འཚོའི་དཀའ་གནད་སེལ་བ་དང་དམངས་འཚོར་བདེ་སྐྱིད་བསྐྲུན་པ། མི་བརྒྱ་སེམས་གཅིག་གི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་གིས་གཏོད་པ་བཅས་བྱ་དགོས།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ཧྲེན་དབྱང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་དམངས་གཙོ་དང་མཐུན་སྒྲིལ་གྱི་གཙོ་དོན་རྒྱུན་འཁྱོངས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏང་དགོས།  དམངས་གཙོ་དང་མཐུན་སྒྲིལ་ནི་སྲིད་གྲོས་ཀྱི་བརྗོད་དོན་གཙོ་བོ་གཉིས་ཡིན་པ་དང་སྲིད་གྲོས་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་ངོ་བོའི་བླང་བྱ་དང་མཚོན་རྟགས་ཀྱི་ཁྱད་ཆོས་རེད།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་ཡིན་ཡིན་པའི་ཆ་ནས། སྲིད་གྲོས་ཀྱིས་མི་སེམས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་རྒྱ་ཁྱབ་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་གོང་བུར་འགྲིལ་བ་དེ་འགན་འཁྲི་སྒྲུབ་པའི་ལྟེ་གནད་དུ་འཛིན་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏང་རྒྱུ་ཕན་ཚུན་འབྲེལ་མཐུད་ཡོང་བ་རྒྱུན་འཁྱོངས། ལས་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་གྲོས་མོལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་གྲོས་མོལ་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་འཆར་འདོན་པ་དང་མང་ཚོགས་ཀྱི་བློ་གྲོས་བསྡུ་བ། ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པ་དང་། ཕྱོགས་གཉིས་སུ་ཤུགས་རྒྱག་པའི་བརྒྱུད་རིམ་ཁྲོད་ཕྱོགས་སོ་སོའི་སྟོབས་ཤུགས་དེ་ཁུལ་ཨུའི་ལས་དོན་གཙོ་གནད་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་སྡུད་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་དཔྱད་གཞི་དང་རྒྱབ་སྐྱོར་ཧུར་ཐག་བྱས་ནས་མཐུན་ཆ་ཆེ་ཤོས་མངོན་དུ་འགྱུར་བར་བྱ་དགོས།ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ཧྲེན་དབྱང་གིས་ནན་གསུང་གནང་དོན།  ཐོག་མཐའ་བར་གསུམ་དུ་རང་ངོས་འཛུགས་སྐྱོང་རྒྱུན་འཁྱོངས་ནས་རང་འགན་གཙང་སྒྲུབ་ཀྱི་དྲང་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས། སྲིད་གྲོས་ཨུ་ཡོན་ནི་སྲིད་གྲོས་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། སྲིད་གྲོས་ཀྱི་དགེ་མཚན་དང་མི་མངོན་པའི་སྟོབས་ཤུགས། སྐྱེ་སྟོབས་བཅས་ཨུ་ཡོན་ལ་རག་ལས་ཡོད།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྲིད་གྲོས་ཤེས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིལ་ལམ་ལ་སྣང་ཆེན། གཤིས་སྤྱོད་ལ་མཐོང་ཆེན“བཅས་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། དེ་བཞིན་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་བརྟག་དཔྱད་ཞིབ་འཇུག་ནུས་པ། མང་ཚོགས་དང་འབྲེལ་གཏུག་ནུས་པ། མཉམ་ལས་མཉམ་སྒྲུབ་ནུས་པ་བཅས”ནུས་པ་བཞིའི“བླང་བྱ་ཆེ་རུ་གཏོང་བ། སྲིད་གྲོས་ཨུ་ཡོན(ལས་བྱེད་པ)གྱི་དཔུང་ཁག་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཨུ་ཡོན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཇོན་ནུས་མི་འདང་བ་དང་འཇོན་ནུས་དངངས་འཚབ་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་དགོས། ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་རྫོང(གྲོང་ཁྱེར)ཁག་གི་སྲིད་གྲོས་ཀྲུའུ་ཞིས་ལོ་ལྟར་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ལྷན་ལ་ཡིག་ཐོག་ནས་འགན་འཁྲི་བསྒྲུབས་པའི་སྙན་སེང་དང”ཨུ་ཡོན་གྱིས་ལས་བྱ་འདོན་སྤྲོད་བྱེད་པའི“གསར་གཏོད་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།  རིམ་པ་ཁག་གི་སྲིད་གྲོས་དང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་དེ་བཞིན་ཆེད་དོན་ཨུ་ལྷན་ཁག་གིས་ཟླ་དང་དུས་ཚིགས། ལོ་ལྟར་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གྱི་ཆ་འཕྲིན་གོང་ཞུ་དང་། སྲིད་དོན་བསྒྲུབས་འབྲས་དང་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་སྙན་སེང་ཞུས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ནུས་པ་དང་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་སྲིད་གྲོས་ཀྱི་ལས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཚན་རིག་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏང་དགོས།ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     ལེ་ཅིན་ཕིང་གིས་གཙོ་སྐྱོང་གསུང་བཤད་ནང་བསྟན་དོན། ང་ཚོས་ཆབ་སྲིད་ཀྱི་ཚུགས་ཤུགས་སྔར་བས་ཆེ་རུ་བཏང་ནས་ཏང་གི་འགོ་ཁྲིད་རྩ་དོན་ཨང་དང་པོར་བྱས་ཏེ་ཁ་ཕྱོགས་བརྟན་དུ་གཏོང་བའི་ཁྲོད“སྲིད་གྲོས་ཀྱི་ལངས་ཕྱོགས”བརྟན་པོ་འཛུགས་དགོས།  མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་ཡིན་པས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་རྩ་དོན་བརྟན་སྲུང་། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན། ཆབ་སྲིད་ཀྱི་བརྟན་ཤུགས་ཆེར་གཏོང་བཅས་བྱ་དགོས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཇེ་དྲག་དང“གདེང་ཚོད་བཞི”ཇེ་བརྟན་དུ་བཏང་ནས་རང་རྟོགས་ངང“གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”ཡིད་ལ་བརྟན་པོར་ངེས་པ་བྱས་ནས་བྱ་སྤྱོད་ཀྱི་ཐོག་ནས་དོན་འཁྱོལ་ཡོང་བར་བྱ་དགོས། ང་ཚོས་སྲིད་དོན་ལ་ཇུས་འདོན་བྱ་རྒྱུ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རིང“སྲིད་གྲོས་ཀྱི་སྤྱོད་པ”མངོན་པར་བྱ་དགོས།  གཙོ་གནད་ལས་དོན་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་རྩ་དོན་གལ་ཆེན་ཞིག་ཡིན། ང་ཚོས་མི་དམངས་ནི་བླ་ན་མེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་ཨང་དང་པོར་འཛིན་པ། མི་དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་པ་བཅས་ཀྱི་ཁྲོད་དུ“སྲིད་གྲོས་ཀྱི་མཛའ་བརྩེ”མངོན་པར་བྱ་དགོས། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྙེག་དང་བསྟུན་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ཕྱོགས་དང་རིན་ཐང་བརྩོན་ལེན་བྱེད་ཕྱོགས་ཡིན། ང་ཚོས་བསམ་བློའི་ཁྲིད་སྟོན་སྔར་བས་རྒྱུན་འཁྱོངས་ཏེ་དམངས་གཙོ་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་ནས་སེམས་ནུས་གཅིག་ཏུ་འདུས་པའི་ཁྲོད“སྲིད་གྲོས་ཀྱི་སྟོབས་ཤུགས”མངོན་པར་བྱ་དགོས། “དོན་འཁྱོལ་ཡོང་བ་དང་གོང་བུར་འགྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུ་ནི་དུས་རབས་གསར་པས་སྲིད་གྲོས་ལ་དཀྲིས་པའི་འདོར་ཐབས་མེད་པའི་ལས་འགན་གལ་ཆེན་ཞིག་རེད། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ལྟེ་བའི་གནས་ཐུག་སར་བརྩིས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས། ང་ཚོས་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་རྒྱག་པ་དང་བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་སྒུལ་ཤུགས་ཨང་དང་པོར་བརྩིས་ནས་འབད་འབུངས་ཡར་བརྩོན་གྱི་ཁྲོད་ནས“སྲིད་གྲོས་ཀྱི་གཟུགས་བརྙན”གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་གཅིག་སྒྲིམ། འཇོན་ཐང་ཡོད་རྒུ་འདོན་པ་བཅས་བྱས་ནས་ནམ་ཡང་ལྷོད་གཡེང་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པ། དངོས་ཐོག་བདེན་འཚོལ་གྱི་འགན་འཁྲི་སྒྲུབ་པའི་རྒྱུན་རྣམ་བཅས་ཀྱི་སྒོ་ནས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།

     མཇུག་སྒྲིལ་ཚོགས་ཆེན་དུ་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་མི་དམངས་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་སྡོད་ཉེན་རྟོག་དྲག་དཔུང་། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ཁུལ་ལས་རིགས་སློབ་གླིང་། ཀྲེ་ཅང་ཞིང་ཆེན་དཀར་མཛེས་རོགས་སྐྱོར་ལས་དོན་རུ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དར་མདོ་རུ་ཡོད་པའི་ཁུལ་སྲིད་གྲོས་ཀྱི་ལས་འཁྱུར་མགོ་ཁྲིད་རྒན་གྲས་བཅས་གདན་ཞུས་ལྟར་འགོ་ཚུགས་ཚོགས་ཆེན་ལ་ཞུགས། དར་མདོར་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་རྫོང(གྲོང་ཁྱེར)ཁག་སོ་སོའི་རྫོང་ཨུའི་ཧྲུའུ་ཅི། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། ཁུལ་སྲིད་གྲོས་ཀྱི་དྲུང་ཆེན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཆེད་འགན་ཨུ་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།
ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།


ངེད་གསར་འགོད་པ་ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས2པ་གྲོལ།
  • ལེ་ཚན་རྗེས་མ།:ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།