ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

        2023-01-06

     སྤྱི་ཟླ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་འཐུས་མི་ཚོས་མུ་མཐུད་ནས་ཚོགས་པ་ཁག་བགོས་ཏེ་གྲོས་བསྡུར་བྱས་ནས་རང་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་རྣམ་པ་གསར་པ་གཏོད་པར་ཐབས་འདོན་ཇུས་འདོན་བྱས་པ་རེད། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པས་གྲོས་ཞིབ་བྱེད་སའི་ནང་ཞུགས་སྐབས་བསྟན་དོན། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ནི་རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་ གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་ལག་ལེན་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད།ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

     ཧྲུའུ་ཏ་ཁྲུན་གྱིས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སེང་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་རྦད་དེ་བློ་ལ་འཐད་པ་ཡིན། ཁོང་གིས་སྲིད་གཞུང་ལས་དོན་སྙན་སེང་གི་བརྗོད་དོན་གཙོ་བོ་གསལ་ལ་བསམ་ཕྱོགས་གསལ་པོ་ཡིན་པ། ཚིག་འབྲུ་དོན་ལ་གནས་པ། གྲངས་གཞི་ཞིབ་ཅིང་ཚགས་པ།དམིགས་འབེན་གསལ་པོ་ཡིན་ལ་བྱེད་ཐབས་ནུས་ལྡན་ཡིན་པར་བརྟེན། མི་རྣམས་ཚོས་ཉན་རྗེས་སྐུལ་ལྕག་ཆེན་པོ་ཐེབས་ཤིང་བློ་སྟོབས་ཆེར་སྐྱེད་བྱུང་བ་ཞིག་རེད། སྙན་སེང་གི་མགོ་ནས་མཇུག་བར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་མགོ་མཇུག་ཡོངས་སུ་ཁྱབ་པ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་དོན་ཆགས་ཚུལ་ལ་དམིགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱི“དཀར་མཛེས་ཁུལ་ལག་ལེན”ཚན་རིག་དང་མཐུན་པ་ལེ་ཚན་གཉེར་བ་དང་གཅིག་གྱུར་བཀོད་སྒྲིག་བྱས་པ་རེད་ཅེས་གསུངས་པ་རེད།ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

     ཧྲུའུ་ཏ་ཁྲུན་གྱིས་སྲིད་གཞུང་གི་ལས་དོན་སྙན་སེང་ནི་དུས་བསྟུན་མདུན་སྐྱོད་དང་གཞུང་དྲང་གསར་གཏོད་ཀྱི་སྙན་སེང་ཞིག་ཡིན་ལ། མི་སེམས་གཅིག་ཏུ་བསྒྲིལ་ནས་མི་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ཞིག་ཀྱང་ཡིན་པར་བརྟེན། དོན་གནས་འཁྲུལ་མེད་ཀྱིས་རང་ཁུལ་གྱི་ཧ་ཅང་ཐོབ་སླ་མོ་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་འཁོར་ནང་ཕྱོགས་བརྒྱད་ཀྱི་ཐད་ཐོབ་སླ་མོ་མིན་པའི་གྲུབ་འབྲས་ཞིབ་བརྗོད་བྱས་ཡོད་པ་རེད་ཅེས་ངོས་འཛིན་བྱས་པ་རེད།ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས། 

     ཧྲུའུ་ཏ་ཁྲུན་གྱིས་གསུངས་དོན། 2022ལོར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་དང་འགན་འཁྲི་ནན་ཏན་བསྒྲུབས་མཐར། ལས་དོན་སོ་སོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ་ཁྱོན་ཡོངས་ནས་བཅའ་ཁྲིམས་ལྟར་ཁུལ་སྐྱོང་བར་སྐུལ་འདེད་གཏོང་རོགས་དང་། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་ཆེ་ཙམ་ཐོབ་ཡོད་པ་རེད།ཧྲུའུ་ཏ་ཁྲུན་ཉག་ཆུ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

     ཧྲུའུ་ཏ་ཁྲུན་གྱིས་བསྟན་དོན། 2022ལོར་ཉག་ཆུ་རྫོང་གིས་ཁུལ་ཨུ་དང་རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་འོག་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ཀྱིས་ཐོན་སྐྱེད་བྱེད་འགོ་བཙུགས་ནས་གློག་འདོན་རྒྱུར་སྐུལ་འདེད་བཏང་བ་དང་།གོ་ལ་ཧྲིལ་པོར་ཆེས་ཆེ་བའི་ཆུ་འོད་གསབ་རེས་གློག་འདོན་ས་ཚུགས་སྐྲུན་འགོ་ཚུགས་པ།སི་ཁྲོན་ས་ཁོངས་ཀྱི་ཡུལ་སྐོར་མིང་གྲགས་རྫོང་བདམས་བྱའི་རྫོང་དུ་ཚུད་པ།ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་དང་འཕྲོད་བསྟེན་རྫོང་གྲོང་བདེ་བླག་ངང་འཛུགས་སྐྱོང་བྱས་པ་འདི་ནི་སླད་ཕྱིན་ཉག་ཆུ་རྫོང་འཕེལ་རྒྱས་ལ་ནང་གནས་་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཇེ་དྲག་ཏུ་ཕྱིན་པ་རེད།ཉག་ཆུ་རྫོང་གིས་ད་ལོའི་འཕེལ་རྒྱས་ཁྲོད་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དང་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་དོན་གྱི་ཆགས་ཚུལ་ལྟར། ནུས་ཤུགས་ཡོད་རྒུས“འགོ་ཚུགས་ནི་མཐའ་མའི་གདོང་མཆོང་དང་འགོ་ཚུགས་ནི་ཐག་གཅོད་དམག་འཐབ་ཡིན་པའི”བླང་བྱ་དོན་འཁྱོལ་བྱས་ཏེ་ས་ཁམས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ།ཐོན་ཁུངས་ལེགས་ཆ།འགྲིམ་འགྲུལ་ལེགས་ཆ་བཅས་ལ་བརྟེན་ནས་འདུས་འགྱུར་གྱི་འཕར་ཚད་མཐོ་ཤོས་དང་ཕྱི་འབྲེལ་བྱེད་ས་གལ་ཆེན་འཛུགས་སྐྱོང་བྱ་དགོས།  “གྲངས་གཞིའི་ཉག་ཆུ་རྫོང་དང་འབྱུང་འཕྲོད་ཀྱི་ཉག་ཆུ་རྫོང་། ཐོན་ནུས་ཀྱི་ཉག་ཆུ་རྫོང་།དུས་བདེའི་་ཉག་ཆུ་རྫོང”བཅས་ཀྱི་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱ་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་དང་ཁྱིམ་ཚང་དུ་སྤེལ་བའི་བྱ་སྤྱོད་ལག་ལེན་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། དཔལ་ཡོན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཉག་ཆུ་རྫོང་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།།



ཡེ་མགོན་གྱིས་བསྒྱུར་ནས་ཞུས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།
  • ལེ་ཚན་རྗེས་མ།:ལེ་ཅན་ཕིང་ཀྲུང་གུང་རིཊ་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་སྡུར་ལ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།