རང་ཁུལ་གྱི་རྫོང3རྒྱལ་ཡོངས་ཀྱི་རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་ཚད་དུ་སླེབས་པའི་རྫོང་དུ་འོས་སྦྱོར་བྱ་རྩིས་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།        2023-01-11

ཉེ་ཆར། གསར་འགོད་པས་ཁུལ་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་པར་གཞིགས་ན། གྲོང་ཁྱེར་རིམ་པའི་ལག་རྩལ་དཔྱད་ཞིབ་དང་ཞིང་ཆེན་རིམ་པས་ཞིབ་རྩིས་གཏན་འབེབས་བྱས་པར་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)25ལ་ཆུ་བེད་པུའུ་ཡི་རྫོང་ཁོངས་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་གདེང་འཇོག་གི་ཚད་གཞིར་སླེབས་ནས་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་ཚད་དུ་སླེབས་པའི་རྫོང་འོས་སྦྱོར་བྱ་རྩིས་ཡོད་པ་དང་། དེའི་ནང་རང་ཁུལ་གྱི་ལྕགས་ཟམ་དང་ཕྱག་ཕྲེང་། སྡེ་རོང་བཅས་རྫོང་ཁག3པོ་མིང་ཐོའི་ནང་ཚུད་ཡོད་པ་རེད།

ཕྱིན་ཆད་ལས་ཀའི་ནང་རང་ཁུལ་གྱི་ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པའི་ཆུ་བཅོས་བྱེད་ཕྱོགས་དང་ཁྱོན་ཡོངས་ནས་གྲོན་ཆུང་བྱ་རྒྱུའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཞིང་ཆེན་ཆུ་བེད་ཐིང་གི3226གི་ཆུ་བཅོས་བསམ་ཕྱོགས་གལ་ཆེན་ལ་གཞིགས་ཏེ་ཆུ་གྲོན་ཆུང་གི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏང་རྒྱུ་ཡིན་པ་དང་། འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ། བཟོ་ལས། གྲོང་རྡལ། རྒྱུན་ལྡན་མིན་པའི་ཆུ་ཁུངས་བེད་སྤྱོད་སོགས་གཙོ་གནད་ཆུ་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ལ་དམིགས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་དུ་བེད་སྤྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་དམིགས་འབེན་དང་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱ་དགོས་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་མགོ་ཁྲིད་ཚོས་ཁུལ་སྐྱོར་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10