2022ལོའི་རང་རྒྱལ་གྱི་ལོ་ཧྲིལ་པོའི་འབྲུ་རིགས་བསྡུ་ཉོ་བྱེད་ཚད་རྒྱ་མ་དུང་ཕྱུར་8000ཟིན་ཡོད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-01-10

   རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་གནས་ཚུལ་གསར་ཤོས་ལ་གཞིགས་ན། སྤྱི་ལོ་2022ལོའི་དབྱར་བསྡུའི་འབྲུ་རིགས་བསྡུ་ཉོ་མཇུག་འགྲིལ་བ་དང་། སྟོན་བསྡུའི་འབྲུ་རིགས་མང་པོ་ཆེས་བརྟན་ཞིང་གོ་རིམ་ལྡན་པའི་ངང་བསྡུ་ཉོ་བྱེད་བཞིན་ཡོད། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་རིགས་་ཁག་གིས་འབྲུ་རིགས་ཁེ་ལས་ནས་བསྡུ་ཉོ་བྱེད་ཚད་རིམ་རྩིས་ལྟར་ན་རྒྱ་མ་དུང་ཕྱུར་8000ཡས་མས་ཟིན་ཡོད། དེ་ཉེ་བའི་ལོའི་ཆ་སྙོམས་ཆུ་ཚད་དང་ཁྱད་པར་ཆེན་པོ་མེད་ཅེས་བསྟན་འདུག
མིག་སྔར། སྟོན་བསྡུའི་འབྲུ་རིགས་བསྡུ་ཉོ་བྱེད་དུས་བྲེལ་བ་ཆེ་བའི་སྒང་ཡིན།

   ཟླ་བ་1པོའི་ཚེས་5ཉིན་བར། ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ལས་ཁག་གིས་རིམ་རྩིས་ལྟར་ན་སྟོན་བསྡུའི་འབྲུ་རིགས་རྒྱ་མ་དུང་ཕྱུར་2324བསྡུ་ཉོ་བྱས་ཡོད་པ་དང་། ལོ་གོང་མའི་དུས་མཉམ་དང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད། ས་ཁོངས་ནས་བལྟས་ན། མིག་སྡར་ལྷོ་ཕྱོགས་ཀྱི་ཕྱི་སྨིན་འབྲས་བསྡུ་ཉོ་མཇུག་བསྡུའི་དུས་སུ་སླེབས་པ་དང་། ཉོ་སྒྲུབ་བྱེད་ཚད་བརྒྱ་ཆ90ལས་བརྒལ་ཡོད། བྱང་ཤར་དང་ཧྭ་བྱང་ད་ལྟ་གཅིག་སྡུད་དུ་འབྲུ་རིགས་བསྡུ་ཉོ་བྱེད་བཞིན་ཡོད། ཧྭ་བྱང་ས་ཁུལ་གྱི་མ་རྨོས་ལོ་ཏོག་བསྡུ་ཉོ་བྱེད་ཚད་བརྒྱ་ཆ་40ལས་བརྒལ་ཡོད།

   འབྲུ་འདེབསཞིང་པའི་ཁེ་ཕན་ལ་འགན་སྲུང་ཏན་ཏིག་ཐུབ་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྔ་རྗེས་སུ་ཅང་སུའུ་དང་། ཨན་ཧུའེ། ཧོ་ནན། ཧུའུ་པེ། ཧེ་ལུང་ཅང་བཅས་ཞིང་ཆེན་5ལ་དཀྱིལ་སྨིན་ཕྱི་སྨིན་འབྲས་བསྡུ་ཉོའི་གོང་ཚད་དམའ་ཤོས་ཀྱི་སྔོན་ཇུས་ལག་བསྟར་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། ཁྱོན་འབྲུ་རིགས་གསོག་ཉར་ཁང་790ལྷག་དང་། ཤོངས་ཚད་རྒྱ་མ་དུང་ཕྱུར་560ལྷག་བཀོད་སྒྲིག་བྱས་ཡོད། དེས་ཉོ་སྒྲུབ་ཀྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་ཡོད་པ་རེད།

  • ལེ་ཚན་སྔོན་མ།:དོན་དག་འདི་ཁྱེད་ཉིད་ཀྱི་ཁང་བའི་དངུལ་བུན་དང་འབྲེལ་བ་ཡོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10