སྲིད་གྲོས་ཨུ་ཡོན་བཞིས་སྤྱི་ཚོགས་ཀྱི་དོ་ཁུར་གནད་དོན་ལ་ལན་བཏབ།

        2023-01-03

     དམངས་ཀྱི་འཚོ་གླེང་བ་དང་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པ། མི་སེར་གྱི་དོ་ཁུར་ལ་ཨ་ལན་སློག་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ།  སྤྱི་ཟླ་དང་པོའི་ཚེས2ཉིན་གྱི་སྔ་དྲོར། དོ་ཁུར་ཆེན་པོ་བྱེད་པའི”ཨུ་ཡོན་བགྲོད་ལམ“བཙུགས་ཏེ། ས་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བ་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་བཞིས་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་རེད།  སི་ཁྲོན་ཉིན་རེའི་ཚགས་པར་དང་སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར།  དཀར་མཛེས་ཉིན་རེའི་ཚགས་པར། དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་སོགས་འཕྲིན་སྦྱོར་གསར་འགོད་པས་ཡུལ་དངོས་ནས་བཅར་འདྲི་བྱས་པ་རེད།


རྒྱལ་སྲུང་གཞུང་ལམ317པའི་མཐོ་སྒང་དར་ལམ་རིག་གནས་ཁྱམས་ལམ་གསར་དུ་འཛུགས།

     ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་རང་ཁུལ་གྱིས་རིག་གནས་ཡུལ་སྐོར་གཙོ་གནད་དུ་བཟུང་བ་དང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ནས་ཁམས་བྱང་རྫོང་བརྒྱད་ཀྱིས་རྒྱལ་སྲུང་གཞུང་ལམ317པའི་མཐོ་སྒང་དར་ལམ་རིག་གནས་ཁྱམས་ལམ་གསར་དུ་འཛུགས་དགོས་པ་བཏོན།  དེས་ཡུལ་སྡེ་དར་རྒྱས་དང་ཁམས་བྱང་ས་ཁུལ་ཐུན་མོང་ཕྱུག་འབྱོར་ཡོང་བར་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་འཕེལ་རྒྱས་དང་བརྟན་ལྷིང་གི་རྣམ་པ་གསར་པ་གཏོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་པར་སྐུལ་འདེད་ཐུབ་རྒྱུ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་གསར་འགོད་པར་རྒྱལ་སྲུང་གཞུང་ལམ317པའི་མཐོ་སྒང་དར་ལམ་རིག་གནས་ཁྱམས་ལམ་ནི་གཙོ་བོ་རང་ཁུལ་བྱང་རྒྱུད་ཀྱི་ས་ཁུལ་ཡིན་པ་དང་། ས་ཁུལ་དེ་ནི་མི་རིགས་མང་པོ་མཉམ་འདྲེས་ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་དར་གོས་ཚོང་ལམ་ཨེ་ཤེ་ཡ་ལྷོ་མའི་ཁྱམས་ལམ་སི་ཁྲོན་ལམ་དུམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་མི་རིགས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཡིན་པ་རེད་ཅེས་བཤད།



གནོད་འཚེ་ཕོག་ཁུལ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་བསྐྲུན།

     ཁུལ་སྲིད་གྲོས་ཨུ་ཡོན། ལྕགས་ཟམ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅང་ཅན་ཁང་གིས9·5ལྕགས་ཟམ་ཁར་ས་འགུལ་རིམ་པ6.8བྱུང་རྗེས། ཕྱོགས་ཁག་སོ་སོའི་རོགས་སྐྱོར་སྟོབས་ཤུགས་ཀྱིས་བཀའ་ཐོས་འཕྲལ་མགྱོགས་མྱུར་གནོད་ཁུལ་གྱི་གཡུལ་ཕྱོགས་དང་པོར་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་བྱས་པ་རེད།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་། ཞིང་ཆེན་དང་ཁུལ་ཏང་ཨུ། སྲིད་གཞུང་བཅས་ཀྱི་ཐུགས་ཁུར་གནང་བ་སེམས་སུ་བརྟན་པོར་བཟུང་ནས་གནོད་འཚེ་ཐེབས་པའི་མང་ཚོགས37565བཀོད་སྒྲིག་འོས་འཚམ་བྱས་ཡོད། གློ་བུར་དུ་བྱུང་བའི་གནོད་འཚེ་ཚབས་ཆེན་ལ་དམིགས་ཏེ་ལྕགས་ཟམ་རྫོང་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པས་འཕྲལ་མར་བྱ་སྤྱོད་སྤེལ་ནས་མགྱོགས་མྱུར་འགུལ་འགོག་གནོད་སེལ་གྱི་གཡུལ་ཕྱོགས་དང་པོར་བསྐྱོད་དེ་འགུལ་འགོག་གནོད་སེལ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་སྤེལ་ཡོད།  རྫོང་སྲིད་གྲོས་ཀྱི་ཨུ་ཡོན30ལྷག་ཙམ་འགུལ་འགོག་གནོད་སེལ་གྱི་གཡུལ་ཕྱོགས་དང་པོར་ཞུགས་པ་དང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན60ལྷག་ཙམ་གྱིས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་ནས་མི་བརྒྱ་སེམས་གཅིག་དང་དམངས་སེམས་གཅིག་སྒྲིལ། ཕྱར་བ་གྲུ་འདེགས་བཅས་ཀྱི་སྲིད་གྲོས་ཀྱི་ལེའུ་ཞིག་བརྩམས་པ་རེད་ཅེས་བཤད་པ་རེད།


ཚོང་གཉེར་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་།

     “ང་དཀར་མཛེས་ཁུལ་ལ་ཡོང་ནས་ལོ་ངོ་བརྒྱད་ཕྱིན་སོང་། ང་རང་ས་ཆ་འདི་ལ་ཇེ་དགའ་ནས་ཇེ་དགའ་རེད། དཀར་མཛེས་ཁུལ་གྱིས་ང་ལ་མཚན་སྙན་དང་གོ་སྐབས་མང་པོ་གནང་བྱུང་། ངའི་ཕུགས་འདུན་ཡང་དཀར་མཛེས་ཁུལ་ནས་འཚར་ལོངས་དང་མངོན་འགྱུར་བྱུང་།  ངའི་གནས་ཚུལ་དེས་དཀར་མཛེས་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་ཡིན་པ་ཕྱོགས་གཞན་ཞིག་ནས་མཚོན་ཐུབ།”  ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ མཐོང་ཆེན་བྱས་པ་དང་། བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་སྒོ་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་ཞུགས་མཁན་ཞིག་ཡིན་པའི་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། དཀར་མཛེས་ཁུལ་གནའ་ལམ་མགྲོན་ཁང་གི་ཚད་ཡོད་སྤྱི་གཉེར་ཁང་གི་ཁྲིམས་བཀོད་འཐུས་ཚབ་པ་ཐན་ཏན་ཀྲེ་ལ་མྱོང་ཚོར་ཟབ་མོ་བྱུང་།


” དོན་དག་ཡོད་ཚེ་གྲོས་མོལ་བྱེད”པའི་སྟེགས་བུ་བསྐྲུན་པར་སྐུལ་འདེད་ནུས་ལྡན་བཏང་།

ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་རྩ་འཛུགས་བྱས་ནས”དོན་དག་ཡོད་ཚེ་གྲོས་མོལ་བྱེད་པའི”ལས་དོན་གཏིང་ཟབ་སྤེལ་བ་དང་འབྲེལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཀྱང་ཐོབ་ནས་དར་མདོ་གྲོང་ཁྱེར་སྲིད་གྲོས་ལ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི”དོན་དག་ཡོད་ཚེ་གྲོས་མོལ་བྱེད་པའི“སྔོན་ཐོན་རྫོང(གྲོང་ཁྱེར)ལ་བདམས་པ་རེད།  

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། དར་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྒྲོལ་མས་མྱོང་ཚོར་ཟབ་མོའི་སྒོ་ནས་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་པ་དང་གྲོང་ཁྱེར་སྲིད་གྲོས་དེ་གྲོང་ཨུའི་རྩ་ཁྲིམས་ལྟར་སྲིད་འཛིན་པ་དང་གྲོང་ཁྱེར་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ཚབ་བྱེད་ཐབས་བྲལ་བའི“རིག་མཛོད”ཀྱི་ལས་ཀའི་དམིགས་ཚད་དུ་འགྱུར་བ་བྱས་ནས། དོན་ཆེན་དང་དོན་ཆུང་། དཀའ་གནད་བཅས་ལ་དམིགས་ནས“དོན་དག་ཡོད་ཚེ་གྲོས་མོལ་བྱེད”པའི་སྟེགས་བུ་བསྐྲུན་པར་སྐུལ་འདེད་གཏིང་ཟབ་བཏང་ནས་སྲིད་གྲོས་ལས་དོན་གྱིས་གྲོང་ཁྱེར་ཡོངས་ལ་ལེགས་སྐྱེས་འབུལ་ཚད་རྒྱུུན་མི་ཆད་པར་མཐོ་རུ་བཏང་ཡོད་ཅེས་བཤད།

“ཨུ་ཡོན་བགྲོད་ལམ”གྱིས་ཨུ་ཡོན་ཚོར་གྲོས་གཞི་འཁྱེར་ནས་ཚོགས་ཆེན་གཉིས་ལ་ཞུགས་སུ་བཅུག་པ་དང་ལྟད་མོ་བ་དང་དྲྭ་གྲོགས་ཚོར་ཚོགས་ཆེན་གཉིས་ལ་དོ་སྣང་བྱེད་དུ་བཅུག།  དེས་གཞི་རིམ་ཨུ་ཡོན་ཚོས་ལས་འགན་སྒྲུབ་ཚུལ་དེ་གསར་འགྱུར་དང་འཕྲིན་སྦྱོར་བརྒྱུད་ནས་སྤྱི་ཚོགས་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་བརྒྱུད་སྤྲོད་པ་དང་ཚོགས་ཆེན་གཉིས་ཀྱི་དྲིལ་བསྒྲགས་ཀྱི་མཉམ་འགུལ་རང་བཞིན་དང་དོ་ཁུར་བྱེད་ཚད་ཆེ་རུ་བཏང་ནས་ཡོངས་བསྒྲགས་དང་ཁ་གསལ། དངོས་གཉེར་ཡིན་པའི་ཚོགས་ཆེན་གཉིས་ཀྱི་ཡུལ་དངོས་མངོན་པར་བྱས་ཡོད།།




རྟ་མགྲིན་རྡོ་རྗེ་དང་ཀུན་དགས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རིམས་ནད་མཉམ་དུ་འགོག། རྒན་རྒོན་ཉམ་ཆུང་སྐྱོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།