ཁུལ་སྐབས13པའི་དམངས་ཆེན་གྲོས་ཚོགས་ཐེངས2པས་གྲོས་ཚོགས་ཐེངས2པ་འཚོགས།

        2023-01-04

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

     སྤྱི་ཟླ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས། ཕུའུ་ཡུང་ཧྥུང་གིས་གྲོས་ཚོགས་གཙོ་སྐྱོང་བྱས། ཚོགས་འདུར་ཞུགས་དགོས་པའི་འཐུས་མི287ཡིན་ཞིང་། དངོས་སུ་ཞུགས་པའི་འཐུས་མི257ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

    ཐེངས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེན་དབྱང་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྥུང་ཧྥ་ཀུའེ། ཏེང་ལི་ཅུན། ཡིའུ་ཞང་ཧྥེ། ཝང་ཡུས་ཆུང་། ཡོན་མིང་ཀོང་། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥེང་། ཝང་ཁྲེང་ཁང་།  ཡོན་ལེ། ཧོང་ཅིན། ཐེན་ལུང་། ལུའུ་ཡན། བཀྲ་རྡོ། ཨ་དཀོན། རྒྱ་ནག་སྐུ་ཕྲེང་བཅུ་བཞི་པ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལག་བསྟར་ཀྲུའུ་ཞི་ཕུའུ་ཡུང་ཧྥེང་གིས་ཚོགས་ཆེན་གཙོ་སྐྱོང་བྱས།

      ཚང་འཛོམས་གྲོས་ཚོགས་སུ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ལས་དོན་སྙན་སེང་ཞུས་པ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཚབ་མགོ་གཙོ་ཞུས་ཅ་ཞུང་གིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་ཞུས་པ། ལིའོ་ཞུའེ་ཏུང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ཞུས་པ། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གཉིས་པའི་འདེམས་བསྐོའི་བྱ་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་པ་རེད།

        ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུ་སྐབས་བཤད་དོན། 2022ལོ་ནི་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ནུས་སྒྲུབ་འགོ་ཚུགས་པའི་ལོ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐབས་ཇུས་དང་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དངོས་སྒྲུབ་གསར་གཏོད་བྱས་ནས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐུབ་པ་འགན་ལེན་ནུས་ལྡན་བྱས་ནས། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་ཡོད། 

   སྙན་སེང་ནང་བསྟན་དོན། 2023ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་ཕྱོགས་སུ་སྐྱོད་པའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཁུལ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐའ་གཅིག་ཏུ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་པས་ཁྱབ་པར་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་ལ་འཁྱོལ་བ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁུལ་ཨུའི་གཙོ་ཕྱོགས་གཅིག་རྒྱུན་འཁྱོངས་དང་། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་གསར་དུ་འཛུགས་པ། སྒུལ་ནུས་ཆེན་པོ་བཞི་གསོ་སྤེལ། འཐབ་ཇུས་ཆེན་པོ་ལྔ་ལག་ལེན་བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་།  ལས་དོན་གཙོ་བོ་ལ་དམིགས་པ་དང་། དམངས་འཚོར་དོ་ཁུར་གྱི་བརྩེ་བ་མངོན་པ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་སྟོབས་ཤུགས་འགྲིལ་བ་དང་། འཐུས་མིའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཅིང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་ཧུར་ཐག་བསྟར་བ་དང་། “ལས་ཁུངས་བཞི”འཛུགས་པ་ཐབས་ལམ་དུ་འཛིན་ཞིང་།“གནས་ལྔ”ནས་ཤུགས་བརྒྱག་རྒྱུ་ཡིས་སྣེ་ཁྲིད་དེ་དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་དེ་རེད།

     སྙན་སེང་ནང་བསྟན་དོན། ལོ་གསར་པར་གཅིག་ནི་ཆབ་སྲིད་ལེགས་སྐྱོང་གི་རྩ་བའི་དོན་གནད་འདིར་དམིགས་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་སྔར་བས་བརྟན་དུ་གཏང་དགོས་ཏེ། དར་ཆ་གསལ་སྒྲེང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱབ་པར་བྱ་དགོས། དར་ཆ་གསལ་སྟོན་གྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱ་དགོས།གཉིས་ནི་བཅའ་ཁྲིམས་ལ་བསྟུན་ནས་ལག་ལེན་བསྟར་བའི་འཇུག་སྒོར་དམིགས་ཏེ་དེ་བས་ཁྲིམས་ལྟར་ལས་དོན་སྒྲུབ་པ་རྒྱུན་འཁྱོང་དགོས་ཏེ།རྩ་ཁྲིམས་དོན་འཁྱོལ་མཐར་ཕྱིན་བྱེད་པར་ཤུགས་བརྒྱག་དགོས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་འདེགས་པའི་ཐད་ཕན་འབྲས་ཐོན་པར་ཤུགས་བརྒྱག་དགོས།ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱེད་པའི་ཐད་བྱ་ཐབས་དངོས་འདོན་པར་ཤུགས་བརྒྱག་དགོས།གསུམ་ནི་ལྟ་སྐུལ་གནད་སྨིན་གྱི་འདེགས་སྐྱོར་ལ་དམིགས་ནས། ལྟ་སྐུལ་གྱི་སྤུས་ཚད་དེ་བས་མཐོར་འདེགས་དང་ཕན་འབྲས་སྔར་བས་ཆེ་རུ་གཏང་དགོས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་ཐུབ་ཆེད་ལྟ་སྐུལ་བྱེད་ཤུགས་ཆེན་ཆེ་རུ་གཏང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་ཐུབ་ཆེད་སྤུས་ཚད་དང་ཕན་འབྲས་སྣང་ཆེན་བྱ་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་ཡོང་བར་ཕན་ཆེད་བྱས་རྗེས་ཡོད་དགོས། བཞི་ནི་འཐུས་མིས་ཞབས་འདེགས་ཞུ་བའི་དོན་ལ་བབས་སར་དམིགས་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་འགན་འཁྲི་སྒྲུབ་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་པ་སྟེ། འཐུས་མིས་འགན་འཁྲི་སྒྲུབ་པའི་གསོ་སྦྱོང་སྒྲིག་འཛུགས་ཡག་པོ་བྱ་དགོས།འཐུས་མིས་འགན་འཁྲི་སྒྲུབ་པའི་ལས་སྟེགས་ཡག་པོ་བསྐྲུན་དགོས། འཐུས་མིའི་གྲོས་འཆར་དང་གྲོས་འགོ་སྒྲུབ་གཉེར་བྱེད་པར་ལྟ་སྐུལ་ཡག་པོ་བྱ་དགོས། ལྔ་ནི“ལས་ཁུངས་བཞི”འཛུགས་སྐྱོང་གི་འགག་རྩའི་གནས་ལ་དམིགས་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་སྒྲུབ་མྱུར་ཚད་མགྱོགས་སུ་གཏང་དགོས་ཏེ། མི་དམངས་འཐུས་ཚོགས་རང་ངོས་ལེགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱག་དགོས། མི་དམངས་དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་གཏོང་བར་ཤུགས་བརྒྱག་དགོས། མི་དམངས་འཐུས་ཚོགས་ཀྱི་དྲིལ་བསྒྲགས་ལས་དོན་རྒྱུན་མཐུད་ངང་ལེགས་བཅོས་བྱ་དགོས།

     གྲོས་ཚོགས་སུ་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྲིད་སྟོན་དུ་འཛིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་། དངོས་སྒྲུབ་འགན་འཁུར་བྱས་ཏེ། མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་ཆེད་བྱས་རྗེས་གསར་པ་དེ་བས་ཆེན་པོ་འབུལ་དགོས་པའི་འབོད་སྐུལ་བྱས།

     ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན་གཞོན་པ་ལས་ཚབ་མགོ་གཙོ་ཞུས་ཅ་ཞུང་གིས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་སྐབས་བཤད་དོན། 2022ལོར་ཁུལ་ཡོངས་ཁྲིམས་ཁང་རིམ་པ་གཉིས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་། ཁྱོན་ཡོངས་ཞབས་ཞུ་ནུས་པ།འདྲི་གཅོད་ལག་བསྟར་ནུས་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་བཅས་ཏན་ཏིག་ཆེ་རུ་བཏང་ཡོད། ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་པའི་དམིགས་འབེན་ལ་དམིགས་ནས།  ཏང་གིས་ཁྲིམས་འཛིན་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ནས་འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད། རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུ་རྒྱུ་དེ་ཁྲིམས་ཁང་གི་ལས་དོན་ལ་བསྐུལ་བའི་སྒུལ་ཤུགས་དང་སྐུལ་འདེད་ཡོ་བྱད་དུ་བརྩིས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་དཀར་མཛེས་དང་ཁྲིམས་སྐྱོང་དཀར་མཛེས་སྐྲུན་རྒྱུར་བསྐུལ་ནས་དཀར་མཛེས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ཁྲིམས་འཛིན་ཞབས་ཞུའི་འགན་ལེན་ནུས་ལྡན་བྱས་ཡོད།

     2023ལོར་ཁུལ་ཡོངས་ཁྲིམས་ཁང་རིམ་པ་གཉིས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དངསྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་གནད་དུ་བྱས་ནས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་རྨང་གཞིར་བྱས་ཏེ་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཡིན་པའི་ཚོར་སྣང་ཡོང་བ་བྱེད་དགོས། རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱེད་སར་བྱས་ནས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཐུན་སྒྲིལ་ཕྱུག་འགྱུར་དང་། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་གསར་པ་འཛུགས་སྐྲུན་བྱ་ཆེད་ཁྲིམས་འཛིན་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱ་དགོས།

      ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ལིའོ་ཞུའེ་ཏུང་གིས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་སྐབས་བཤད་དོན། འདས་པའི་ལོ་གཅིག་རིང་། ཁུལ་ཡོངས་ཀྱི་ཞིབ་བཤེར་ལས་ཁུངས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཡོད། ཞིང་ཆེན་དང་ཁུལ་རིམ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞིབ་དཔྱོད་ཀྱི་འགན་ནུས་ཟོལ་མེད་སྒྲུབ་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་།སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བཅས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གང་ལེགས་མཚོན་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད།

     2023ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པ་དང་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཆབ་སྲིད་འཛུགས་སྐྱོང་དང་། ལས་སྒོ་འཛུགས་སྐྱོང་། ཚན་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་བཅས་ལ་ཤུགས་རྒྱག་པ་དང་། ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་།སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བཅས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་བརྒྱབ་ནས་གཏན་འཁེལ་གཉིས་དང་སྲུང་སྐྱོང་གཉིས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ། ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་ཞུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཏང་གིས་བོད་འབྲེལ་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་བརྟན་དུ་བཏང་བ། རྒྱུན་སྲིང་ལྷོད་མེད་དང་རང་འགུལ་ངང་འགན་ནུས་སྒྲུབ་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་ཞིབ་དཔྱོད་ལྟ་སྐུལ་གྱི་རྣམ་པ་གསར་པ་གཏོད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྒྱུར་བཅོས་གསར་གཏོད་བྱསནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞིབ་དཔྱོད་བྱེད་པའི་ནང་ངོས་ཀྱི་མི་མངོན་པའི་ནུས་པ་འཕེལ་བ་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ནུས་ཤུགས་ལྷོད་མེད་བརྒྱབ་ནས་བོད་འབྲེལ་ས་ཁུལ་གྱི་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་གཏོད་དགོས།།

འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་ཡོད།



གསར་འགོད་པ། ཨོ་རྒྱན་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་རྟའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10