ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།

        2023-01-03

ཧྲེན་དབྱང་གིས་གྲངས་ཉུང་མི་རིགས་དང་ཆོས་ལུགས་རིགས་ཁོངས་མཉམ་འབྲེལ་ཚོ་ཆུང་གི་ཚོགས་འདུར། སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ལས་འགན་ཡིད་ལ་བཅངས་ཤིང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་བླང་བྱ་ལག་ལེན་བསྟར་ནས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་ལ་བྱས་རྗེས་གསར་ཞིང་ཆེ་བ་འབུལ་གང་ཐུབ་བྱ་དགོས་པ་བསྟན།

     སྤྱི་ཟླ་དང་པོའི་ཚེས2ཉིན་གྱི་སྔ་དྲོར། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་ཚོགས་ཆེན་འཚོགས་རྗེས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གྲངས་ཉུང་མི་རིགས་དང་ཆོས་ལུགས་རིགས་ཁོངས་མཉམ་འབྲེལ་ཚོ་ཆུང་གི་གྲོས་བསྡུར་ཚོགས་འདུར་ཕེབས་ནས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོར་གསན་ནས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་།

     ཁོང་གིས་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ལས་འགན་ཡིད་ལ་བཅངས་ཤིང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་བླང་བྱ་ལག་ལེན་བསྟར་བ་དང་། གཙོ་གནད་ལས་དོན་དང་སྤྱི་ཡོངས་ལ་དམིགས་ཏེ་གཏམ་དྲང་མོ་བཤད་ཅིང་། བློ་འདོན་ཇུས་འདོན་ཐབས་འདོན་བྱས་ཏེ། དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་ལ་བྱས་རྗེས་གསར་ཞིང་ཆེ་བ་འབུལ་གང་ཐུབ་བྱ་དགོས་ཞེས་བསྟན་པ་རེད།


ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།

     གྲོས་བསྡུར་ཚོགས་འདུར་སྐུ་བཅར་ཡོན་ཏན་རྒྱ་མཚོ་དང་འཇམ་དབྱངས་མཁས་གྲུབ། མ་ཡུས་ཡོན། ལིའུ་ཝེ་ཅིན། མ་ཆུང་། ཉི་དགའ་སྤྲུལ་པད་མ་འཇིགས་མེད་དང་། རྡོ་རྗེ་བཀྲ་ཤིས། འགྱུར་མེད་སོགས་ཨུ་ཡོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པ། ཐོན་ལས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་གྲོས་འགོ་དང་བསམ་འཆར་བཏོན་ཡོད།

ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།

     ཧྲེན་དབྱང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཨུ་ཡོན་ཚོ་དང་གྲོས་བསྡུར་དང་བསམ་ཚུལ་བརྗེས་རེས་གནང་། ཁོང་གིས་འདས་མ་ཐག་པའི2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན།  ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ། ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་གཏན་འབེབས་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། དེ་དང་ཆབས་ཅིག་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་བཏོན་ནས་ལོ་ངོ100འཁོར་བ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལོ་བརྒྱ་ཕྲག་གཉིས་པར་འབད་འཐབ་བྱེད་པའི་རྒྱང་སྐྱོད་གསར་པ་བྱེད་འགོ་བཙུགས་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ལོ་གཅིག་རིང་ཀྲུང་དབྱང་དང་ཞིང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཁུལ་ཨུ་ཡིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་དེ་རིམས་ནད་ཀྱི་འཇབ་རྒོལ་དང་། ཐོལ་བྱུང་ས་འགུལ། དཔལ་འབྱོར་ཆག་པ་སོགས་འགྲན་སློང་མང་པོར་ཁ་གཏད་བཅལ་ནས་དཀའ་ངལ་ཆེ་ཤོས་ཀྱི་ལོ་གཅིག་ནང་རྙེད་པར་དཀའ་བའི་གྲུབ་འབྲས་ཐོབ་པ་དེ་ནི་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་དཀའ་སྤྱད་འབད་བརྩོན་དང་། འབད་བརྩོན་ལྷོད་མེད། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ཁ་བྲལ་ཐབས་མེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་མཛུབ་ཁྲིད་དུ་བྱེད་ཅིང་། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་ཤུགས་གཅིག་ཏུ་བསྒྲིལ་ཅིང་ཕྱར་བ་གྲུ་འདེགས་ཀྱིས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའིལེའུ་གསར་པ་རྩོམ་པའི་རེ་བ་ཡོད་ཅེས་གསུངས།

ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།

     ཧྲེན་དབྱང་གིས་ནན་གསུང་གནང་དོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱ་དགོས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། སྲོག་ཤིང་སྲུང་སྐྱོང་། གཙོ་གནད་ལས་དོན་ལ་ཞབས་ཞུ། མི་སེམས་གཅིག་སྒྲིལ་རྒྱུན་འཁྱོངས་པ་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མུ་མཐུད་སྲ་བརྟན་དུ་གཏོང་ཞིང་། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་གཏན་འཁེལ་གཉིས་ལ་བརྩི་བཀུར་ཟོལ་མེད་ཞུ་བ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་ཐུབ་པས་ཁྱབ་པར་བྱ་དགོས། མི་རིགས་ལས་དོན་གྱི་གཙོ་གནད་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་དམིགས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། གྲངས་ཉུང་མི་རིགས་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དགེ་མཚན་འདོན་སྤེལ་བྱེད་ཅིང་། ཏང་གི་སྲིད་ཇུས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྲིད་སྟོན་ལེགས་པོ་བྱེད་པ། གཞི་རྩའི་སྟོབས་ཤུགས་དང་སྲ་བརྟན་དང་། གསར་ཐོན་སྟོབས་ཤུགས་མཐུན་སྒྲིལ། སྒྱིད་ལུག་སྟོབས་ཤུགས་འདུམ་སེལ་རྒྱུན་ཆད་མེད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏང་དགོས། ཆོས་ལུགས་སྐྱོན་བྲལ་ངང་བརྒྱུད་འཛིན་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཆོས་ལ་དགའ་ན་ངེས་པར་དུ་རྒྱལ་ཁབ་ལ་གཅེས་པ་དང་། དམངས་ལ་དགའ་ན་ངེས་པར་དུ་ཏང་ལ་དགའ་བ་རྒྱུན་འཁྱོངས་ཤིང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། རང་ཚུགས་རང་བདག་དང་རང་གཉེར་རྒྱུན་འཁྱོངས། རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་གཅུན་འདོམས། རང་གིས་རང་ལ་གསར་བརྗེ་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཆོས་ལུགས་ལས་དོན་ཐམས་ཅད་ཀྱི་དོ་དམ་ཁྲིམས་སྐྱོང་གི་ལམ་བུར་དྲངས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་ཧུར་ཐག་གཏང་དགོས། མ་སྐུལ་དང་ལེན་གྱིས་རང་འགན་འཁྲི་སྒྲུབ་ཧུར་ཐག་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྤྱིའི་སྣེ་ཁྲིད་དང་སྤྱིའི་དམ་འཛིན་བྱེད་ས། སྤྱིའི་བསམ་གཞི་བཅས་དོན་ལ་འཁྱོལ་བར་ཕྱོགས་པ་དང་།  ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས། དཔལ་འབྱོར་འཕེལ་རྒྱས་དང་། ཡུལ་སྡེ་དར་རྒྱས།ཐོན་ལས་སྐྱེད་སྲིང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ཡག་པོར་བསྒྲུབ་ཅིང་། བྱ་ཐབས་གསར་གཏོད་དང་།བརྟག་ཞིབ་རྒྱ་ཁྱབ། དམངས་འདོད་ཉན་འཇོག། ཐབས་ཇུས་འདོན་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྲིད་ཕན་མགྲིན་ཚབ་པ་ཡག་པོ་བྱེད་ཅིང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་པའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་འགྲིལ་ཐུབ་པ་བྱ་དགོས།།

ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།

ཚོགས་འདུ་མ་འཚོག་གོང་། ཧྲེང་དབྱང་ད་དུང་ཁུལ་སྲིད་གྲོས་ཨུ་ཡོན་ཚོའི་འདུག་སར་ཕེབས་ནས་ཚང་མར་འཚམས་འདྲི་གནང་བ་དང་། ལོ་གསར་པར་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཞུས་པར་མ་ཟད། འགན་ནུས་སྔ་ལས་ཡག་པོ་སྒྲུབ་པར་བླང་བྱ་བཏོན་པ་རེད།

གསར་འགོད་པ། ཀུན་དགའ་དང་རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།: ཁུལ་སྐབས13པའི་དམངས་ཆེན་གྲོས་ཚོགས་ཐེངས2པ་འཚོག་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།