སྲིད་གྲོས་ཨུ་ཡོན་གསུམ་གྱི་སེམས་གཏམ་དྲོན་མོ།

        2023-01-02

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ལྕགས་ཟམ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ལི་ལ་བཅར་འདྲི་ཞུས་པ།


     ཁུལ་སྲིད་གྲོས་ཨུ་ཡོན། ལྕགས་ཟམ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ལི་ཡིས་ང་ནི་ཐེངས་དང་པོར་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་བདམས་ཐོན་བྱུང་ནས་སེམས་ནང་ཧ་ཅང་དགའ་པོ་བྱུང་། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ངས་ངེས་པར་དུ་རང་ཁུར་ལས་འགན་ལ་ངོ་མི་གནོང་བ་དང་འགན་འཁྲི་ནན་ཏན་བསྒྲུབ་རྒྱུ་ཡིན་ཞེས་གསར་འགོད་པར་དེ་ལྟར་བཤད་པ་རེད།

     2009ལོ་ནས་ད་བར། ཝང་ལི་ལྕགས་ཟམ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལས་ཀ་སྒྲུབ་བཞིན་ཡོད། དེའི་རིང་ཞིང་ཆེན་དང་ཁུལ་རིམ་པའི་རིགས་སྣ་ཚོགས་ཀྱི་མཚན་སྙན་ཐེངས་མང་པོ་ཐོབ་ཡོད་ཅིང་། ཝང་ལི་ཡིས་སྲིད་གྲོས་ཨུ་ཡོན་ཡིན་པའི་ངོས་ནས་ཁུལ་གྱི་ཚོགས་ཆེན་གཉིས་ལ་ཞུགས་ཐུབ་ཚེ་ཁོ་ལ་གཟི་བརྗིད་ཚད་མེད་ཀྱི་ཚོར་སྣང་བྱུང་ནས། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། ཨུ་ཡོན་གྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་བྱ་ཐབས་དང་ཇུས་འདོན་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

     ཐེངས་འདིར་ཝང་ལི་ཡིས《ཚགས་དམ་པོའི་རྫོང་ཁོངས་ཀྱི་སྨན་བཅོས་འདུས་གྲུབ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་གྲོས་འགོ》བཏོན་ནས་སྨན་བཅོས་འདུས་གྲུབ་ཀྱི་ཐོན་ཁུངས་སྙོམས་སྒྲིག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྫོང་དང་ཡུལ་ཤོག་གི་སྒྲིག་གཞི་གཞི་གཅིག་ཅན་འཛུགས་སྐྱོང་དང་བདེ་ཐང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། སྨན་དོན་མི་སྣ་བསྐོ་སྤྱོད་བྱས་པར“བསམ་ཇུས་གཅིག་འདུས”ལ་སྐུལ་འདེད་གཏོང་བ་སོགས ཀྱི་བྱེད་ཐབས་བླངས་ནས་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཕྱིའི་ཆུ་ཚད་མཐོ་རུ་གཏང་རྒྱུའི་རེ་བ་ཡོད་ཅེས་བཤད་པ། དེ་དང་ཆབས་ཅིག་ཁོས་རྫོང་དང་ཡུལ་ཤོག་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ད་རུང“ནད་ཆུང་གཞི་རིམ་དང་ནད་ཆེན་སྨན་ཁང་། དྲག་སྐྱེད་བྱུང་ནས་སྡེ་ཁུལ་དུ་ཕྱིར་ལོག”བཅས་ཀྱི་རིམ་དབྱེའི་སྨན་བཅོས་བྱེད་སྟངས་རིམ་བཞི་མངོན་འགྱུར་ཐུབ་པའི་ངོས་འཛིན་བྱས་པ་དང་།འཕྲོད་བསྟེན་བདེ་ཐང་དང་ཡུལ་སྡེ་དར་རྒྱས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་བཅས་ཧུར་ཐག་སྒྲུབ་བཞིན་ཡོད་པ་རེད། རྫོང་ཁོངས་ཀྱི་སྨན་བཅོས་འདུས་གྲུབ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་དུང་བརྡ་གསར་པ་བཏང་ཟིན་པ་དང་གོམ་སྟབས་གསར་པ་སྤོས་ཟིན་པ་རེད། འཕྲོད་བསྟེན་ལས་རིགས་ཀྱི་ཤེས་ཡོན་མི་སྣ་འཁོར་རྒྱུག་བཟང་པོ་ཡོང་རྒྱུར་སྐུལ་འདེད་བཏ་ནས་རྒྱ་ཆེ་བའི་ནད་པར་སྨན་བཅོས་བྱེད་སྟངས་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་ས་ཁུལ་གྱི་སྤྱི་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་དོན་དེའི་ཁྲོད་དཀར་མཛེས་ཁུལ་གྱིས་བཅོས་སྒྱུར་ཧུར་ཐག་སྤེལ་ནས་ནུས་ཤུགས་ཆེ་རུ་བཏང་བ་དང་ནུས་ཤུགས་ཡོད་རྒུས་བཏོན་ཡོད་པ་རེད།

     དུས་རབས་གསར་པར་སླེབས་སྐབས་སྨན་བཅོས་ཀྱི་ཁུར་པོ་ཡོང་དུ་གཏང་རྒྱུར་ཤུགས་ཆེན་པོ་བརྒྱབ་ནས་རིམ་བགོས་སྨན་བཅོས་ཀྱི་རྨང་གཞི་བརྟན་དུ་གཏང་དགོས། ཝང་ལིས་རྫོང་རིམ་པའི་སྨན་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྫོང་རིམ་པའི་ནད་ཡམས་ཚོད་འཛིན་སྒྲིག་གཞིས་རིམས་ནད་ཚབས་ཆེན་དང་དེ་བཞིན་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་ཇེ་དྲག་ཏུ་གཏང་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད་ཅེས་བཤད།

     ལས་ཀ་དངོས་ཀྱི་ནང་། རྫོང་དང་ཡུལ་ཤོག་གཞི་གཅིག་ཅན་དང་ཡུལ་སྡེ་གཞི་གཅིག་ཅན་གྱི་རྩ་དོན་ལྟར། རྫོང་རིམ་པའི་སྨན་ཁང་གིས་སྣེ་ཁྲིད་པའི་དམ་ཞིང་ཚགས་པའི་རྫོང་ཁོངས་ཀྱི་སྨན་བཅོས་འདུས་གྲུབ་འཕེལ་རྒྱས་ཧུར་ཐག་གཏང་དགོས། རྫོང་རིམ་པའི་སྨན་ཁང་གིས་འདེགས་སྐྱོར་གྱི་ཆེད་ལས་ཚན་ཁག་བརྟན་དུ་གཏོང་བ། ལེགས་ཆ་ལྡན་པའི་ཆེད་ལས་ཚན་ཁག་གཏོད་པ་དང་དོས་དྲག་མྱུར་སྐྱོབ། ནད་གཞི་ལྕི་རིགས་ལ་ལྟ་སྐྱོང་། སྐྲན་ནད་འགོག་བཅོས། གཅོང་ནད་དོ་དམ། གསོ་རིག་ཞིབ་དཔྱད་དང་གསོ་རིག་གཟུགས་བརྙན་སོགས་ཀྱི་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་ནས། རང་ཁུལ་གྱི་མང་ཚོགས་ཚོ་ཐག་ཉེ་སར་སྨན་བཅོས་ཡག་པོ་དང་ནད་ལ་ལྟ་སྟངས་ཡག་པོ་འཛིན་ཐུབ་པར་མ་ཟད། གཞི་རིམ་གྱི་འགོས་ནད་སྔ་ཙམ་ཤེས་རྟོགས་ཐུབ་པའི་ནུས་པ་ཇེ་དྲག་ཏུ་གཏང་དགོས་ཞེས་བཤད། 

     གཞན་ཡང་རང་ཁུལ་གྱི་རིམ་ཚུལ་འགོག་ཟོན་ལས་དོན་སྤེལ་སྟངས་ཐད་ཝང་ལི་ཡིས་བཤད་དོན། ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་བཙན་སྡོམ་ ཁྱོན་ཡོངས་ནས་གློད་པ་དེ་ང་ཚོས་སྔོན་འགོག་དོར་བསྐྱུར་བྱེད་པ་གཏན་ནས་མ་རེད། དེ་ནི་སྔར་བས་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་བྱ་དགོས།

     ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་དུས་མཚམས་སླེབས་རན་ཡོད་པ་དང་བསྟུན་ནས་རིམས་ཚུལ་འགོག་ཟོན་ཇི་ལྟར་བྱ་དགོས་ཞེ་ན། ཝང་ལི་ཡིས་དང་ཐོག་བདེ་ཐང་གི་འགན་འཁྲི་བ་ཨང་དང་པོ་ཡག་པོ་བསྒྲུབ་དགོས། དེ་ནས་རིམས་འགོག་གི་ནུས་པ་ཆེ་རུ་གཏང་དགོས། རིམས་འགོག་ནུས་པ་ནི“སྨན་པ་ཡག་ཤོས”ཡིན་ཞིང་། ཡོན་རམས་པ་ཀྲུང་ནན་ཧྲན་གྱིས་མི་རྣམས་ལ་རིམས་འགོག་གི་ནུས་པ་ཇེ་དྲག་ཏུ་གཏོང་བའི་གལ་ཆེའི་རང་བཞིན་ནི་དུས་རྒྱུན་དུ་ལས་ཀའི་གོམས་གཤིས་བཟང་པོ་ཆགས་ན་མིའི་ལུས་པོའི་རིམས་འགོག་གི་ནུས་པ་ཇེ་དྲག་ཏུ་གཏང་རྒྱུར་ཕན་པ་ཡོད་པ་རེད་ཅེས་གསུངས་པ་རེད།


ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། བྲག་མགོ་རྫོང་རིག་རྩལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཝུན་ཆང་ལ་བཅར་འདྲི་ཞུས་པ།


མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྲུང་སྐྱོང་བྱེད་མཁན་གྱི་སྣེ་ཁྲིད་མཁན་ཡག་པོ་བྱ་དགོས། 

     “ཁུལ་སྲིད་གྲོས་ཨུ་ཡོན་གྱི་འགན་འཁུར་རྒྱུ་ནི་ངའི་གཟི་བརྗིད་རེད། གལ་ཏེ་གྲངས་ཉུང་མི་རིགས་ཀྱི་ལས་རིགས་ཁོངས་གཏོགས་ཡིན་པའི་སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས་བརྗོད་ན་དམིགས་བསལ་ཕྲན་བུ་ཡོད་པ་དེ་ནི་མི་རིགས་མཐུན་སྒྲིལ་ལ་དམིགས་བསལ་གྱི་འགན་འཁྲི་འཁུར་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་བཤད། ཝུན་ཆང་གིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་སེམས་སུ་འཆང་བ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་ཀྱི་ཡོད་པ་རེད།  

     བྲག་མགོ་རྫོང་གི་ཡུལ་གྲུ་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་མཐོང་ཐུབ། ལྕགས་རི་དང་འགོག་རགས་བཅས་གང་ས་གར་མི་རིགས་མཐུན་སྒྲིལ་གྱི་སྦྱར་ཡིག་མཐོང་རྒྱུ་ཡོད། གྱང་ངོས་དང་ཁྲོམ་གཞུང་དུ་མི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་གདངས་སྦྲེལ་ནས་ཞི་མཐུན་ལ་སྐུལ་སྤེལ་གཏོང་བའི་དྲིལ་བསྒྲགས་པར་རིས་སྣ་ཚོགས་ཀྱིས་ཁེབས་ཡོད་པ་རེད། ཝུན་ཆང་གིས་བསམ་ན།མི་རིགས་མཐུན་སྒྲིལ་ནི་ལྷན་སྐྱེས་མིན་ལ།དཀའ་བ་སྤྱོད་ཐེངས་གཅིག་བརྒྱབ་ནས་གཏན་བདེ་ཐོབ་པ་ནི་དེ་བས་ཀྱང་མིན་པ་རེད།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲིལ་བསྒྲགས་དང་སློབ་གསོ་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་ཏང་གི་དྲིན་གཟོ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། 

     ལོ་གཅིག་གི་རིང་ལ་ཝུན་ཆང་གིས་ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ། དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་ལས་རིགས་ཁོངས་གཏོགས་ཀྱི་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱེད་སྒོའི་འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་ཧུར་ཐག་བྱས་ཤིང་། མང་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་ལག་ལེན་བསྟར་མཁན། སྣེ་ཁྲིད་བྱེད་མཁན། འདེབས་འཛུགས་བྱེད་མཁན་འགྱུར་གང་ཐུབ་བྱས་པ་རེད། 

     “ཏང་གི་འགོ་ཁྲིད་འོག་བྲག་མགོ་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་པོ་རོལ་ཐུབ་པ་དང་ཉིན་ལྟར་ཐོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ལས་ང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ན་གཞི་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོ་མངོན་དུ་འགྱུར་བ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་དུ་འགྱུར་ཐུབ་རྒྱུར་དེ་བས་ཡིད་ཆེས་བརྟན་པོ་ཡོད”ཅེས་དམར་དམག་གི་རྗེས་རབས་པ་ཝུན་ཆུང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད། 

     ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ཚོགས་འདུ་གལ་ཆེན་གང་ཞིག་གྲོལ་རྗེས། ཝུན་ཆུང་གིས་དེ་མ་ཐག་ཏུ་ཡིག་ཆ་བཀྲམ་ནས་ཚོགས་འདུའི་སྙིང་དོན་ལས་བྱེད་པ་དང་རིག་རྩལ་སྤྱི་ཚོགས་ཚོགས་པའི་ཚོགས་མི། འབྲེལ་གཏུག་ས་ཚུགས་ཀྱི་མང་ཚོགས། མཐུན་འབྲེལ་དུད་ཚང་ལ་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་རེད། 

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་གྱི་མཛུབ་ཁྲིད་འོག་ཝུན་ཆང་གིས་འགན་འཁྲི་སྒྲུབ་པའི་བསམ་ཕྱོགས་དེ་བས་གསལ་ལ་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དེ་བས་བརྟན་དུ་ཕྱིན་ཡོད། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་གོང་བུར་བསྒྲིལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་རྒྱག་རྒྱུ་ནི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་འདི་ཝུན་ཆང་གི་སེམས་སུ་ཆགས་པ་རེད།

     ཝུན་ཆུང་གིས“ངས་རིག་རྩལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་བཟང་ཆ་མུ་མཐུད་ནས་བེད་སྤྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་སྒྱུ་རྩལ་གསར་རྩོམ་གྱི་སྔོག་འདོན་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་རིག་རྩལ་སྤྱི་ཚོགས་ཚོགས་པའི་ཚོགས་མི་སྣེ་ཁྲིད་དེ་ཁུལ་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་གསར་རྩོམ་དང་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས། བརྟག་ཞིབ་རྩོམ་ཡིག་མཁོ་འདོན་བྱས་ཡོད”ཅེས་བཤད་པ་རེད།

     ཝུན་ཆུང་གིས་རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། རང་འགུལ་ངང་འགན་འཁུར་བ། ནུས་ཤུགས་ཡོད་རྒུས་ལས་དོན་སྒྲུབ་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རང་ཉིད་ཀྱི་བྱས་རྗེས་གསར་པ་དེ་བས་ཆེན་པོ་མུ་མཐུད་ནས་གཞག་རྒྱུ་ཡིན་ཞེས་བཤད་པ་རེད།


ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། རྟའུ་སློབ་འབྲིང་གི་དགེ་རྒན་ཀྲེན་ཐའོ་ལ་བཅར་འདྲི་ཞུས་པ།


གྲུ་གསུམ་བཤད་སྟེགས་སྟེང་ནས་བྱས་རྗེས་བཞག།
སློབ་མ་སྐྱོང་བའི་འབྲས་བུ་གཡུར་དུ་ཟ།།
གྲུ་གསུམ་བཤད་སྟེགས་སྟེང་ནས་བྱས་རྗེས་བསྐྲུན།།
གྲོས་གཞི་བཏོན་ནས་དམངས་ཀྱི་སྙིང་གཏམ་བརྗོད།།

     དགེ་རྒན་བྱས་ནས་ལོ་བཅུ་དྲུག་རིང་ལ་ཀྲེན་ཐའོ་ཡིས་སྤྱིར་བཏང་གི་སློབ་ཁྲིད་དགེ་རྒན་ནས་འཛིན་གྲྭའི་འགོ་འཛིན་དོ་དམ་པ།རྐང་འཛིན་དགེ་རྒན་ནས་མཐོ་རིམ་སློབ་འབྲིང་གི་སློབ་དོན་ཀྲུའུ་རེན། ལས་གནས་ལ་འགྱུར་ལྡོག་མང་པོ་བྱུང་ཡོད་མོད།འོན་ཀྱང་ཁོང་མོ་ཡིས་སློབ་ཁྲིད་བྱས་ནས་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལག་ལེན་ནན་ཏན་བྱས་པའི་ལས་འགན་སྒྲུབ་སེམས། དམངས་འཚོ་ལ་དོ་ཁུར་བྱས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད་པ་རེད།

     2021ལོར་ཀྲེན་ཐའོ་ཁུལ་སྐབས་བཅུ་བཞི་པའི་སྲིད་གྲོས་ཨུ་ཡོན་ལ་གྱུར་ཡོད། དེར་བརྟེན། རང་གི་འགན་འཁྲིའི་ལས་ཀར་བྲེལ་བ་ཆེ་བའི་ཐོག། ཡང་དུ་ལོ་རྒྱུས་ཀྱི་ལས་འགན་ཞིག་མང་དུ་ཕྱིན། སློབ་ཁྲིད་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་ཆབས་ཅིག། དགེ་རྒན་གྱིས་ཡོངས་ཁྱབ་ཏུ་བཏོན་པའི་གྲོས་འགོ་ལ་ཉན་འཇོག་དང་། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་དོ་སྣང་བྱས་ནས་གྲོས་འགོ་དང་གྲོས་གཞི་ཧུར་ཐག་འབྲི་བ་བཅས་བྱས་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཐབས་འདོན་ཇུས་འདོན་བྱས་པ་རེད།

     2006ལོར་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་མོས་རྟའུ་སློབ་འབྲིང་དུ་དམའ་རིམ་སློབ་འབྲིང་གི་བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཚན་འཁྲིད་པ་རེད། 2019ལོར་སླེབས་སྐབས་རྟའུ་སློབ་འབྲིང་གི་མཐོ་རིམ་སློབ་འབྲིང་སླར་གསོ་བྱས་རྗེས་སློབ་གྲྭའི་བཀོད་སྒྲིག་དང་ལེན་བྱས་ནས2019ལོ་རིམ་གྱི་འཛིན་གྲྭ་དང་པོའི་འཛིན་གྲྭ་འགོ་འཛིན་དོ་དམ་པའི་འགན་འཁུར་བ་དང་ཆབས་ཅིག། མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ་གཉིས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཚན་འཁྲིད་རྒྱུའི་འགན་འཁུར་བ་རེད། 

     མཐོ་རིམ་སློབ་འབྲིང་ལོ་གསུམ་ནང་མོས་སློབ་ཁྲིད་བྱས་པའི་འཛིན་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཚན་གྱི་སྦྱངས་འབྲས་ཆ་སྙོམས་སྐར་མ10ལྷག་ཙམ་མཐོ་རུ་ཕྱིན་ཡོད། 2022ལོའི་སྤྱི་ཟླ6པར་རྟའུ་སློབ་འབྲིང་གི་སྐབས་དང་པོའི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཚང་མ་བདེ་བླག་ངང་སློབ་མཐར་ཕྱིན་ནས་དངོས་གཞིའི་ཚན་ཁག་གི་ཚད་གཞི་བརྒྱ་ཆ19ལ་ཟིན་པ་དང་། ཆེད་སྦྱོང་ཚན་ཁག་གི་ཚད་གཞི་བརྒྱ་ཆ100ལ་ཟིན་ནས“ཚད་གཞི་དམའ་བོ་མཐོན་པོར་ཐོན་པའི”རྣམ་པ་མངོན་དུ་གྱུར་ཡོད། 

     ཀྲེན་ཐའོ་ཡིས“ང་ཚོའི་དགེ་རྒན་གྱི་ལོ་རྒྱུས་ལས་འགན་ནི་ཤེས་བྱ་རིག་གནས་ཡག་པོ་སློབ་དགོས་པར་མ་ཟད། མི་བཟང་པོ་ཞིག་གསོ་སྐྱོང་དེ་བས་ཀྱང་བྱ་དགོས། སློབ་མ་འཚར་ལོངས་ཡོང་བའི་ལམ་བུའི་ཐོག་ཚད་དང་མཐུན་པའི‘ལམ་སྟོན་པ’ཞིག་བྱ་དགོས།སློབ་གསོ་ནི་སེམས་ནང་གི་འགལ་རྐྱེན་ཞིག་ཡིན་པ་ནི་ངའི་སེམས་སུ་ཆགས་པའི་མྱོང་ཚོར་ཟབ་མོ་ཞིག་རེད།སློབ་མ་ཚོའི་སེམས་སུ་ཁྱོད་ཀྱི་ལྷག་བསམ་དང་ཟོལ་མེད་ཚོར་ཐུབ་ཚེ་གཞི་ནས་སློབ་མ་ཚོས་ཁྱོད་ལ་ཡིད་ཆེས་དང་ཁྱོད་ལ་བློ་འཐད་པ་རེད”ཅེས་བཤད། སློབ་གྲྭའི་བཀོད་སྒྲིག་ལྟར། ཉིན་རྟག་པར་ལས་རེས་དགེ་རྒན་གྱི་ལས་འགན་ཡོད་པར་བརྟེན། སློབ་མ་ཚོ་རྒྱུས་མངའ་ལོན་པ་དང་དེ་བས་དོ་དམ་ཡག་པོ་བྱེད་ཆེད། ཉིན་རྟག་པར་ཞོགས་པའི་ཆུ་ཚོད་བདུན་པ་ནས་དགོང་མོའི་ཆུ་ཚོད་བཅུ་པའི་བར་ཀྲེན་ཐའོ་སློབ་གྲྭའི་ནང་སློབ་མ་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་ནས་སློབ་སྦྱོང་བྱེད་ཀྱིན་ཡོད། རྟའུ་སློབ་འབྲིང་གི་ཡུལ་གྲུ་ཀུན་ཏུ་མོའི་ལང་ཚོའི་རྐང་རྗེས་བཞག་ཡོད། དེ་གར་ཁོས་ལེགས་སྐྱེས་འབུལ་བཞིན་ཡོད་པ་དང་། འཛུགས་སྐྱོང་བྱེད་བཞིན་ཡོད་པ། སློབ་གྲྭ་འདི་བརྟན་སྲུང་བྱས་དང་བྱེད་བཞིན་ཡོད་པ་རེད།

     ལོ་བཅུ་དྲུག་རིང་ལ་སློབ་ཁྲིད་བྱས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ཀྲེན་ཐའོ་ཡིས་རང་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་འཕེལ་རྒྱས་མིག་མཐོང་ལག་ཟིན་རེད། མོས་དཀར་མཛེས་ཁུལ་གྱིས2010ལོར་ཁུལ་ཡོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་བ་ནས་ད་ཆ་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་བར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་དཔང་པོ་ རེད། དེ་སྔའི་དགེ་རྒན་གྱི་ས་སྨྱུག་ཅིག་ལག་ཏུ་བཟུང་ནས་མགོ་ནས་མཇུག་བར་སློབ་ཁྲིད་བྱས་པ་འདི།དེང་སང་དུ་ཡོངས་ཁྱབ་ཏུ་སྔོན་ཐོན་གྱི་དྲ་ཐོག་སློབ་ཁྲིད་བྱེད་པར་གྱུར། སློབ་གསོའི་ཆ་རྐྱེན་སྒྲིག་བཀོད་ཁྲེང་ཏུའུ་ཡི་ཉེ་འཁོར་སློབ་གྲྭའི་རྗེས་སུ་ཟིན་ནས་སློབ་གྲྭ་ནི་རྫོང(གྲོང་ཁྱེར)སོ་སོའི་ས་གནས་དེ་གའི“ཆེས་མཛེས་ཤོས་དང་ཆེས་ཉེན་མེད་ཀྱི་འཛུགས་སྐྲུན”ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

     “ནུས་ཤུགས་ཡོད་རྒུས་བསྒྲུབས་ན་ཚད་གཞིར་ལོན་ཙམ་དང་།སེམས་ནུས་ཡོད་རྒུས་བསྒྲུབས་ན་གཞི་ནས་ཕུལ་དུ་བྱུང་བ་ཡོང་ཐུབ”ཅེས་བཤད་པ་འདི་ནི་མཁྲེགས་བཟུང་གི་རེ་སྙེག་ཡིན་ལ་ཁོ་མོས་སློབ་གསོར་བཞག་པའི་དམ་བཅའ་ཞིག་ཀྱང་རེད། མོས་ཁ་གདན་ཚིག་ལ་གནས་པའི་ཐོག་ནས་ཀུན་སྤྱོད་ཀྱི་སྙིང་སྟོབས་རྒྱས་བཤད་དང་།ཐབས་དང་ཤེས་རབ་ཀྱིས་སློབ་གྲྭའི་དྭངས་གཙང་ས་གཞི་བརྟན་སྲུང་བྱས་ཤིང་།གཅེས་སེམས་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོ་འཆང་བར་གསལ་བཤད་བྱས་པ་རེད། 

     སློབ་གསོའི་ལས་གྲྭ་དང་པོའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཀྲེན་ཐའོ་ཡིས་ཨུ་ཡོན་གྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་གདམ་ག་བྱས་ཚར་རྗེས་དཀའ་ཚེགས་ཁྲོད་དུ་མདུན་སྐྱོད་བྱས་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ་པར་བརྩོན་ལེན་བྱེད་ཀྱི་ཡོད། 

     ཀྲེན་ཐའོ་ཡིས“ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ངས་རང་ཉིད་ནི‘མང་ཚོགས་ཀྱི་མགྲིན་ཚབ་པ’དང‘སློབ་གསོའི་ལས་སྒྲུབ་པ’གཉིས་ཡིན་པའི་ཐོབ་ཐང་སེམས་སུ་བརྟན་པོ་བཅངས་ནས་སློབ་གསོའི་བྱ་གཞག་ལ་བརྩེ་སེམས་ཟབ་མོ།ལས་ཀ་དང་འཚོ་བའི་ཁྲོད་ཀྱི་གནས་ཚུལ་ཆུང་རྩག་ལ་བརྟེན་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་བསྒྲུབས་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་རང་ཉིད་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན”ཞེས་བཤད་པ་རེད།།



ཡེ་མགོན་དང་བདེ་སྐྱིད། ཡེ་ཤེས་བཅས་ཀྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཁུལ་སྐབས13པའི་དམངས་ཆེན་གྲོས་ཚོཊ་ཐེངས2པའི་གྲ་སྒྲིག་ལས་དོན་གྲུབ།
  • དོ་སྣང་ཆེ་བའི་རྩོམ།