དཀར་མཛེས་ཁུལ་གྱིས་སྐྱེ་ལྡན་ཐོན་ལས་འདུས་ཚོགས་སྟོབས་ལྡན་བཏང་ནས་ཤུགས་ཡོད་རྒུས་སྐྱེ་ལྡན་ཁུལ་བཏོད་པ།

ཀུན་དགས་བསྒྱུར།        2022-12-28

སྤྱི་ཟླ12པའི་ཚེས9ཉིན་སྐོང་ཚོགས་བྱས་པའི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཅན་བཞིའི་གོམ་སྟབས་གཅིག་མཚུངས་ཡོང་བར་སྐུལ་འདེད་བཏང་སྟེ་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་རིགས་གཉིས་ཀྱི་བདེན་དཔང་ར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་། ཞིང་ཆེན་རིམ་པའི་སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་སྐྱེ་ལྡན་ཁུལ་གཏོད་དགོས་ཞེས་བཏོན་ཡོད།

ན་ལོར་དཀར་མཛེས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་བཅུ་གཉིས་པ་དང་ད་ལོའི་ལོ་སྟོད་ཀྱི་དཀར་མཛེས་ཁུལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་མགྱོགས་མྱུར་དུ་འཕེལ་རྒྱས་བཏང་ནས་གནག་ཕྱུགས་དང་།ནས།ཤིང་ཏོག། སྔོ་ཚལ་སོགས་སྐྱེ་ལྡན་ཐོན་ལས་གཅིག་སྡུད་བྱས་ཏེ་སྐྱེ་ལྡན་ཁུལ་ཧུར་ཐག་གཏོད་པའི་ཐབས་ཇུས་བཀོད་སྒྲིག་བྱས་ཡོད།

ཉེ་ཆར། སྐྱེ་ལྡན་ཁུལ་འཛུགས་སྐྲུན་ལ་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུའི་ཐོག་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་ནི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།དེར་ཐུན་མོང་མ་ཡིན་པའི་ས་ཁམས་ལེགས་ཆ་དང་རང་བྱུང་ཆ་རྐྱེན་ལྡན་པས་སྣ་མང་ཅན་དང་རྒྱུན་མཐུད་ཐུབ་པའི་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ཐོན་ཁུངས་བཏོད་ཡོད། སྐྱེ་ལྡན་ཁུལ་འཛུགས་སྐྱོང་བྱ་རྒྱུ་ནི་སྐྱེ་ཁམས་སྔོན་སྤེལ་འབྱུང་འཕྲོད་ཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ།ས་ཁོངས་འཕེལ་རྒྱས་ཀྱི་གནས་བབ་གཏན་འཁེལ་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག། རང་གི་སྤུས་རྟགས་ལེགས་ཆ་འདོན་སྤེལ་བྱེད་པའི་ལྡོག་མེད་ཀྱི་ཐབས་ལམ་ཞིག།ཕན་འབྲས་མཐོ་བའི་ཞིང་ལས་འཕེལ་རྒྱས་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་དང་འཛད་སྤྱོད་རིམ་སྤོར་གྱི་གདམ་ག་ཡག་ཤོས་ཀྱང་རེད་ཅེས་གསུངས་མྱོང་བ་རེད།

ཉེ་བའི་ལོ་འདི་ཁ་ཤས་རིང་།དཀར་མཛེས་ཁུལ་གྱིས་ཐོན་རྫས་དང་རྒྱུ་སྤུས་ཚོང་རྟགས་འཛུགས་སྐྱོང་བྱ་རྒྱུ་ལྟེ་གནས་སུ་བཟུང་ནས། ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཐོ་འགོད་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་རྨང་གཞིར་བྱས་ཏེ་ཁྱད་ཆོས་སྒོ་ཕྱུགས་དང་ཁྱིམ་བྱ།སྤུས་ལེགས་འབྲུ་རིགས་དང་བཟའ་སྣུམ། སྔོ་ཚལ།ལྷད་མེད་སྔོ་ཚལ།ཁྱད་ཆོས་ཤིང་ཏོག། བཟའ་བྱའི་ཤ་མོ།ས་གནས་ཀྱི་རྒྱ་ལུགས་སྨན་རྩྭ།སྤྲོ་གསེང་ཞིང་འབྲོག་སོགས་ཐོན་ལས་གསོ་སྐྱོང་ཤུགས་ཆེན་བྱས་ནས་ལེགས་ལྡན་ཐོན་ཁུངས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཞིང་འབྲོག་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྔར་བས་སྐུལ་འདེད་བཏང་ནས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

དཀར་མཛེས་ཁུལ་གྱིས་སྐྱེ་ལྡན་ཁུལ་གཏོད་པར་སྐད་གྲགས་འགྲོ་ཆེད།2022ལོའི་སྤྱི་ཟླ10པའི་ཚེས20ཉིན་རྒྱལ་ཡོངས་ཀྱི་སྐྱེ་ལྡན་བོད་ཀྱི་ཤ་མོ་ཚོང་རར་ཚོང་འགྲེམ་བྱས་པའི་སྒོ་བྱང་མཛད་སྒོ་དེ་ལི་ཐང་རྫོང་མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་རའི་ནང་གཉེར་ཡོད། གྲངས་གཞི་ཅན་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་སྦྲེལ་ཐག་མ་ལག་གི་ལེགས་ཆ་བརྒྱུད་ནས་ཐོན་སྐྱེད་དང་ཁྲོམ་ར་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་ནས་མཁའ་དབྱིངས་གྲོང་ཁྱེར་གྱི་ལི་ཐང་ཞིང་ལས་གྲངས་གཞི་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད།

ཧའོ་མཱ(ཀྲུང་གོ)ཚད་ཡོད་སྤྱི་གཉེར་ཁང་སྤྱི་པའི་ལས་དོན་པུའུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་རེན་ཡོན་གྱིས་ཕྱིན་ཆད་སྤྱི་གཉེར་ཁང་གིས་ཕྱོགས་ཡོངས་ནས་གྲངས་གཞི་ཅན་ལ་བརྟེན་ནས་ལི་ཐང་བོད་ཀྱི་ཤ་མོའི་ཐོན་ལས་ཚད་ལྡན་ཅན་དང་།གཞི་ཁྱོན་ཅན།སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ས་ཕྱོགས་ཁག་ལ་བསྐྱོད་རྒྱུ་རེད་ཅེས་བཤད།

ད་སྔའི་བར་དཀར་མཛེས་ཁུལ་གྱིས་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཐོན་རྫས་རིམ་རྩིས་བྱས་ན223ཡོད་པའི་ནང་སྤྱི་གནོད་མེད་པའི་ཞིང་འབྲོག་ཐོན་རྫས93དང་།ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས14ཉེན་མེད་བཟའ་བཅའ58སྐྱེ་ལྡན་ཐོན་རྫས63བཅས་ཡོད། ཕྱག་ཕྲེང་བོད་ཕག་དང་ཕྱག་ཕྲེང་ཀུ་ཤུ་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་གྲགས་ཅན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་མིང་གཞུང་ནང་བཞག་ཡོད།

འབྱུང་འཕྲོད་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་གནག་ཕྱུགས་དང་།ནས།རི་སྐྱེས་ཤ་མོང་།ཤིང་ཏོག་དང་སྔོ་ཚལ་སོགས་སྐྱེ་ལྡན་ཐོན་ལས་ཀྱི་འདུས་ཚོགས་སྟོབས་ལྡན་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་ཁུལ་གཏོད་ཆེད།སྤྱི་ཟླ11པའི་ཚེས7ཉིན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས《དཀར་མཛེས་ཁུལ་གྱིས་སྐྱེ་ལྡན་ཁུལ་གཏོད་པའི་ལག་བསྟར་བསམ་འཆར》བཀོད་ཡོད།(གཤམ་དུ་བསྡུས་མིང་ལ《བསམ་འཆར》ཞེས་བརྗོད་ཡོད།

《བསམ་འཆར》ནང་བསྟན་དོན།2026ལོར་སླེབས་སྐབས་དཀར་མཛེས་ཁུལ་གྱིས་ཉེན་མེད་བཟའ་བཅའ་དང་།སྐྱེ་ལྡན་ཞིང་ལས་ཐོན་རྫས།ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས་ཀྱི་གྲངས་འབོར་རིམ་རྩིས་བྱས་ན253ལ་ཟིན་པ་དང་།བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་ཚད་ལོན་ལག་ཁྱེར་ལམ་ལུགས་ཚོད་ལྟའི་ངང་ལག་བསྟར་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཉེན་མེད་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་རྟེན་གཞི1ནས2བར་དང་།སྐྱེ་ལྡན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་དཔེ་སྟོན་ཁུལ8ནས10བར།སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞི་གསར་འཛུགས་བྱས་ཡོད། རྫོང(གྲོང་ཁྱེར)རེར་སྐྱེ་ལྡན་སྤུས་རྟགས1ནས2བར་གསོ་སྐྱོང་བྱས་ནས་ཁུལ་ཡོངས་སུ་སྐྱེ་ལྡན་སྤུས་རྟགས5ནས10བར་གཅིག་སྡུད་ཐོག་སྟོབས་ཆེར་གཏོང་བ་དང་།སྐྱེ་ལྡན་སྤུས་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོན་རྫས་ཀྱི་གྲངས་འབོར100ཡན་ཟིན་པ།སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ཁྲོམ་རའི་བྱེད་པོ་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ལ་ཁྱབ་པ་བཅས་ཀྱི་ས་ཁོངས་ཧྲིལ་པོར་སྐྱེ་ལྡན་མངོན་འགྱུར་བྱུང་བ་དང་སྐྱེ་ལྡན་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད།

དམིགས་འབེན་མངོན་འགྱུར་བྱེད་ཆེད། 《བསམ་འཆར》ནང་བསྟན་དོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱ་རྒྱུ་དེ་ཞིང་ལས་ཀྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་མགྱོགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་ནས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། དཀར་མཛེས་ཁུལ་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི400ལས་མི་དམའ་བ་དང་།རྫོང(གྲོང་ཁྱེར)གི་ནོར་སྲིད་ནས་ལོ་རེར་སྒོར་ཁྲི100ལས་མི་དམའ་བའི་སྔོན་རྩིས་ཀྱི་ཚད་གཞི(ཁུལ་ཡོངས་ཀྱི་ནོར་སྲིད་ནས་ལོ་རེར་སྒོར་ཁྲི2200ལས་མི་ཉུང་བ)ལྟར་སྐྱེ་ལྡན་ཁུལ་གཏོད་པའི་ཆེད་དོན་གྲོན་དངུལ་བཀོད་སྒྲིག་བྱས་ནས་ཁུལ་ཡོངས་དང་དེ་བཞིན་རྫོང(གྲོང་ཁྱེར)གི་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་།སྐྱེ་ལྡན་ཐོན་རྫས་དཔེ་སྟོན་ཁུལ་གཏོད་པ།ཉེན་མེད་བཟའ་བཅའ་དང་སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད།ས་ཁོངས་ཀྱི་སྤུས་རྟགས་གཏོད་པ།ལག་རྩལ་ཁྱབ་གདལ་སོགས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།གནག་ཕྱུགས་ཐོན་ལས་འདུས་འཛོམས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡ་ཁེ་དཀར་མཛེས་ས་ཁོངས་ཀྱི་སྤུས་རྟགས་གཏོད་ཆེད། ད་ལོ་ནས་བཟུང་དཀར་མཛེས་ཁུལ་ནོར་སྲིད་ཀྱིས་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་རིམ་པའི་མ་དངུལ་སྒོར་ཁྲི1010བཀོད་སྒྲིག་བྱས་པ་དང་།ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར3.55བསྡུ་སྒྲིལ་བྱས་པ།གནག་ཕྱུགས་ཐོན་ལས་འདུས་འཛོམས་འཛུགས་སྐྲུན་སོགས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དབུལ་ཐར་ས་ཁུལ་གྱི་ལེགས་ལྡན་ཁྱད་ཆོས་ཐོན་ལས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཁུལ་ནོར་སྲིད་ཀྱིས་ད་དུང་གནག་ཕྱུགས་ཐོན་ལས་འདུས་འཛོམས་ཀྱིས་གསོ་ཚགས་བྱས་པའི་གནག་ཕྱུགས་ཚང་མ་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཁྱབ་ཁོངས་ནང་བཞག་ནས་གསོ་ཚགས་དུད་ཚང་གིས་རང་བྱུང་གནོད་འཚེ་འགོག་པ་དང་བསམ་ཡུལ་ལས་འདས་པའི་ལས་འཛོལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་སྟེ་གནག་ཕྱུགས་ཐོན་ལས་འདུས་འཛོམས་བསྐྲུན་རྒྱུར་སྲུང་སྐྱོང་བྱས་ཡོད།

ད་སྔའི་བར་དཀར་མཛེས་ཁུལ་གྱི་གནག་ཕྱུགས་འགན་བཅོལ་གྲོན་དངུལ་གྱི་གཞི་ཁྱོན་སྒོར་ཁྲི3750ལ་ཟིན་པའི་ནང་ནོར་སྲིད་ཀྱིས་ཁ་གསབ་སྒོར་ཁྲི3000སྤྲད་དེ་གནག་ཕྱུགས་གསོ་ཚགས་ལ་ཉེན་ཁ་འགན་ལེན་སྒོར་དུང་ཕྱུར5.7བྱས་ནས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་ཉེན་ཁ་ཆུང་དུ་གཏོང་བ་དང་གསོ་ཚགས་ལ་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པས་གསོ་ཚགས་དུད་ཚང་གི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད།

དཀར་མཛེས་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཝུན་ཅན་གོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་གྱི་མཛུབ་ཁྲིད་འོག་ང་ཚོས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཐོག་གཅིག་གྱུར་བྱས་ནས་བློ་གྲོས་དང་སྟོབས་ཤུགས་དེང་རབས་ཅན་གྱི་དཀར་མཛེས་ལེའུ་ཡག་པོ་འགོད་པའི་བླ་ན་མེད་པའི་བྱ་གཞག་ཐོག་གཅིག་སྒྲིལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། ནོར་སྲིད་ཀྱི་འགན་ནུས་དང་ཟུང་འབྲེལ་གྱིས་རང་རེའི་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཁོར་ཡུག་དང་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྣ་མང་ཅན་གྱི་མ་འཇོག་འགན་ལེན་ལམ་སྲོལ་ཧུར་ཐག་བཙུགས་ཏེ་ནོར་སྲིད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྐྱེ་ལྡན་ཁུལ་ཤུགས་ཡོད་རྒུས་བཏོད་དེ་དཀར་མཛེས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་བ་དང་།ཕན་འབྲས་ཆེ་བ།རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྣེ་ཁྲིད་བྱེད་དགོས་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གསུམ་ཟུང་འབྲེལ་བྱས་ཏེ་རྒན་གསོའི་ཞབས་ཞུ་ལས་ཀ་སླར་ཡང་མཐོ་རུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།