རང་ཁུལ་གྱིས་དགུན་ཁའི་དྲོད་འདོན་ལས་དོན་འདི་འདྲ་སྤེལ།

ཐུབ་ཀྱིས་བསྒྱུར།        2022-12-27

སྤྱི་ཟླ12པའི་ཚེས22ཉིན་ལ། གསར་འགོད་པས་ཁུལ་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། རང་ཁུལ་གྱིས་རླངས་འདོན་དྲོད་འདོན་དང་དབྱང་འདོན་གཙོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་འཚམ་ལས་གྲྭ་སྤེལ་དང་སྤེལ་བཞིན་པའི་སྒང་རེད།ད་ཆ། དར་མདོ་དང་སེར་ཤུལ། གསེར་རྟ། ལི་ཐང་། འདབ་པ་རྫོང་དང་གྲོང་ཁྱེར་གྱི་གྲོང་ཁུལ་ཁ་ཤས་སུ་ནུས་ཁུངས་གཙང་མའི་གཅིག་བསྡུས་དྲོད་འདོན་ཐུབ་ཡོད་ལ། དར་མདོ་དང་འདབ་པ། ལི་ཐང་། སེར་ཤུལ། གསེར་རྟ་བཅས་སུ་དྲོད་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི52.86ལ་ཟིན་པ་དང་། ཁུལ་ཡོངས་ཀྱི་སྐྲུན་བཞིན་པའི་དྲོད་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི54.9ལ་ཟིན་ཡོད།

རང་ཁུལ་གྱིས་དགུན་ཁའི་དྲོད་འདོན་ལས་དོན་འདི་འདྲ་སྤེལ།

   ཁུལ་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་གྲོང་འཛུགས་གྲོང་ཁྱེར་དོ་དམ་ཁང་གི་མགོ་གཙོ་ལི་ཅུན་གྱིས་ཕྱིན་ཆད། སྔོན་ལ་གྲོང་ཁྱེར་དང་དེ་ནས་གྲོང་རྡལ་གྱི་རྩ་དོན་ལྟར། རྫོང་དང་གྲོང་ཁྱེར་གྱི་ས་ཁམས་གནས་སྟངས་དང་རྒྱུན་སྡོད་མི་གྲངས། དཔལ་འབྱོར་འཕེལ་རྒྱས། ཐོན་ཁུངས་ལེགས་ཆ། གྲང་ངར་གྱི་ཚད། མཚོ་འཕགས་སོགས་ཀྱི་རྒྱུ་རྐྱེན་མང་པོར་ཕྱོགས་བསྡུས་བསམ་གཞིག་བྱས་ནས། གཙོ་གནད་གྲོང་རྡལ་གྱི་སྤྱི་པའི་འཛུགས་སྐྲུན་དང་དྲོད་དང་དབྱང་འདོན་པ་དུས་མཉམ་དུ་ཚན་འབོར་དང་པོའི་ཚོད་ལྟ་རུ་བཙུད་དེ་སྤྱི་འདོམས་སྐུལ་འདེད་བྱ་རྒྱུ་ཡིན་ལ། 2023ལོར་རླངས་དྲོད་དབྱང་གསུམ་མཁོ་འདོན་གྱི་ལས་གཞི19སྤེལ་རྒྱུ་ཡིན་ཞིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར12གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

   དར་མདོའི་གཉའ་ལུང་འགོ་ས་དྲོད་ས་ཚུགས་ནས་མདོ་གྲོང་གསར་པའི་དྲོད་བརྗེ་ས་ཚུགས་བར་གྱི་དྲོད་འདོན་དྲྭ་སྦུག་སྤྱི་ཟླ12པའི་ཚེས30ཉིན་ལ་ལས་ཚར་རྒྱུ་རེད་ཅེས་ལས་ཡུལ་གྱི་འགན་ཁུར་བ་ཝང་ཚའོ་ཅུན་གྱིས་དེ་ལྟར་བཤད་པ་རེད།

   དཀར་མཛེས་རྫོང་གི་ད་ཆ་མཐོ་སྒང་གི་གཞིས་འཚམ་ལས་གྲྭ་འཛུགས་བཞིན་པའི་སྒང་ཡིན་ཞིང་། ད་ལྟ་དཀར་མཛེས་རྫོང་སློབ་གསོ་གླིང་ཁུལ་གྱི་གཅིག་བསྡུས་དྲོད་འདོན་ལས་གྲྭ་དང་དཀར་མཛེས་རྫོང་གི་དྲོད་འདོན་འཛུགས་སྐྲུན་ལས་གཞི་དུས་རིམ་དང་པོ་སྐྲུན་འགོ་བཙུགས་ཡོད།

  • ལེ་ཚན་སྔོན་མ།:འགྲིམ་འགྲུལ་པུའུ་ཡི་རོགས་སྐྱོར་ཚོགས་ཆུང་བཞི་པས་གསེར་ཐར་ལ་རོགས་སྐྱོར་བྱས་ནས་ཕན་འབྲས་མངོན་གསལ་ཐོབ།
  • ལེ་ཚན་རྗེས་མ།:མི་རབས་གསུམ་དང་གསར་བརྗེའི་རིག་དངོས།
  • དོ་སྣང་ཆེ་བའི་རྩོམ།