ཤུགས་གླུ་སྒྱེ་གང་།

ཁམས་པ་རབ་དབྱངས།        2022-12-30

སྟོན་མཇུག་གི་གནས་མལ་འདི།

ཅི་ཙམ་གྲང་ཀྱང་རུང་། ད་དུང་ངས།

དགུན་གྱི་གནས་ལམ་ཞེ་ལ་ཡོང་གི་མི་འདུག།

རི་རྩེ་ལ་ཁངས་ཆར་ཅི་ཙམ་འཐོར་རུང་།

རྩྭ་ཕྲན་གྱི་སྡོང་རྐང་དག་རྒུད་པ་མ་གྱུར།

ས་འཁྱག་རླུང་འཁྱག་གི་ནམ་ཟླ་འདིར།

ལས་སྐལ་གྱི་མཛེས་སྡུག་ངོམ་ས།

ཁྱེད་རང་ཡིན།

ཁ་མདོག་འགྱུར་བའི་རི་གྲོང་དུ།

ལྗོན་པ་དག་གཅེར་བུ་བུད་སོང་།

མཛེས་སྡུག་གི་དུས་ཚོད་རུལ་ན་ཡང་།

མེ་ཏོག་དང་རྩྭ་ཐང་། འཕྲད་ངེས་རེད།

ཡོད་ཚད་བྲེལ་ཞིང་འདུར་རྗེས།

རང་ཉིད་སེམས་ཉིད་དུ་གནས་པར་བྱ།

ནམ་ཟླ་བཞུར་ཤུལ་སྨྲེང་བ།

སུ་ལའང་བཤད་འདོད་མ་བྱུང་།

ཡིན་ནའང་སྙིང་ཉེ་ལ་བཤད་ཡོད་དམ།

རི་བོ་དག་གངས་རི་འགྱུར་རྗེས།

མི་སེམས་ལ་འཁྱག་གྲང་ཅི་ཙམ་འཐིབ།

ང་ནི་རྩྭ་ཐང་ནས་བརྒལ་རྗེས།

རྩྭ་ཐང་གི་མཛེས་སྡུག་ཆ་ཚང་ཡིད་ངོར་མ་ཤོང་།

༡༠

རང་བྱུང་གི་མཛེས་སྡུག་ཚང་མ་རྒུད་རྗེས།

ད་གཟོད་ངས་ཁྱེད་རང་ཡོད་རྒྱུ་ན་བསམ་སོང་།

༡༡

སྐྱེ་འཆི་ཡི་རླུང་ཆེན་ལྡང་རྗེས།

ང་ལ་དུས་ཚོད་ཀྱི་སྟོང་ཆ་མི་འདུག

༡༢

ཕྱི་རོལ་ཏུ་གྲང་ངར་འཐིབས་རྗེས།

སྙན་ངག་གི་ཡིག་འབྲུ་ལས་ཁྱེད་རང་ཡོང་དོན་ཡང་།

ངའི་སྙན་ངག་བསྡུས་བརྗོད་རེ་རེ་ཡིན།

༡༣

ཉི་ནུབ་ཀྱི་མཐའ་ནས།

དོ་ནུབ་དྲན་སོང་།

དོ་ནུབ་དྲན་པ་དང་ལྷན།

དོ་ནུབ་ལས་རྙེད་པའི་མི་དེ་དྲན་སོང་།

༡༤

དབྱངས་ཀྱི་སྐུད་པ་འཁེལ་རྗེས།

སྐུད་པའི་གསེབ་ན།

ཁྱེད་རང་ཡོད་པའི་རྟེན་འབྲེལ་འགྲིག་ན་དེས་ཆོག

༡༥

ཚོར་བ་ཆད་པའི་བྱེ་ཐང་འདིར།

ང་འདུག་ན་མི་འདོད།

རྣམ་རྟོག་རྙིང་བའི་རི་གྲོང་འདིར།

ངས་རྣམ་རྟོག་འགྱུ་བ་འབྲི་མི་འདོད།

  • ལེ་ཚན་སྔོན་མ།:རང་མཉམ་དགེ་རྒན་དག་ལ་བགྲོ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།