ཀོ་གྲུ།

སྨན་བླ་སྐྱངས།        2022-03-22

ཀོ་གྲུ།

ཚིག། སྨན་བླ་སྐྱངས།

དབྱངས། སྒྲོལ་མ་སྐྱབས།

ལེན་མཁན། སྒྲོལ་མ་སྐྱབས།

 

ཚེས་གསུམ་ཚེས་རུ་འདྲ་བའི།

སེམས་ཀྱི་ཀོ་གྲུ་ཆུང་ཆུང་།

བེའུ་ཁྲ་ཆུང་ལྷས་ནས་ཡལ་སོང་།

ཀོ་བ་གཙང་པོའི་གཞུང་ལ་མངོན་བྱུང་།

མ་བྲིས་སེམས་ཀྱི་རི་མོ་དེ་ནི།

ཡར་ཀླུང་གཙང་པོའི་གཞུང་ལ་ལུས་སོང་།

ཡར་ཀླུང་གཙང་པོའི་ཀོ་གྲུ་ཆུང་ཆུང་།

ཡར་ཀླུང་གཙང་པོའི་ཆུ་དེ།།

དྲིན་ཅན་འབྲི་མོའི་འོ་མ་འདྲ་བྱུང་།

ཡར་ཀླུང་གཙང་པོའི་ཆུ་དེ།།

མ་བུ་དྲན་པའི་གདུང་དབྱངས་འདྲ་བྱུང་།

ཡར་ཀླུང་གཙང་པོའི་ཆུ་དེ།

བུ་ངའི་སེམས་ཀྱི་བདུད་རྩི་འདྲ་བྱུང་།

ཡར་ཀླུང་གཙང་པོའི་ཀོ་གྲུ་ཆུང་ཆུང་།

་་་་་་་

ཚེས་གསུམ་ཚེས་རུ་འདྲ་བའི།

སེམས་ཀྱི་ཀོ་གྲུ་ཆུང་ཆུང་།

བེའུ་ཁྲ་ཆུང་ལྷས་ནས་ཡལ་སོང་།

ཀོ་བ་གཙང་པོའི་གཞུང་ལ་མངོན་སོང་།

མ་བྲིས་སམེས་ཀྱི་རི་མོ་དེ་ནི།

ཡར་ཀླུང་གཙང་པོའི་གཞུང་ལ་ལུས་སོང་།

ཡར་ཀླུང་གཙང་པོའི་ཀོ་གྲུ་ཆུང་ཆུང་།

ཡར་ཀླུང་གཙང་པོའི་ཆུ་དེ།

བརྩེ་བ་ཆེན་པོའི་རྒྱུན་དང་འདྲ་བྱུང་།

ཡར་ཀླུང་གཙང་པོའི་ཆུ་དེ།

སྨྲེང་བ་སྲབ་མོའི་གླུ་དང་འདྲ་བྱུང་།

ཡར་ཀླུང་གཙང་པོའི་ཆུ་དེ།

བུ་ངའི་སེམས་ཀྱི་བདུད་རྩི་འདྲ་བྱུང་།

ཡར་ཀླུང་གཙང་པོའི་ཀོ་གྲུ་ཆུང་ཆུང་།

་་་་་་

ཀོ་གྲུ།

  • ལེ་ཚན་སྔོན་མ།:སློབ་རའི་སྤྲོ་སྣང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།