དཀར་མཛེས་རྫོང་གིས་ས་གནས་རང་གི་ཁྱད་ལྡན་ཐོན་ལས་གསར་དུ་བཏོད།

        2022-03-22

ཉེ་ཆར་སྨྱུག་འཛིན་པས་དཀར་མཛེས་རྫོང་སྲིད་གཞུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་དཀར་མཛེས་རྫོང་གིས་སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་ཚགས་ལས་རིགས་ཤུགས་ཆེར་གཏོང་བ་དང་། ས་གནས་རང་གི་ཐོན་ཁུངས་ལ་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་མང་ཚོགས་གྱི་ཡོང་འབབ་འཕར་བར་རོགས་འདེགས་བྱས་པ་རེད།

    སྤྱི་ལོ2022ལོར་མ་དངུལ་སྒོར་ཁྲི280བཏང་སྟེ་ནས་ཀྱི་ཐོན་ལས་དཔེ་སྟོན་རྟེན་གཞི་མུའུ་ཁྲི1བསྐྲུན་བཞིན་ཡོད་ལ། འབྲུ་བཟང་ནས་ཀྱི་འབྱུང་ཁུངས་དཀར་མཛེས་ས་ཆར་ཁམས་བྱང་གི་འབྲུ་མཛོད་ཅེས་པ་བསྐྲུན་ནས་ས་མཐོའི་སྐྱེ་ལྡན་ནས་ཀྱིས་གཙོ་བོར་བྱེད་པའི་ཐོན་ལས་གཅིག་སྡུད་བསྐྲུན་རྒྱུ་དང་། དཀར་མཛེས་ཀྱི་ཞོག་ཁོག་སྨུག་པོ། ས་མཐོའི་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་སོགས་ཀྱི་ཐོན་ལས་ལ་དམ་འཛིན་ཡག་པོ་བྱེད་བཞིན་ཡོད་པ་རེད། 

      “རིག་གནས་ཡུལ་སྐོར་གྱིས་བསྐྱར་དུ་དཀར་མཛེས་སྐྲུན་པའི”འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས་ས་གནས་རང་གི་རྟའི་རིག་གནས་དང་། གསར་བརྗེའི་རིག་གནས། གངས་རི། རྩྭ་ཐང་། མཚོ་དང་མཚེའུ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ཞབས་ཞུ་ལྟེ་གནས་མཛེས་ཤོས་དང་། ཁྱད་ཆོས་ལྡན་པའི་རྟ་རྒྱུག་ར་བ་བསྐྲུན་རྒྱུ་དང་། དམངས་སྲོལ་སྣེ་ལེན་ཁང་དང་གྲོང་ཚོ། མཛེས་ལྗོངས་ཡག་ཤོས་བཅས་ཀྱི་པར་ལེན་རྟེན་གཞི་གཞི་གཅིག་ཅན་གྱི་རྟ་ཡི་རིག་གནས་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།



  • ལེ་ཚན་སྔོན་མ།:​མགྱོགས་ཐུག་གི་སྐྱུར་ཚལ་བཟོ་སྟངས་བཙོག་པ་ཞིག་དམར་རྗེན་དུ་བཏོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།