ཨ་མ་ལ་ཕུལ་བའི་ཀ་རྩོམ་ཡིད་ཀྱི་འཁྲི་ཤིང་།

རྗེ་བཙུན་མཚོ།        2022-03-21

ཀ་ཡེ་གསོན་དང་ཡུམ་ཆེན་རིན་པོ་ཆེ།།

ཁ་ལ་མངར་གསུམ་བྱིན་མཁན་དྲིན་ཆེན་མ།།

ག་ས་གང་དུ་བཞུགས་ཀྱང་བྱམས་ལྡན་མ།།

ང་ཡི་སེམས་ནས་ཁྱེད་ཉིད་བརྗེད་མྱོང་མེད།།

ཅ་ཅོ་སྨྲ་བའི་ཕྲུ་གུ་ང་ཚོ་ལ།།

ཆ་རྒྱུས་གཏམ་གྱི་སྙིང་གཏམ་བརྗོད་པ་ཡིས།།

ཇ་དང་ཐུད་ཀྱི་ཞལ་ཟས་སྩོལ་མཁན་མ།།

ཉ་ཡིས་ཆུ་འདོན་ལྟར་དུ་ནུ་ཞོ་སྩོལ།།

ཏ་ལེན་ལུས་ཀྱི་སྣོད་དུ་ང་བཅུག་ནས།།

ཐ་ན་རང་ལུས་ཡིན་ཡང་བདག་ལ་འབུལ།།

ད་ནི་མི་སྡོད་ཤེས་བྱའི་མཁའ་ལ་འཕུར།།

ན་ཚོད་གཞོན་སྟབས་མཁས་པའི་གྲལ་དུ་འགྲོ།།

པ་ཏྲ་འདྲ་བའི་སྣ་མང་འཇིག་རྟེན་འདིར།།

ཕ་མཐའ་བྲལ་ནས་ས་ཕྱོགས་ཀུན་ཏུ་འགྲོ།།

བ་མོ་ནང་བཞིན་བུ་མོ་ང་མི་འདུག།

མ་ཡུམ་སློབ་གྲྭར་བརྟེན་ནས་མདུན་ལམ་འཚོལ།།

ཙ་གེ་ཙིག་གེ་ཡིན་ཡང་སེམས་ལ་འཛིན།།

ཚ་གྲང་བཀྲེས་ལྟོགས་ཙམ་ལ་མི་ལྟ་བར།།

ཛ་གྲགས་ཅན་གྱི་མི་ཞིག་མ་ཡོང་རུང་།།

ཝ་ལེར་ཁྱེད་ཀྱི་བཀའ་དྲིན་སེམས་ཀྱིས་འཛིན།།

ཞ་ལྟར་མཉམ་འགྲོའི་དུས་ཚོད་མེད་ཀྱང་རུང་།།

ཟ་མ་ཐུན་གཅིག་ཟོས་ཀྱང་ཁྱེད་ཉིད་དྲན།།

འ་ཅག་མ་སྨད་གཉིས་ཀྱི་ལས་སྨོན་འདི།།

ཡ་ཆུང་ཁོག་པའི་ནང་ནས་སྙིང་ལས་དམར།།

ར་བ་ཆུང་རུང་བརྩེ་སེམས་མཁའ་དང་མཚུངས།།

ལ་ལུང་རྩྭ་ཆུ་འཇིག་རྟེན་འགྱུར་ན་ཡང་།།

ཤ་དང་ཁྲག་རྒྱུད་འབྲེལ་བ་འགྱུར་མེད་དེ།།

ས་ཕོགས་འདི་ནས་མ་སྨད་ལྷན་འཛོམས་བྱུང་།།

ཧ་ཧ་ཟེར་ནས་མི་ཚེ་སྐྱིད་ལ་རོལ།།

  • ལེ་ཚན་སྔོན་མ།:བོད་ཡིག་དགེ་རྒན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།