མེ་ལོང་སྨེང་བ།

ཐོར་བུ།        2022-03-11

སྤྱིལ་བུའི་ནང་དུ་རླུང་

ལྡང་བྱུང་།

ཆར་བབས་བྱུང་།

ཡིན་ན་ཡང་།

ཁྱོད་རང་ཕེབས་རྒྱུ་མ་བྱུང་།

སྤྱིལ་བུའི་ནང་དུ་མི་རྣམས་

ཀྱིས་ཁ་པར་ལས།

གློག་བརྙན་དང་།

མགྱོགས་འཕྲིན་དག་ལ་ཡང་ཡང་ལྟ།

ངས།རང་ཉིད་ལ་མནར་གཅོད་གཏོང་བ་བཞིན།

ཁྱོད་ལ་བསྒུགས་ཀྱང་ཁྱོད་རང་ཕེབས་མ་བྱུང་།

ཆར་བ། ཆར་བ།

ཁྱོད་ཀྱིས་ངའི་མིག་ལས་ག་ལེར་

སེམས་སུ་སིམས་པའི་

སྙིང་ཉེ་དྲན་དུ་བཅུག།

སྙིང་ཉེ། སྙིང་ཉེ།

ཁྱོད་ཀྱི་ལག་པ་འདིར་སྤྲིངས་དང་

ངའི་བརྩེ་བའི་སྡུག་བསྔལ་དག།

མེ་ཏོག་དང་ཉི་འོད་དུ་འགྱུར་འགྲོ།

གང་ལྟར་གླུ་དེར་ཉན་ནས་

ང་རང་། ཁེར་རྐྱང་དུ་ཡུན་

རིང་བསྡད་དགོས་བྱུང་།


  • ལེ་ཚན་སྔོན་མ།:དབྱངས་ཀྱི་ལྡིང་ཁང་ལ་སྦྱར་བའི་ཞུ་མཆིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།