ཀྲེན་ཅན་ཡིང་གིས་གྲོས་གཞི་འདི་འདྲ་བཏོན་འདུག།

ཐུབ་ཀྱིས་བསྒྱུར།    མི་དམངས་དྲ་བ།    2022-03-10

ཀྲེན་ཅན་ཡིང་གིས་གྲོས་གཞི་འདི་འདྲ་བཏོན་འདུག།

    2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་ཀྱི་འཐུས་མི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་གཡག་རྭ་ཡུལ་ཤོག་ཟམ་པ་དང་པོའི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲེན་ཅན་ཡིང་གིས་ཡུལ་སྡེ་དར་རྒྱས་སྐོར་གྱི་གྲོས་གཞི་བཏོན་པ་རེད།

    ཀྲེན་ཅན་ཡིང་གིས་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་ན། ཞིང་འབྲོག་པའི་སྤྱི་ཁྱབ་ཡོང་འབབ་ཇེ་མང་དུ་གཏོང་བ་དང་གྲོང་ཡུལ་གྱི་ཧེ་བག་ཇེ་ཆུང་དུ་བཏང་ནས། ཞིང་འབྲོག་པ་ཐུན་མོང་ངང་ཕྱུག་འབྱོར་ཡོང་དགོས་པ་དེ་རེད། དེས་ན་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་ཡུལ་སྡེ་དར་རྒྱས་བར་འབྲེལ་མཐུད་གང་ལེགས་ཇི་ལྟར་བྱ་རྒྱུ་དང་། ཞིང་འབྲོག་པའི་ཡོང་འབབ་དངོས་གནས་དྲང་གནས་འཕར་ཐུབ་པ་རོགས་རམ་ཇི་ལྟར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་རེད། སྔ་མ་ཡིན་ན་རོགས་སྐྱོར་བྱ་ཡུལ་ནི་ཁྱིམ་ཚང་རེད། ད་ལྟ་མཉམ་ལས་ཁང་ལ་བརྟེན་ནས་ཐོན་ལས་ཀྱིས་སྤྱི་ཁྱབ་ཐོག་ནས་སྐུལ་ཁྲིད་བྱེད་པ་དང་། ཞིང་འབྲོག་པའི་ས་ཞིང་དང་རྩྭ་ར་བརྒྱུད་ཤུག་བྱས་ཏེ། ཞིང་འབྲོག་པ་ཐོན་ལས་སྤྱི་གཉེར་ཁང་དུ་ལས་ཞུགས་ཐུབ་ན། ཡོང་འབབ་སྣ་ཁ་གཉིས་རག་ཐུབ། ཡུལ་སྡེ་དར་རྒྱས་ནི་དབུལ་ཐར་འགག་སྒྲོལ་དང་མི་འདྲ། དེ་ནི་ཁོངས་ཡོངས་དང་མི་ཡོངས། ཁྱོན་ཡོངས་བཅས་ཀྱི་དར་རྒྱས་ཤིག་རེད་ལ་དུས་ཡུན་རིང་པོར་བསྒྲུབ་དགོས་པའི་ལས་འགན་ཞིག་ཀྱང་རེད་ཅེས་བཤད་པ་རེད། 


  • ལེ་ཚན་སྔོན་མ།:མཉམ་དུ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱི་གྲོགས་ཚོམས་ལ་བལྟ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཤེས་བྱ་རིས་འགྲེལ་མ།
  • དོ་སྣང་ཆེ་བའི་རྩོམ།