རྒྱལ་ཡོངས་ཚོགས་ཆེན་གཉིས་དེ་རིང་ནས་འགོ་ཚུགས་རྒྱུ།

ཐུབ་ཀྱིས་བསྒྱུར་ཞུས་བྱས།        2022-03-04

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཚེས3ཉིན་ལ་འབྱོར་བའི་གཏམ་གསར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་དེ་རིང་གི་ཕྱི་དྲོའི་ཆུ་ཚོད3པའི་ཐོག་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོག་འགོ་ཚུགས་རྒྱུ་རེད།

    འགོ་ཚུགས་ཚོགས་ཆེན་ཐོག་ཏུ་རྒྱལ་ཡོངས་ཀྱི་ཚོགས་ཞུགས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་དང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་འཇོག་བྱ་རྒྱུ་རེད།

   དེ་རིང་གི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པས་གྲ་སྒྲིག་ཚོགས་འདུ་འཚོགས་ཏེ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམས་བསྐོ་བྱ་རྒྱུ་དང་། ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅད་རྒྱུ་རེད། གྲ་སྒྲིག་ཚོགས་འདུའི་རྗེས་སུ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུ་དང་། དུས་ཚོད12ཐོག་ལ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོག་རྒྱུ་དང་། ཚོགས་ཆེན་གྱི་གཏམ་བཤད་པས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་ཆེན་འཐུས་ཚོགས་ཀྱི་འབྲེལ་ཡོད་གནད་དོན་སྐོར་རྒྱལ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་གདབ་རྒྱུ་རེད། 


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པ་པེ་ཅིང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།