2022ལོའི་ཁུལ་ཨུའི་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་དང་པོ།

ཐུབ་ཀྱིས་བསྒྱུར།        2022-03-03

    སྤྱི་ཟླ3པའི་ཚེས1ཉིན་ལ། 2022ལོའི་ཁུལ་ཨུའི་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་འཚོགས་པ་རེད། ཚོགས་ཐོག《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་》དང་《ཀྲུང་གོའི་གུང་ཁྲན་ཏང་གི་རྩ་འཛུགས་ལས་དོན་སྲོལ་ཡིག》སོགས་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད།《དཀར་མཛེས་ཁུལ་གྱིས2021ལོར་གཞི་རིམ་ཏང་སྐྱོང་ལས་དོན་སྤེལ་ཚུལ་ཐད་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གནང་བའི་དཔྱད་བརྗོད་བསམ་འཆར་དང་རང་བཤེར་གནད་དོན་གྱི་དག་ཐེར་ཇུས་གཞི》དང་། 2022ལོའི་ཁུལ་ཨུའི་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་གཙོ་གནད་བཅས་ལ་གྲོས་ཞིབ་བྱས་ཤིང་སླད་ཕྱིན་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།  

      གྲོས་ཚོགས་ཐོག་བསྟན་དོན། འདས་པའི་ལོ་གཅིག་རིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་འོག། ཁུལ་ཨུས་ཏང་གི་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཅིང་། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། དུས་རབས་གསར་པའི་ཏང་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུས་གཙོ་རྐང་དུ་བྱེད་པ་དང་། གཞི་རིམ་ལས་དོན་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ་རྨང་གཞི་འདིང་ཞིང་། འགག་སྒྲོལ་རྒྱུན་ཆད་མེད་པ་བྱེད་ཅིང་ཡར་ཐོན་ཡོང་བ་སྐུལ་སྤེལ་བྱས་ནས་དཀར་མཛེས་ཁུལ་དུ་ཏང་གི་སྲིད་སྐྱོང་བའི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས་ཡོད། འདི་ལོ་ནི་མཐུན་སྒྲིལ་ཕྱུག་འབྱོར་ཞི་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཚུགས་ལོ་ཡིན་ཞིང་། ལས་འགན་དེ་བས་ལྕི་བ་དང་། འགྲན་སློང་དེ་བས་དཀའ་ཚེགས་ཆེ་བས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་རྒྱག་དགོས་པ་དང་། དུས་རབས་གསར་པའི་ཏང་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་བྱང་ཆུབ་པར་བེད་སྤྱོད་ཡག་པོ་བྱས་ནས་རང་རེའི་ཁུལ་གྱི་ཏང་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས།

       གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་སྐུལ་འདེད་ཏན་ཏིག་གཏོང་ཞིང་། ཁུལ་ཡོངས་ཀྱི་གཞུང་ལས་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་སྤེལ་བ་དང་། མགོ་ཁྲིད་རྒན་པའི་ཆབ་སྲིད་བྱང་ཚད་ཀྱི་ཡིག་ཚགས་བཟོ་བ། རང་རྟོགས་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་རྒྱུ་དེ་ད་སྔའི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་རྩ་དོན་ཆེས་མཐོ་བ་དང་ལས་འགན་ཨང་དང་པོར་བརྩི་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏང་རྒྱུས་རྨང་གཞིར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། དྲིལ་བསྒྲགས་དང་སློབ་གསོ་རྒྱུན་རྣམ་ཅན་དུ་གཏོང་བའི་ལམ་སྲོལ་འཛུགས་ཤིང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་ཚང་མར་རེས་སྐོར་སྦྱོང་བརྡར་བྱེད་པ་དང་། དུས་བགོས་ཁག་བགོས་ཀྱིས་ཏང་མི་དང་ལས་བྱེད་པར་རེས་སྐོར་སྦྱོང་བརྡར་བྱེད་པ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བས་གཞི་སྟེགས་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཟོ་བའི་ལག་ལེན་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྙིང་དབུས་སུ་བཅང་ཐུབ་པ་བྱ་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ་དེ་འགག་རྩ་ཞིག་ཏུ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། སྐབས་བརྗེ་རྗེས་ཀྱི་གཞི་ཁྱོན་ཆེ་བའི་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་རེས་གསར་པ་དང་མགོ་ཁྲིད་རྒན་པའི་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་བ་དང་། ན་གཞོན་ལས་བྱེད་པ་ཕུལ་བྱུང་རྒྱུན་མཐུད་ཤེས་རྟོགས་དང་སྟབས་བསྟུན་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། ཁམས་པའི་ཤེས་ལྡན་པ་གསོ་སྐྱོང་འཆར་གཞི་ལག་བསྟར་བྱ་རྒྱུས་གཅིག་འདོམས་བྱས་ཏེ་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། བེད་སྤྱོད། གནས་ཚུགས་པ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏང་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་གཙོ་གནད་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ནུས་མེད་ཟབ་ཟོབ་ཡིན་པའི་གཞི་རིམ་ཏང་གི་རྩ་འཛུགས་ལ་མུ་མཐུད་དེ་དག་ཐེར་བྱེད་པ། ཁྱབ་ཁོངས་ཕྱེ་ནས་ཏང་རྩ་འཛུགས་འཛུགས་སྐྱོང་དང་།གཞི་རྩའི་ལམ་ལུགས་དོན་འཁྱོལ།གཞི་རྩའི་དཔུང་ཁག་འཛུགས་སྐྱོང་།རྨང་གཞིའི་འགན་སྲུང་ཚད་ལྡན་མིན་པ་སོགས་ཀྱི་གནས་ཚུལ་ལ་ཚགས་བཤེར་དང་དག་ཐེར་ཡོ་བསྲང་བྱེད་པ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་སྣེ་ཁྲིད་གསོ་སྐྱོང་ལས་ཇུས་ལ་སྐུལ་འདེད་གཏོང་ཞིང་། གྲོང་ཚོའི་ལས་བྱེད་པའི་སྦྱངས་རབས་རིམ་སྤར་འཆར་གཞི་སྤེལ་བ། འབྲི་ཆུ་དང་ཉག་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དང་རྒྱལ་སྲུང་གཞུང་ལམ317དང་318གི་ལམ་རྒྱུད་ལ་དམིགས་ཏེ། ལོ་འཁོར་ཕྱེས་ནས་ཁྱབ་ཁོངས་ཁག་ཏུ་ཏང་སྐྱོང་ དཔེ་སྟོན་གྲགས་ཅན་ཁག་ཅིག་བསྐྲུན་ཏེ་ཏང་སྐྱོང་གི་དཔེ་སྟོན་ས་རྒྱུད་རིམ་བཞིན་འཛུགས་ཐུབ་པ་བྱ་དགོས།

     གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་འགན་སྲུང་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་ལས་དོན་ལ་དམིགས་ཏེ་ཏང་སྐྱོང་ལ་དམ་འཛིན་དང་། ཏང་སྐྱོང་ལ་དམ་འཛིན་གྱིས་ལས་སྒོ་ལ་སྐུལ་སྤེལ་བྱ་རྒྱུ་མཐའ་འཁྱོངས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། “སྤྱོད་ཚུལ་ལེགས་སྐྱོང་ལོའི”བྱེད་སྒོ་ཏན་ཏིག་སྤེལ་བ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ལྟ་སྐུལ་སློབ་སྟོན་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ་ཁུལ་ཨུ་སྐབས་བཅུ་གཉིས་པའི་སྐོར་ཞིབ་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཏང་སྐྱོང་ལས་དོན་དང་ཏང་སྲོལ་སྲིད་གཙང་སྐྱོང་བའི་ལས་དོན་ལ་དཔྱད་ཞིབ་བྱས་རྗེས་ཨང་རིམ་རྗེས་སུ་ལུས་པའི་རྫོང་དང་།གྲོང་ཁྱེར།སྡེ་ཚན་བཅས་ཀྱི་མགོ་ཁྲིད་རྒན་པ་ལ་དྲན་སྐུལ་དང་ལྟ་སྐུལ་བྱ་རྒྱུར་ཤུགས་བརྒྱབ་སྟེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏང་དགོས། 



  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།