ཧྲེན་དབྱང་གིས་ནུས་ཁུངས་གཙང་མ་གསར་སྦོལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-02

ཧྲེན་དབྱང་གིས་ནུས་ཁུངས་གཙང་མ་གསར་སྦོལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཁྲིད་སྟོན་གནང་།
ཧྲེན་དབྱང་གིས་རྟའུ་རྫོང་གསེར་ཁ་ཡུལ་ཤོག་ཏུ་རིམས་ནད་དང་མེ་སྐྱོན་འགོག་ཟོན་ལས་ཀར་བརྟག་ཞིབ་གནང་བཞིན་པའི་ཚུལ།

སྤྱི་ཟླ2པའི་ཚེས25ནས27ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་ལི་གཏེར་སྔོག་འདོན་ས་ཁུལ་དང་རྟའུ་རྫོང་གི་གསེར་ཁ་ཡུལ་ཤོག་ཡ་རུ་གྲོང་རྡལ་གྱི་དགེ་ལ་བཤུལ་ཆུ་གློག་ས་ཚུགས་སོགས་དང་ཉག་ཆུ་རྫོང་གི་མི་བཟང་ཡུལ་ཤོག་སོགས་ཡུལ་གྲོང་ཁག་གཅིག་ཏུ་དྭངས་གཙང་ནུས་ཁུངས་གསར་སྦོལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཁྲིད་སྟོན་གནང་བར་ཕེབས་པ་་དང་ཆབས་ཅིག་བརྟན་བརླིང་སྲུང་སྐྱོང་དང་རིམས་ནད་འགོག་ཟོན། ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་བརྟན་པོར་འཛིན་ཞིང་། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་ཡང་དག་པ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཐབས་ལམ་དང་གཞི་རྟེན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཁུལ་ཨུས་གཏན་འཁེལ་བྱས་པའི་སྤྱིའི་ལས་ཀའི་བཀོད་སྒྲིག་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན། ལེགས་ཆ་ཞིབ་བསྡུར་བཅས་ལ་གཞི་ཚུགས་ཏེ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་ཅིང་། དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་རྟེན་གཞི་གལ་ཆེན་མགྱོགས་མྱུར་སྐྲུན་པ་བཅས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་དགུན་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཡོང་བར་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ཕྱོགས་བསྡོམས་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10