ཟླ2པའི་ཚེས24ཉིན། སི་ཁྲོན་གྱི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་གསར་ཤོས།

བདེ་ཐང་སི་ཁྲོན་གཞུང་ཕྱོགས་འཕྲིན་སྟེགས།        2022-02-24

    སྤྱི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ། སི་ཁྲོན་དུ་ཏོག་གསར་གློ་ཚད་ཀྱི་ནད་པ9གསར་དུ་བྱུང་འདུག། དེ་ལས་ནད་པ6ནི་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ས་གནས་རང་གི་ནད་པ་ཡིན་ལ། དེ་དག་ལས་ནད་པ3ནི་ཚེས22ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་ནས་ཚེས23ཉིན་ཏོག་གསར་གློ་ཚད་ཀྱི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་དང་། གཞན3ནི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཀྱི་ནད་པ་དང་འབྲེལ་འདྲེས་བྱས་མྱོང་པས་ཚེས23ཉིན་ཏོག་གསར་གློ་ཚད་ཀྱི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་རེད་འདུག། གཞན་ནད་པ3ནི་ཕྱི་རྒྱལ་ནས་ཡོང་བ་ཡིན་ལ། ནད་པ་གཅིག་ནི་ཚེས22ཉིན་ནད་རྟགས་མེད་པའི་ནད་པར་གཏན་ཁེལ་བྱས་པ་དང་གཞན་གཉིས་པོ་ཚེས22ཉིན་ཤང་ཀང་ནས་གནམ་གྲུ་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས། ཚེས23ཉིན་ཏོག་གསར་གློ་ཚད་ཀྱི་ནད་པ་ཡིན་པ་གཏན་ཁེལ་བྱས། 

སྤྱི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ། ཞིང་ཆེན་ཡོངས་སུ་ནད་རྟགས་མེད་པའི་ནད་པ10གསར་དུ་བྱུང་འདུག། དེ་ལས་ནད་པ4ནི་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ས་གནས་རང་གི་ནད་པ་དང་འབྲེལ་འདྲེས་བྱས་མྱོང་མཁན་ཡིན་ལ། གཞན6པོ་ནི་ཕྱི་རྒྱལ་ནས་ཡོང་བ་ཡིན།

གཞན་ཏོག་གསར་གློ་ཚད་ཀྱི་ནད་པ་གཅིག་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད་པ་དང་། ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བའི་ནད་པ་བྱུང་མེད་པ་རེད། 


སྤྱི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད24བར་ཞིང་ཆེན་ཡོངས་སུ་ཉེན་ཁ་འབྲིང་གི་ས་ཁུལ10ཡོད་པ་སྟེ།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་སི་མ་ཆའོ་སྲང་ལམ་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀུང་ཕིང་སྲང་ལམ་ཅ་ཀྲའོ་ཡེ་ལི་ཅིང་གཞིས་ཁུལ།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཀྲའོ་ཀྲེན་སྲང་ལམ་སྐྱེ་ཁམས་ཆུ་གྲོང་གཞིས་ཁུལ།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་ཀྲུང་ཧོ་སྲང་ལམ་ཁྲང་ཁྲེང་ཞིན་ཡོན་གཞིས་ཁུལ་དང་ཧྲི་དབྱང་སྲང་ལམ་ཐེན་ཧྥུ་ཧྲི་ཅཱ་གཞིས་ཁུལ། ཀུའེ་ཞི་སྲང་ལམ་ཧྲི་ལུང་གཞིས་ཁུལ། ཀྲུང་ཧོ་སྲང་ལམ་ཀྲུང་ཏའེ་སི་པིང་ཧོ་ཐིང་གི་ཁང་ཚན་དང་པོ་ཁང་ཚན་བདུན་པ། ཁང་ཚན་བརྒྱད་པ།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཐན་ཧྥུ་གྲོང་གསར་ཆུས་ཧྭ་དབྱང་སྲང་ལམ་ལུང་ཧོ་སྡེ་ཁུལ་ཁའེ་ཧྭ་ལི་ཅིང་གཞིས་ཁུལ་དང་ཧྭ་དབྱང་སྲང་ལམ་ཧྥུ་ལུང་སྡེ་ཁུལ་ལི་ཅིང་ཡོན་གཞིས་ཁུལ། ཧྭ་དབྱང་སྲང་ལམ་སི་ཧོ་སྡེ་ཁུལ་སི་ཧོ་གཞིས་ཁུལ་བཅས་རེད།


དེ་མིན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་པ་རེད།


  • ལེ་ཚན་སྔོན་མ།:ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:ལམ་དུ་ཁ་བ་ཆེ་སྐབས་རྫོང་འདིས་རོགས་སྐྱོར་འདི་འདྲ་བྱས།
  • དོ་སྣང་ཆེ་བའི་རྩོམ།