ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་འདི་ལྟར་གསུངས།

ཐུབ་ཀྱིས་བསྒྱུར།        2022-02-24

  ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་འདི་ལྟར་གསུངས།

  སྤྱི་ཟླ2པའི་ཚེས21ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་དང་ཐོན་སྐྱེད་ཉེན་མེད་ལས་དོན་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་ཅིང་། མི་དམངས་དང་ཚེ་སྲོག་གོང་ན་མེད་པ་དང་བདེ་འཇགས་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཤིང་། སྣ་སུན་ཕོག་པའི་བསླབ་བྱ་དང་དུ་ལེན་ཞིང་ཟུར་བསྟན་ལེབ་མཐོང་བྱེད་པ་དང་། ལས་དོན་དོན་གཉེར་ཧུར་ཐག་དང་དོན་ཐོག་ཞིབ་འཁྱོལ་བྱས་ཏེ། ལས་རིགས་ཚང་མ་ལ་ལས་འགན་ཡོད་པ་དང་མི་ཚང་མ་ལ་འོས་འགན་ཡོད་པ་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

   ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་ལ་ནན་གསུང་འདི་ལྟར་གནང་བ་སྟེ། ལས་འགན་གཙོ་བོ་གཅིག་སྟེ་ཕྱི་ནས་རིམས་ནད་འབྱུང་བ་སྔོན་འགོག་བྱ་རྒྱུ་དང་། གནད་འགག་གཉིས་ཏེ་ཁུལ་དུ་ཡོང་གནས་ཐོག་མ་དང་མཐའ་མའི་གནད་ཆེ་ས་དམ་འཛིན་ལྷོད་མེད་བྱེད་པ། ནུས་པ་ཆེན་པོ་གཉིས་ཏེ་དུས་ཐོག་ཧ་གོ་བ་དང་དུས་ཐོག་ཐག་གཅོད་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འགན་སྲུང་གསུམ་ཏེ་སྒྲིག་འཛུགས་མགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར། སྒྲིག་ཁྲིམས་དམ་ནན་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་གཅིག་གཉིས་གཉིས་གསུམ་ཞེས་པའི་བསམ་ཕྱོགས་དོན་འཁྱོལ་ནན་པོ་བྱ་དགོས་ཤིང་། ལྷག་པར་དུ་ཁུལ་དུ་ཡོང་གནས་ཐོག་མ་དང་མཐའ་མའི་གནད་ཆེ་ས་གཉིས་ཀྱི་ནུས་པ་འགག་རྩ་ཆེ་བ་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་ཐོག་ཧ་གོ་བ་དང་དུས་ཐོག་ཐག་གཅོད་བྱེད་པའི་སྲོག་ཤིང་ནུས་པ་ཆེ་རུ་བཏང་ནས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏོང་བར་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་བཙལ་ཏེ་དེ་མ་ཐག་ཉེན་ཁ་མི་མངོན་པ་བསལ་དགོས། དེ་མ་ཐག་སྤྱི་བསྒྲགས་བཟོས་ཏེ་བརྡ་ཁྱབ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རིམས་ཚུལ་འགོག་ཟོན་གྱི་གནས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་རིམས་ཚུལ་འགོག་ཟོན་གྱི་འོས་འགན་བསྒྲུབ་པར་སྣེ་ཁྲིད་གང་ལེགས་བྱ་དགོས། 



  • ལེ་ཚན་སྔོན་མ།:རང་ཁུལ་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་གསར་ཤོས།
  • ལེ་ཚན་རྗེས་མ།:ཟླ2པའི་ཚེས24ཉིན། སི་ཁྲོན་གྱི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་གསར་ཤོས།
  • དོ་སྣང་ཆེ་བའི་རྩོམ།