ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-02-22

     སྤྱི་ཟླ2ཚེས18ནས19ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་དུ་ཕེབས་ནས་རླངས་འབར་བདེ་འཇགས་དང་གཞུང་ལམ་འགྲིམ་འགྲུལ།རིམས་ནད་འགོག་ཟོན། ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་ཟོན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། མི་དམངས་དང་ཚེ་སྲོག་ནི་གོང་ན་མེད་པའི་འདུ་ཤེས་བརྟན་པོ་འཆང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ།ཉེ་དུས་ཁུལ་ཕྱི་ནང་གི་བདེ་འཇགས་ལས་འཛོལ་དང་ནགས་ཚལ་མེ་སྐྱོན་གྱི་བསླབ་བྱ་དང་ལེན་ལེགས་པོ་བྱེད་པ། གཅིག་ཤེས་ཀུན་གྲོལ་གྱིས་མི་མངོན་པའི་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་ནན་པོ་བྱེད་པ། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། བདེ་འཇགས་ལས་འཛོལ་སྣ་ཚོགས་ཐོན་པ་ནན་འགོག་བྱེད་པ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།

    ཧྲེན་དབྱང་ལྕགས་ཟམ་རྫོང་ནན་ཆའོ་ཡོན་གྱི་སྡོད་དམངས་ཀྱི་ཁྱིམ་དུ་ཕེབས་ནས་གཞིས་མིས་རླངས་འབར་ཉེན་མེད་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་གནང་བ་དང་། རླངས་རྫ་སྒྲིག་སྦྱོར་བེད་སྤྱོད་དང་། སྤུས་ཚད་ཞིབ་དཔྱད། ལྟ་སྐུལ་དོ་དམ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། དུད་ཚང་ལ་སྤུས་ཚད་ལོན་པའི་རླངས་འབར་ཐབ་ཀ་ཉོ་དགོས་པའི་ཁར་ཉེན་མེད་ཚད་ལྡན་ངང་བཀོལ་སྤྱོད་བྱ་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།

ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།

  རྒྱལ་ལམ318རྒྱུད་ཡུལ་གད་མགོ་སྟེང་འགྲིམ་འགྲུལ་ཞིབ་བཤེར་ས་ཚུགས་སུ། ཧྲེན་དབྱང་གིས་མི་སྣས་མཉམ་འབྲེལ་ལས་སྒྲུབ་བྱེད་པ་དང་། འགྲོ་ལམ་བདེ་བགྲོད་ཀྱི་གནས་ཚུལ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གི་རླངས་འཁོར་འགྲོ་ཚད།འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། ཁོང་གིས་འགག་སྒོར་སྡོད་བཞིན་པའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་་པ་དང་། རིམས་ནད་འགོག་ཟོན། འགྲིམ་འགྲུལ་ཁྲིམས་འཛིན་མི་སྣ་བཅས་ལ་འཚམས་འདྲི་གནང་ཤིང་ཚང་མས་སེམས་ནུས་ཡོད་རྒུ་འདོན་པ་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་པ།ཡ་རབས་ཚད་ལྡན་བཅས་ཀྱི་སྒོ་ནས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་ཐུགས་རེ་གནང་བ་རེད།

 

ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།

     ཞིན་ལུང་གྲོང་རྡལ་ཞིན་ལུང་གྲོང་སྡེའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཞིབ་བཤེར་འགག་ཚུགས་ནི་གླང་རྒྱབ་རི་བོའི་ཡུལ་སྐོར་ལྗོངས་ཁུལ་དུ་འགྲོ་འོང་བྱེད་དུས་བརྒྱུད་དགོས་ངེས་ཀྱི་བགྲོད་ལམ་གལ་ཆེན་ཞིག་རེད། ཞིབ་བཤེར་འགག་ཚུགས་དེར་སླེབས་སྐབས་ཧྲེན་དབྱང་གིས་རིར་འགྲོ་འོང་རླངས་འཁོར་གྱི་ཐོ་འགོད་རྩིས་ཁྲར་ནན་ཏན་ངང་ལྟ་ཀློག་གནང་བ་དང་མེ་ཁུངས་དོ་དམ་ཚོད་འཛིན་དང་། མེ་ཟོན་དྲིལ་བསྒྲགས། རི་སྐོར་ཞིབ་བཤེར་སོགས་ཀྱི་གནས་ཚུལ་སྙན་སེང་ལ་ནན་ཏན་ངང་གསན་རྗེས“སྔོན་འགོག་གཉིས་ཀྱི་འགག་ཚུགས”ཀྱི་ལས་དོན་ལ་ཁས་ལེན་གནང་བ་རེད།  ཁོང་གིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་ནམ་ཡང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་སྣང་ཆེན་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་རྒྱུན་མཐུད་འགག་སྒྲོལ་བྱས་ནས་ལས་དོན་ཁག་ལ་མཇུག་མཐའི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏང་དགོས། ནགས་དཔོན་ལམ་ལུགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུས་གཞི་སྟེགས་སུ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམ་ཁག་ནགས་དཔོན་གྱིས་རྒྱུན་ལྡན་དུ་ནགས་ཚལ་ལ་སྐོར་ཞིབ་བྱེད་པ། དོ་དམ་ཚོད་འཛིན་གྱི་འགན་འཁྲི་གྲོང་ཚོ་དང་དུད་ཚང་། དེ་བཞིན་མི་གཏན་འཁེལ་བྱ་རྒྱུར་འགན་ལེན་བཅས་བྱ་དགོས། འགོག་སྲུང་དམ་པོ་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཁེབས་ས་མེད་པ་བཅས་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཚགས་བཤེར་དང་མེད་པར་བཟོ་དགོས། དཔུང་ཁག་གི་སྒྲིག་ཆས་མུ་མཐུད་ལེགས་སུ་གཏོང་བ་དང་། མེ་ཟོན་སྟོབས་ཤུགས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། འཚུབ་བསྟུན་བཀོད་འདོམས་སྔོན་ཇུས་འཐུས་ཚང་དུ་གཏོང་བ། གནད་སྨིན་དྲིལ་བསྒྲགས་སློབ་གསོར་ཤུགས་རྒྱག་པ་བཅས་བྱས་ནས་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་ཟོན་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:བརྟན་ཐོག་ལེགས་བརྩོན་གྱིས་སྔོན་ཐོན་བརྩོན་ལེན་བྱེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།