རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།

བདེ་ཆེན་གྱིས་བསྒྱུར།        2022-02-18

  རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།

  སྤྱི་ཟླ2པའི་ཚེས16ཉིན་སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་དོན། 《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དབྱེ་འབྱེད་དང་དཔྱད་བསྡུར་གཏན་འབེབས》རྒྱལ་ཁབ་ཀྱི་ཚད་གཞི་དང་། སི་ཁྲོན་ཞིང་ཆེན《རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པ་དཔྱད་བསྡུར་གཏན་འབེབས་ལས་ཀའི་གོ་རིམ།》《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་མཐོར་འདེགས་བླང་བྱ》སོགས་ཀྱི་གཏན་འབེབས་ལ་གཞིགས་ནས། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཅིན་ཆུས་ཁྲུང་དཀར་ཐང་རྒྱབ་ཁབ་འདམ་རའི་སྤྱི་གླིང་སོགས་ལྗོངས་ཁུལ22ཀྱིས་གྲོང་ཁྱེར་དང(ཁུལ)ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཐོག་མའི་ཞིབ་དཔྱད་འོས་སྦྱོར་དང་ཞིང་ཆེན་རིམ་པའི་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་འབྲེལ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་པར་བསམ་འཆར་མི་འདྲ་བ་མེད་ཅིང་། རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་བླང་བྱའི་ཚད་གཞིར་སླེབས་པས། དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་ཚོའི་ཡུལ་སྐོར་ལྗོངས་ཁུལ་དང་། དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ཕྲ་ཕྲེང་ལུང་པའི་རང་བྱུང་ཆུ་ཚན་ལྗོངས་ཁུལ། དཀར་མཛེས་ཁུལ་སྡེ་རོང་རྫོང་ཝ་ཁ་བྲོ་གར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ། དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁམས་པའི་རིག་གནས་ལྗོངས་ཁུལ། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནགས་ལུང་མཚོ་འཁྱམས་གཡེང་འདམ་རའི་ཡུལ་སྐོར་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་དངོས་སུ་ཡོངས་བསྒྲགས་བྱས་པ་རེད།


 དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་ཚོའི་ཡུལ་སྐོར་ལྗོངས་ཁུལ།

རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།


དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ཕྲ་ཕྲེང་ལུང་པའི་རང་བྱུང་ཆུ་ཚན་ལྗོངས་ཁུལ།

རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།


དཀར་མཛེས་ཁུལ་སྡེ་རོང་རྫོང་ཝ་ཁ་བྲོ་གར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ།

རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།


དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁམས་པའི་རིག་གནས་ལྗོངས་ཁུལ།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།


དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནགས་ལུང་མཚོ་འཁྱམས་གཡེང་འདམ་རའི་ཡུལ་སྐོར་ལྗོངས་ཁུལ།

རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།
རང་ཁུལ་གྱི་ལྗོངས་ཁུལ་དེ་དག་རྒྱལ་ཁབ་ཀྱིAབཞི་རིམ་པའི་གྲས་སུ་ཚུད།


  • ལེ་ཚན་སྔོན་མ།:བརྩོན་པ་མི་དོར་དཔེ་སྟོན་སློབ་གྲྭ་བསྐྲུན་ལ་གཞོལ།། ཐོག་མའི་བསམ་འདུན་བསྐྱངས་ཏེ་ལེའུ་གསར་པ་བརྩམས།།
  • ལེ་ཚན་རྗེས་མ།:དར་མདོའི་རྒྱུ་ལའི་ཕུག་ལམ་ཨར་སྐྲུན་གྱི་ལས་མགོ་བསྐྱར་དུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།