ཤེབ་རབ་ཀྱི་དབྱངས་སྦྲེང་བའི་ལྷ་མོ།

གྱིན་འདའ་བ།        2022-02-18

གསུང་ལེགས་བཤད་ཀྱི་ཕན་བདེ་

བསྩལ་བའི་སྙན་སྒྲོག་མ།

གཞུང་མདོ་སྔགས་ཀྱི་གནད་བརྒྱ་

དགྲོལ་བའི་མཁྱེན་ཡངས་མ།

དད་གསུམ་སྙིམ་མཁར་ལ་བྱིན་

རླབས་ཀྱི་ཆར་ཁྲིད་དེ།

སྒོ་གསུམ་རྨོངས་མུན་ལ་ཤེས་རབ་

ཀྱི་འོད་འཁྱིལ་ཅིག།

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་

ལྷ་མོ་ལགས།

ཐུགས་མཁྱེན་ལྡན་གྱི་ཡེ་ཤེས་

མངའ་བའི་རྗེ་བཙུན་མ།

ཞེ་བདག་འཛིན་གྱི་སྤྲོས་པ་བྲལ་

བའི་བཅོམ་ལྡན་མ།

འཁོར་འདས་རྟོག་འགྱུ་ཡི་རི་མོ་

གླུ་རུ་བཞེངས་ཏེ།

དགེ་ལེགས་མི་ཟད་པའི་དངོས་

གྲུབ་བདག་ལ་སྩོལ་ཅིག།

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་

ལྷ་མོ་ལགས།

འོད་འཇའ་གུར་གྱི་ལྡིང་ཁང་

ཕུབ་པའི་ཡིད་འཕྲོག་མ།

གདན་འདབ་བརྒྱད་ཀྱི་དཀྱིལ་

འཁོར་རྫོགས་པའི་མཚོ་བྱུང་མ།

བདེན་ཚིག་གྲུབ་པའི་གཟུངས་

མཆོག་གིས།

དུས་གསུམ་ཉོན་མོངས་དབྱི་བར་ཤོག།

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་

ལྷ་མོ་ལགས།

ཕྱག་ལྡེམ་མྱུར་གྱིས་གྱིམ་ཤིང་

སྦྲེང་བའི་དབྱངས་ལྡན་མ།

བཞིན་ཨུཏྤལ་གྱི་སྤྱན་ཟུང་གཡོ་

བའི་སྨིན་ལེགས་མ།

དྲི་ཟའི་འཇིག་རྟེན་བསྲིང་པའི་

མགོན་དུ་དང་།

སྲིད་ཞིར་འདོད་རྒུར་འཇོ་བའི་

དཔལ་དུ་བྱོན།

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་

ལྷ་མོ་ལགས།

གོས་དར་ཟབ་ཀྱི་སེང་རས་

སྤུད་པའི་ཡིད་འོང་མ།

རྒྱན་མུ་ཏིག་གི་དོ་ཤལ་འཕྱང་

བའི་འཇོ་སྒེག་མ།

ཚིག་གི་ཕོ་བྲང་བཞེངས་པའི་ལྡིང་ཁང་ནས།

ཟླ་གཞོན་ལང་ཚོ་རྒོད་པོས་གར་བསྒྱུར་ཤོག

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་ལྷ་མོ་ལགས།

ལྷོ་ཆུ་འཛིན་གྱི་བོག་རེ་ཀློང་གི་

གཟུགས་འཆང་མ།

དབྱངས་སྙན་འཇེབས་ཀྱིས་གཞན་

དབང་གསོ་བའི་མཉེས་གཤིན་མ།

བྱམས་བརྩེའི་ལྷ་ལམ་གྱི་དཀྱིལ་འཁོར་ལས།

ཕན་བདེའི་གྲུ་ཆར་གྱི་དངོས་གྲུབ་རེ།

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་ལྷ་མོ་ལགས།



  • ལེ་ཚན་སྔོན་མ།:ནགས་སུ་བླངས་པའི་མགུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།