ཐང་རྒྱལ་རབས་ཀྱི་བཟོ་བཀོད་ཀྱི་རྨང་གནས་ཞིག་རྙེད་འདུག

    མི་དམངས་དྲ་བ།    2022-02-17

    མི་དམངས་དྲ་བའི་འཕྲིན།     གསར་འགོད་པས་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱས་པར། གྲོང་ཁྱེར་དེའི་ཧའེ་ཀྲོའུ་ཆུས་སུ་ཐང་རྒྱལ་རབས་ཀྱི་བཟོ་བཀོད་ཀྱི་རྨང་གནས་ཞིག་རྙེད་ཅིང་། དེའི་ལེབ་ངོས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1475.72ཡོད་པ་རེད། 
གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པའི་རྗེས་ཤུལ་ཐོག་ནས། བཟོ་བཀོད་ཀྱི་རྨང་གནས་དེ་ནི་བྱང་དུ་ཆགས་ཤིང་ཁ་ལྷོར་གཏད་པའི་སྒོ་གཉིས་ལྡན་ར་སྐོར་ཞིག་ཡིན་པ་དང་།  ལྷོ་ནས་བྱང་བར་དུ་ཁྱོན་རྗེས་ཤུལ་ཚན་པ་21ཉར་ཚགས་ཡོད་པ་དེའི་ནང་རྐང་ལམ་དང་། སྒོ་ལམ།  སྒོ་ར། ཁྲོན་པ། རྡོ་ལམ། འཁྱོག་ཁྱམས། གསང་སྤྱོད། སྒོ་ཁང1།གཞོགས་ཁང5 གཞུང་ཁང5སོགས་ཡོད་པ་མངོན་ཡོད་པ་རེད།
   གནའ་རྫས་རྟོག་ཞིབ་མི་སྣས་ངོ་སྤྲོད་བྱས་པར། ད་ཐེངས་སྔོག་འདོན་བྱས་པའི་བཟོ་བཀོད་ཀྱི་རྨང་གནས་དེ་ལས་ལོ་རིམ་གསལ་བའི་ཤུལ་བཞག་དངོས་པོ་རྙེད་མེད་པར། གནའ་རྫས་རྟོག་ཞིབ་མི་སྣས་རྨང་གནས་དེའི་བཟོ་དབྱིབས་དང་། སྔོན་འདོན་བྱས་པའི་ཡོ་ཆས་ཀྱི་ཁྱད་ཆོས། བང་རིམ་བཅས་ཀྱི་འབྲེལ་བ་གཞིར་བཟུང་ནས་ལོ་རབས་རགས་ཙམ་གཏན་འཁེལ་བྱས་པ་མ་ཟད། དེ་སྔོན་ལན་ཡུན་ཀང་ནས་ཪྙེད་པའི་ལོ་རབས་གཅིག་པའི་རིག་གནས་ཤུལ་བཞག་ལ་རྟོག་ཞིབ་བརྟག་དཔྱད་བྱས་ཚུལ་དང་། སྔོག་འདོན་གྲུབ་འབྲས། དེ་བཞིན་ལོ་རྒྱུས་ཚད་ལྡན་ཡིག་ཆ་བཅས་ལ་ལེགས་སྒྲིག་བྱ་རྒྱུ་ཟུང་འབྲེལ་བྱས་ནས་།བཟོ་བཀོད་ཀྱི་རྨང་གནས་ཀྱི་ལོ་རབས་དང་ངོ་བོར་བརྡར་ཤ་བཅད་པ་རེད། དེར་གཞིགས་ནས་ཚོད་དཔག་བྱས་ན།བཟོ་བཀོད་ཀྱི་རྨང་གནས་དེའི་བཟོ་སྐྲུན་ལོ་རབས་ནི་ཕལ་ཆེར་ཐང་རྒྱལ་རབས་ཀྱི་དར་རྒྱས་དུས་སྐབས་དང་དུས་དཀྱིལ་མ་ཡིན་པ་དང་།བེད་མེད་དུ་བཏང་བའི་ལོ་རབས་ནི་ཕལ་ཆེར་ཐང་རྒྱལ་རབས་ཀྱི་དུས་མཇུག་དང་རྒྱལ་རབས་ལྔ་པོའི་སྐབས་ཡིན་པ། དེའི་སྤྱོད་གོ་དེ་ནི་ཡ་མོན་ལམ་ཡང་ན་ལྷ་ཁང་རིགས་ཀྱི་སྐྲུན་དངོས་ཤིག་ཡིན་སྲིད་པ་རེད། 

  • ལེ་ཚན་སྔོན་མ།:ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་གཟེངས་རྟགས12བླངས་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།