ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་རེས་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-01-27

 སྤྱི་ཟླ་1ཚེས་25ཉིན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་འཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་ཕན་ཚུལ་དཔྱིད་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་རེས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་། འདས་མ་ཐག་པའི་སྤྱི་ལོ་2021ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་རང་སོའི་གོང་འཕེལ་འཕེལ་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་ནས་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་བརྩམས་པ་དང་ཀྲུང་གོའི་མི་དམངས་ཀྱིས་གོང་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགྲོ་ལམ་ཐོག་བསྐྱོད་བཞིན་ཡོད། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་ཝེ་ཐེ་ནམ་མི་དམངས་ཀྱི་སྣེ་ཁྲིད་ནས་ཚོགས་ཆེན་བཅུ་གསུམ་པའི་གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་གཏན་ལ་ཕབ་པའི་གོང་འཕེལ་དམིགས་འབེན་ཕྱོགས་སུ་བསྐྱོད་མུས་རེད་ཅེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཝ་ཐེ་ནམ་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་ཡིན་པ་དང་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་ཅིག་རེད། མིག་སྔར་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས་ཉིས་བརྩེགས་ངང་གནས་པ་དང་འཛམ་གླིང་འདི་ཉིད་ཟིང་ཆ་ཆེ་ལ་འགྱུར་བ་མང་བའི་དུས་རིམ་ལ་སླེབས་ཡོད་ཅིང་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་ཐུན་མིང་ཁེ་ཕན་སྔར་བས་རྒྱ་ཆེན་པོ་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་དུ་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་སྒྱུར་བཅོས་སྒོ་དབྱེ་དང་གསར་བརྗེའི་བྱ་་གཞག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྐྱེ་སྟོབས་གསོན་ཤུགས་མངོན་པ་བྱས་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། སྤྱི་ལོ་2022ལོར་རྒྱང་ལྟ་བྱེད། ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཀྲུང་གོ་དང་འོ་དེ་ནམ་གྱི་འབྲེལ་བ་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། རོགས་ཟླ་བཟང་པོ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་སྲོལ་རྒྱུན་མཛའ་གྲོགས་ཟབ་གཏོང་དང་། ཆབ་སྲིད་ཐད་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། འགལ་ཟླ་ཚོད་འཛིན་འོས་འཚམས་བྱེད་པ། ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཀྲུང་གོ་དང་འོ་དེ་ནམ་གྱི་འབྲེལ་བར་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་དང་། ས་ཁོངས་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་བཅས་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

རོན་ཧྥུ་ཀྲུང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབུ་ཁྲིད་འོག་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་ལེགས་འགྲུབ་ལྡན་པའི་ངང་གཉེར་བ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ཤིང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སོགས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དོན་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཁོང་གིས་འདས་ཟིན་པའི་དུས་མཚམས་ཤིག་རིང་ངོས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་ཐུན་མོང་ངོས་འཛིན་མང་པོ་བྱུང་བ་དང་། དེ་དག་གིས་འོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་ཡོང་རྒྱུར་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐུབ་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པའི་རྒྱབ་ལྗོངས་ཆེན་མོའི་འོག ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྷན་དུ་མུ་མཐུད་དེ་ཕྱོགས་གཉིས་པོའི་རིམ་པ་ཁག་དང་། ཚན་པ་ཁག ས་གནས་ཁག་བཅས་ཀྱིས་མཐོ་རིམ་ཐུན་མོང་ངོས་འཛིན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་དོ་ཁུར་དང་དེར་མཛུབ་ཁྲིད་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་དང་ལྷག་པར་དུ་རིམས་འགོག་དང་དཔལ་འབྱོར་ཉོ་ཚོང་དང་མཉམ་འཇོག་མཉམ་ལས་ལ་ཤུགས་སྣོན་དང་། དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་རྒྱབ་ཏེ་འོ་ཀྲུང་ཁྱིམ་མཚེས་བཟང་པོ་དང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྒུལ་ཤུགས་གསར་པ་གནོན་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་དང་རོན་ཧྥུ་ཀྲུང་གིས་མཉམ་དུ་རྒྱལ་ཁབ་གཉིས་པོ་དར་རྒྱས་མངའ་ཐང་རྒྱས་ཤིང་། མི་དམངས་བདེ་སྐྱིད་དཔལ་ལ་རོལ་བའི་བཀྲིས་སྨོན་འདུན་ཞུས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་འགོག་སྲུང་གཙིགས་སུ་བཟུང་ནས་ནགས་རྩྭའི་མེ་ཟོན་ཇེ་བརྟན་དུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།