རྒན་བཀུར་དོན་དུ་གཉེར་བར་གཡུར་ཟའི་འབྲས་བུ་སྨིན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-02-14

རྒན་བཀུར་དོན་དུ་གཉེར་བར་གཡུར་ཟའི་འབྲས་བུ་སྨིན།

རྒན་བཀུར་དོན་དུ་གཉེར་བར་གཡུར་ཟའི་འབྲས་བུ་སྨིན།

རྒན་བཀུར་དོན་དུ་གཉེར་བར་གཡུར་ཟའི་འབྲས་བུ་སྨིན།

ལས་སྒྲུབ་མི་སྣས་རྒན་རྒོན་ཚོར་ཆུ་མོག་བཟོ་བཞིན་པ། མི་རྒན་དུས་སྟོན་རོལ་བཞིན་པ། སྨན་བཅོས་མི་སྣས་རྒན་རྒོན་ཚོར་ནད་བརྟག་བྱེད་བཞིན་པ།

རྒན་གསོའི་ཞབས་ཕྱིའི་ལས་རིགས་ནི་དམངས་འཚོ་ལེགས་བཅོས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ཤུགས་སྒྲིལ་ས་གལ་ཆེན་ཞིག་ཏུ་བརྩིས་པར་བརྟེན། རྒས་ན་འཚོ་རྟེན་ཡོད་པ་དང་རྒས་ན་སྨན་བཅོས་ཡོད་པ། རྒས་ན་ལས་རྒྱུ་ཡོད་པ། རྒས་ན་སྤྲོ་སྐྱིད་ཡོད་པའི་རྣམ་པ་མངོན་འགྱུར་བྱུང་ནས་རྒན་གསོའི་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་དང་དེ་འཐུས་སྒོ་ཚང་དུ་གཏང་རྒྱུ་ནི་རང་ཁུལ་གྱི་རྒན་གསོ་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་གནས་བབ་རེད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒན་གསོ་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཤུགས་ཆེན་པོས་རྒན་གསོའི་ཞབས་ཕྱིའི་སྒྲིག་གཞི་བཙུགས་པ་དང་གཞུང་བཙུགས་རྒན་གསོའི་སྒྲིག་གཞི་འཛུགས་སྐྱོང་བྱས་ནས་དམངས་བཙུགས་རྒན་གསོ་སྒྲིག་གཞིའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། སྲིད་ཇུས་ཀྱིས་རོགས་སྐྱོར་བྱས་ནས་རྒན་གསོ་སྒྲིག་གཞི་ཁག་གཅིག་གསོ་སྐྱོང་བྱས་པ་དང་རྒན་པར་རྒྱུན་ཆད་མེད་པར་སྤྱི་ཚོགས་རྒུད་སྐྱོབ་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་རང་བཞིན་གྱི་རྒན་གསོ་ཞབས་ཕྱིའི་ལྟེ་གནས་འཕེལ་རྒྱས་བཏང་ཡོད། དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་གསོ་ཞབས་ཕྱིའི་ཆུ་ཚད་མཐོ་རུ་བཏང་སྟེ་རང་ཁུལ་གྱི་རྒན་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

ཀ ཚེ་མཇུག་གི་བདེ་སྐྱིད་འཚོ་བ་ནི་ང་ཚོའི་སེམས་ནང་གི་སྨོན་འདུན་ཉག་གཅིག་ཡིན།

གསེར་ཐར་རྫོང་རྒན་གསོ་ལྟེ་གནས་ཁང་དུ་འགྲོ་སྐབས། རྒན་གསོ་ཁང་གི་ཟ་ཁང་དང་ཐབ་ཚང་། ར་སྐོར་ཆུང་ཆུང་། བར་འཁྱམས་དང་ཉལ་ཁང་བཅས་ཚང་མ་གཙང་དག་དུ་སྣང་། རྒན་པ་ལ་ལ་རྐུབ་སྟེགས་ཐོག་བསྡད་དེ་ཉི་མ་ལྡེ་ནས་ངལ་གསོ་རྒྱག་བཞིན་ཡོད་ལ། ལ་ལ་འཕུར་མཉེད་རྐུབ་སྟེགས་གསར་པའི་ཐོག་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་ལྷིང་འཇགས་དང་ཞི་མཐུན་གྱི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན་བཞིན་འདུག།

གསེར་ཐར་རྫོང་རྒན་གསོ་ལྟེ་གནས་ཁང་གི་དོ་དམ་པ་དབྱངས་སྐྱིད་མཚོས “ངོ་བཀྲུ་བ་དང་སྐྲ་ཤད་པ། སེན་མོ་འབྲེག་པ། ཁ་ལག་སྐྱེལ་བ། གཙང་སྦྲ་བྱེད་པ་སོགས་ནི་རྒན་གསོ་ཁང་གི་ཉིན་རྒྱུན་གྱི་བྱ་བ་ཡིན་ཞིང་།རྒན་རྒོན་ཚང་མ་གཉིད་ཁུག་རྗེས་གཞི་ནས་བློ་བདེ་པོའི་ངང་མལ་དུ་ཉལ་གྱི་ཡོད”ཅེས་རང་ཉིད་ཀྱི་འགན་འཁུར་བྱས་པའི་ལས་དོན་དེ་ལྟར་ངོ་སྤྲོད་བྱས་པ་རེད།

“རྒན་རྒོན་ལ་ལྟ་རྟོག་བྱ་རྒྱུ་ནི་ལས་ཀ་ཞིག་ཡིན་པར་མ་ཟད།དེ་ནི་སྤྱོད་པ་བཟང་པོ་ཞིག་དང་ཀུན་སྤྱོད་བཟང་པོ།བྱས་རྗེས་ཞིག་ཀྱང་རེད”ཅེས་བཤད། རྒན་གསོའི་ལས་དོན་སྐོར་གླེང་སྐབས་གསེར་ཐར་རྫོང་ལྟེ་བའི་རྒན་གསོ་ཁང་གི་འགོ་འཛིན་གཞོན་པ་ཡེ་ཤེས་ཆུང་གིས་ལོ་མང་རིང་གི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས“རྒན་གསོ་ཁང་གི་ལས་དོན་ཡག་པོ་སྒྲུབ་དགོས་ན་ལྷག་བསམ་ཟོལ་མེད་ངང་རྒན་རྒོན་ཚོར་ཞབས་འདེགས་ཡག་པོ་ཞུ་བ་དང་རྒན་རྒོན་ཚོ་དང་ཞི་མཐུན་མཉམ་གནས་བྱེད་དགོས”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་རང་ཁུལ་གྱིས་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ཉོ་སྒྲུབ་ཀྱི་ལས་གྲྭ་སྤེལ་བ་རེད། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི1000ལྷག་ཙམ་བཏང་ནས་ཁུལ་ཡོངས་ཀྱི་ལོ60ཡན་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལས་ནུས་ཤོར་བའི་རྒན་རྒོན་དང་ལོ་ན80ཡན་གྱི་རྒན་རྒོན་ལ་བཟའ་ཆས་དང་ལུས་འཁྲུད། གཙང་སྦྲ། མྱུར་སྐྱོབ། སྨན་བཅོས་སོགས་རོགས་རམ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་མཁོ་འདོན་བྱས་པ་རེད། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱས་ནས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་རང་ཁུལ་གྱིས་སྨན་བཅོས་མ་ལག་འཛུགས་སྐྱོང་འཆར་འགོད་ལག་ལེན་བསྟར་བའི་ཁྲོད་དུ“རྒན་གསོ་གཞི་འཛིན”བྱས་པར་མ་ཟད། ཆ་རྐྱེན་འཛོམས་པའི་རྒན་གསོ་ཁང་དུ་འཕྲོད་བསྟེན་ཁང་བཙུགས་པ་དང་ཡང་ན་ཉེ་འཁོར་གྱི་སྨན་བཅོས་སྒྲིག་གཞི་དང་ཞབས་ཕྱིའི་གྲོས་མཐུན་བཞག་ནས་གན་རྒྱ་འཇོག་པའི་ཞབས་ཕྱི་བསྒྲུབས་རེད། མིག་སྔར་ཁུལ་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི22དང་རྒན་གསོའི་སྒྲིག་གཞིའི་བར་གན་རྒྱ་བཞག་པ་དང་། དེས་སྒྲིག་གཞིའི་བསྡོམས་འབོར་གྱི་བརྒྱ་ཆ39བཟུང་ཡོད། དེ་དང་ཆབས་ཅིག་སྨན་བཅོས་སྒྲིག་གཞིས་ད་དུང་རྒན་གསོའི་སྒྲིག་གཞིར་ཐོགས་མེད་བགྲོད་ལམ་བཏོད་ཡོད་པ་རེད།

ཁ། ཕྱི་མཁོའི་ཆ་རྐྱེན་ཡག་ཏུ་བཏང་ནས་རྒན་གསོ་ཞབས་ཕྱིའི་བྱ་གཞག་སྔར་བས་འཕེལ་རྒྱས་བཏང་།

རྒན་གསོ་ནི་དམངས་འཚོ་དང་མང་ཚོགས་ལ་འབྲེལ་བ་ཡོད་ཅིང་། རྒན་གསོ་ཞབས་ཕྱི་འཐུས་སྒོ་ཚང་དུ་གཏོང་བ་ནི་རྒན་རྒོན་ཚོས་བློས་འཁེལ་ཆོག་པའི་འགན་སྲུང་ཞིག་ཡིན་པར་མ་ཟད་སྤྱི་ཚོགས་འགན་ལེན་གྱི་གཞི་རྩའི་རྨང་གཞི་བརྟན་དུ་བཏང་བ་ཞིག་ཀྱང་ཡིན་པ་རེད།

“མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ལྡན་དུ་འགྲོ་བའི”བར་དཀར་མཛེས་ཁུལ་གྱི་སྤྱི་པའི་རྒན་གསོའི་ཞབས་ཕྱིའི་ལས་དོན་རྒྱུན་ཆད་མེད་པར་འགྱུར་ལྡོག་ཕྱིན་པ་དང་། སྔར་ལས་ལེགས་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁུལ་ཡོངས་སུ་གཞུང་བཙུགས་རྒན་གསོའི་སྒྲིག་གཞི་ཁྱོན་བསྡོམས52ཡོད་པ་དང་བཙུགས་ཟིན་པ་དང་བསྐྲུན་བཞིན་ཡོད་པའི་ཉལ་ཁྲི4900ཡོད་པ་རེད། དམངས་གཉེར་རྒན་གསོ་སྒྲིག་གཞི4དང་ཉལ་ཁྲི200ཡོད་པ་རེད། གྲོང་ཁྱེར་དང་ཞིང་སྡེའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས96བཙུགས་ཡོད་པས“9073”གྱི་ཁྱིམ་སྡོད་དང་གཞིས་ཁུལ། སྒྲིག་གཞི་བཅས་ཀྱི་རིམ་པ་མང་བའི་རྒན་གསོའི་རྣམ་པ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

“ནུས་པས་ལྕོགས་ཚོད་སྒྲུབ་པ་དང་སྒྲུབ་གང་ཐུབ་བྱེད་པ། གཙོ་གནད་དམིགས་བསལ་དུ་ཐོན་པ། འཚམ་མཐུན་ཀུན་ཕན”བཅས་ཀྱི་རྩ་དོན་ལྟར། རང་ཁུལ་གྱིས་ལོ་ན་མཐོ་བ་དང་འཇོན་ནུས་ཉམ་ཞན། དབུལ་ཕོངས་ཡིན་པ། དབང་པོ་སྐྱོན་ཅན་ཡིན་པ་སོགས་དཀའ་ངལ་ཆེ་བའི་རྒན་རྒོན་གྱི་དམིགས་བསལ་དགོས་མཁོར་གཙོ་གནད་དུ་དོ་ཁུར་བྱས་པར་མ་ཟད། སྲིད་གཞུང་གི་མཐའ་སྐྱོང་འགན་ལེན་བྱེད་ནུས་ཇེ་དྲག་ཏུ་བཏང་ནས་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་དང་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་ཏེ། ཧུར་ཐག་གིས་རྒན་རྒོན་གྱི་སྤྱི་ཚོགས་ཕན་བདེའི་ཆུ་ཚད་མཐོ་རུ་བཏང་ཡོད། “ཕན་པ་གང་ནས་ཐོབ་ན་བཀའ་དྲིན་དེ་ལ་ཞུ་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། རྒན་རྒོན་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མྱོང་ཚོར་གང་ལེགས་ཐུབ་པ་བྱས་ཏེ་ཐོབ་ཚོར་དང་སྐྱིད་ཚོར་མངོན་གསལ་དོད་པོས་ཇེ་དྲག་ཏུ་བཏང་བ་རེད།

ག། སྦྱོང་བརྡར་དང་ཁ་གསབ་ཟུང་འབྲེལ་བྱས་ནས་ཆེད་ལས་ཀྱི་རྒན་གསོ་ཞབས་ཕྱིའི་ཕྱོགས་བསྡུས་འཇོན་ནུས་ཇེ་དྲག་ཏུ་བཏང་།

མི་འབོར་རྒན་འཁོགས་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་བསྟུན་ནས། རྒན་གསོ་ཞབས་ཕྱིའི་ཆེད་ལས་ལག་རྩལ་མི་སྣའི་ལམ་སྲོལ་འཛུགས་པ་དང་དེ་འཐུས་ཚང་དུ་གཏང་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་པར་བརྟེན། རང་ཁུལ་གྱིས་སྔ་རྗེས་སུ་རྒན་རྒོན་ལ་གཟིགས་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་རྒན་གསོའི་ཞབས་ཕྱིའི་ལས་རིགས་མགྱོགས་མྱུར་དུ་འཕེལ་རྒྱས་གཏང་རྒྱུའི་ལག་བསྟར་བསམ་འཆར་སོགས་ཀྱི་ཡིག་ཆ་བཏོན་ནས་ནད་གཡོག་མི་སྣའི་ཐོབ་ཐང་རྩ་བའི་ཆ་ནས་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་རྒན་གསོའི་ཞབས་ཕྱིའི་ཤེས་ཡོན་མི་སྣའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།

བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོ་ནས་བཟུང་། རང་ཁུལ་སི་ཁྲོན་ཞིང་ཆེན་དམངས་སྲིད་ལས་བྱེད་པའི་སློབ་གྲྭས་སྤེལ་བའི་སྒྲིག་འཛུགས་གསོ་སྦྱོང་ནང་དུ་རྒན་གསོའི་སྒྲིག་གཞིའི་དོ་དམ་མི་སྣ་དང་ནད་གཡོག་པ་མིའི་ཐེངས་གྲངས480ཞུགས་ཡོད་པ་རེད། 2020ལོར་རང་ཁུལ་གྱིས་རྒན་གསོ་ཞབས་ཕྱིའི་ཤེས་ཡོན་མི་སྣའི་དཔུང་སྡེའི་འཛུགས་སྐྱོང་ཇུས་འགོད་ལག་བསྟར་བྱས་པ་ནས་བཟུང་ཁུལ་རིམ་པའི་རྒན་གསོ་ཞབས་ཕྱིའི་ཤེས་ཡོན་མི་སྣའི་རྐང་འཛིན་པ90ལྷག་ཙམ་གསོ་སྦྱོང་བྱས་པ་དང་རྫོང་རིམ་པའི་རྒན་གསོ་ཞབས་ཕྱིའི་ཤེས་ཡོན་མི་སྣ150ལྷག་ཙམ་གསོ་སྦྱོང་བྱས་ཡོད། 2021ལོར་ཁུལ་ནོར་སྲིད་ཅུས་དང་ཁུལ་དམངས་སྲིད་ཅུས་ཀྱིས《རྒན་གསོ་ནད་གཡོག་པའི་ལས་གནས་ཁ་གསབ་དང་ལས་ཞུགས་ལོ་ཚད་ཁ་གསབ་ཀྱི་ལག་བསྟར་ཇུས་གཞི》བཏོན་པ་དང་ཇུས་གཞིའི་ནང་ནད་སྐྱོང་མི་སྣས་སྒོར50ནས1200བར་གྱི་ལས་གནས་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་དང་ལོ་ཚད་དབྱེ་ནས་སྒོར600ནས་སྒོར1440བར་གྱི་ལོ་ཚད་ཁ་གསབ་ལོངས་སུ་སྤྱོད་རྒྱུའི་གཏན་འབེབས་བྱས་པ་རེད། 2021ལོར། རང་ཁུལ་གྱིས་ལོ་ཧྲིལ་པོར་ནད་སྐྱོང་མི་སྣའི་ལས་གནས་ཁ་གསབ་དང་ལས་ཞུགས་ལོ་ཚད་ཁ་གསབ་མ་དངུལ་སྒོར་ཁྲི27.9སྤྱད་དེ་ནད་སྐྱོང་མི་སྣའི་ལས་ཞུགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་ནུས་ལྡན་བྱས་པ་དང་། རྒན་གསོ་སྒྲིག་གཞིར་ཚོགས་སྤྱིའི་ལས་ཞུགས་མི་སྣ་བསྡུས་ནས་ཆེད་ལས་མི་སྣས་དང་བླངས་པར་ཁྲིད་སྟོན་བྱེད་པའི་མཉམ་འགུལ་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དགོན་སྡེ་དང་གྲྭ་བཙུན་དཔེ་བཟང་འགའ་ལ་གཟེངས་བསྟོད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།