རང་ཁུལ་གྱིས2022ལོའི་དམག་བསྡུ་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-01-24

སྤྱི་ཟླ་དང་པོའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དམག་བསྡུ་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་རྗེས། རང་ཁུལ་གྱིས་མྱུར་དུ་དམག་བསྡུ་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་ཚོགས་ར་གཙོ་བོ་གཅིག་དང་ཡན་ལག་ཚོགས་ར18བཙུགས་པ་རེད། དཀར་མཛེས་ཡན་ལག་དམག་ཁུལ་གྱི་དམག་སྤྱི་ཀུའོ་ཆིང་པོ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་གི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

ཚོགས་ཐོག་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་དམག་བསྡུ་ལས་ཀའི་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་ཏན་ཏིག་བཏང་ནས། དམག་བསྡུའི་ལས་ཀ་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ལ་བརྩིས་ནས་ཡག་པོ་བསྒྲུབ་དགོས་པ་དང་། འགོ་ཁྲིད་གཙོ་བོའི་ལས་གྲྭར་བརྩིས་ནས་སྐུལ་འདེད་གཏང་དགོས། རིམ་པ་ཁག་གིས་དུས་རབས་གསར་པའི་དམག་བསྡུ་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཏན་ཏིག་བཏང་ནས། དམག་མིའི་སྤུས་ཚད་དེ་དམག་བསྡུ་ལས་ཀའི་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ཏེ། ན་ནིང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀ་བྱེད་སྟངས་ལེགས་སུ་བཏང་སྟེ་ཁུལ་ཡོངས་ཀྱི་དམག་བསྡུ་ལས་ཀའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་རེད། དུས་རབས་གསར་པའི་དམག་བསྡུ་ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་ནས་དམག་བསྡུ་ལས་ཀའི་གོམ་སྟབས་མགྱོགས་པ་དང་ཚད་གཞིའི་བླང་བྱ་མཐོ་བ། དམིགས་འབེན་ལས་འགན་ལྕི་བ་བཅས་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ། དུས་ཐོག་དང་སྤུས་ཚད་འགན་ལེན་བྱས་ནས་ལོ་འཁོར་གྱི་དམག་བསྡུའི་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས།།


  • ལེ་ཚན་སྔོན་མ།:བོད་རིག་པ་ཞིབ་འཇུག་ཁང་གིས་ཁྲེང་ཏུའུ་རུ་ཇ་སྟོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཏང་གི་ལོ་རྒྱུས་གཟི་འོད་ཀྱིས་འབད་འབུངས་ཡར་བརྩོན་གྱི་ལམ་བུ་གསལ་བར་བྱེད།
  • དོ་སྣང་ཆེ་བའི་རྩོམ།