ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-01-19

སྤྱི་ཟླ་དང་པོའི་ཚེས14ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་ཚོགས་འདུ་འཚོགས་ཤིང་། ཉེན་མེད་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ། ཞིང་དཔོན་ཧོང་ཆང་སོགས་མགོ་ཁྲིད་ཀྱི་རོང་བྲག་རྫོང་ཀོན་ཀྲུའུ་ཆུ་གློག་ས་ཚུགས་ལ་ཆུ་སིམ་ལས་འཛོལ་ཤོར་བར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ཁུལ་གྱི་ཉེན་མེད་ཐོན་སྐྱེད་ལས་ཀར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱ་དགོས། དམར་ཐིག་གི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་བསྲུངས་ནས་ཉེན་མེད་ཀྱི་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་འབྱུང་བར་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་ཁག་ཐེག་ཏན་ཏིག་བྱ་དགོས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་ཐོག་རོང་བྲག་རྫོང་གི་ཀོན་ཀྲུའུ་ཆུ་གློག་ས་ཚུགས་སུ་སྤྱི་ཟླ་དང་པོའི་ཚེས12ཉིན་གྱི་ཆུ་སིམ་ལས་འཛོལ་གྱི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་རོང་བྲག་རྫོང་ཀོན་ཀྲུའུ་ཆུ་གློག་ས་ཚུགས་སུ་སྤྱི་ཟླ་དང་པོའི་ཚེས12ཉིན་གྱི་ཆུ་སིམ་ལས་འཛོལ་ཤོར་བར་མཆན་འགོད་མཛུབ་སྟོན་གནང་བའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། ཕྱིན་ཆད་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀར་བཀོད་སྒྲིག་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ཞིང་ཆེན་འཚམས་འདྲི་ཚོགས་པ་རང་ཁུལ་དུ་ལོ་གསར་འཚམས་འདྲིར་ཕེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།