ལས་ཀྱི་བསྒྲིགས་པའི་ཉི་ཟླ།

དབུ་འཇིགས་མེད།        2022-01-18

དབྱིངས་སུ་འཐིམ་པའི་འོད་ཟེར།།

ཉི་ཟླའི་བརྩེ་བའི་དབྱངས་ཡིན།།

དབྱངས་ལ་འོད་ཟེར་འཕྲོས་པ།།

ཉི་ཟླའི་བྱིན་རླབས་རང་ཡིན།།

སྤྲིན་དཀར་དབུས་སུ་འཁྱིལ་བ།།

རྟེན་འབྲེལ་ཉི་མའི་རྟགས་ཡིན།།

དབུ་ཁྱུད་བཀྲ་ཤིས་རྟགས་བརྒྱད།།

ཉི་ཟླའི་བརྩེ་སེམས་མཚོན་ཡོད།།

དབྱིངས་ཀྱི་སྐར་ཚོགས་ཁྲོད་ན།།

ཉི་ཟླའི་སེམས་ཉིད་མཐུན་ཡོད།།

སྨིན་དྲུག་སྐར་ཚོགས་དབུས་ན།།

འགྱུར་མེད་སེམས་པ་བརྟན་ཡོད།།

སྐར་ཚོམས་ཕོ་བྲང་དཀར་པོ།།

ཉི་ཟླའི་སེམས་སུ་ཆགས་ཡོད།།

མཁའ་དབྱིངས་རྒྱ་མཚོ་འདྲ་བོ།།

ཉི་ཟླའི་གཞས་ཁྱིམ་ཆགས་ཡོད།།

ཉི་ཟླའི་རྟོག་ཚོགས་མཐའ་མེད།།

དབྱིངས་ལ་འཐིམ་པའི་གཤིས་མེད།།

ཚིག་གི་གཉུག་གཤིས་དཀར་པོ།།

སེམས་ལ་འཕྲོད་པའི་དཔེ་རེད།།

ལས་ཀྱི་བསྒྲིགས་པའི་ཉི་ཟླ།།

འཁོར་བའི་གྲོང་གི་རྒྱན་ཆ།།

ཉི་ཟླའི་སེམས་ཀྱི་གཤིས་སུ།།

དྲི་མེད་བརྩེ་བ་ཆགས་ཡོད།།

སྨིན་དྲུག་ལྷ་མོའི་མདུན་དུ།།

ཕྱག་གསུམ་དད་པས་འཚལ་བ།།

སྨོན་ལམ་བརྒྱ་སྟོང་བཏབ་ནས།།

འགྱུར་མེད་སེམས་ཤིག་གཏད་པ།།

བརྩེ་བ་གཡུང་དྲུང་རི་མོ།།

ཉི་ཟླའི་རུས་གསེང་བྲིས་ནས།།

གཏན་ཚིག་མདུད་པ་དཀར་པོ།།

རང་རང་སེམས་སུ་བཅིངས་ཡོད།།

ཚིག་གི་གླིང་བུ་དཀར་པོ།།

ཉི་ཟླའི་རྣ་བར་འདྲེན་ནས།།

བརྩེ་བའི་སྨོན་ལམ་འགྲིག་པ།།

ལས་སྨོན་ཞིག་གི་རྟགས་རེད།།


  • ལེ་ཚན་སྔོན་མ།:མཐའ་མེད་པའི་མགུར།
  • ལེ་ཚན་རྗེས་མ།:རྨི་ལམ་གྱི་མདོ།