རོང་བྲག་རྫོང་གིས་ནགས་ཚལ་དང་རྩྭ་སའི་མེ་འགོག་སྲ་བརྟན་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-01-17

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གེགས་འགོག་གེགས་སེལ་གྱི“མཐའ་འཁྱོངས་གཉིས”དང“ལེགས་སྒྱུར་གསུམ”གྱི་རྣམ་བཤད་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། ཐོག་མཐའ་བར་གསུམ་དུ“སྔོན་འགོག་གཙོ་བོ”མཐའ་འཁྱོངས་བྱས་པ་དང་། དུས་དང་རྣམ་པ་ཀུན་ཏུ་འགོག་སྲུང་གཙོ་བོར་བཟུང་ནས་གནོད་འཚེ་འགོག་ཐུབ་པ་བྱས་ཏེ་རྩ་བ་ནས་ནགས་ཚལ་དང་རྩྭ་སའི་མེ་འགོག་སྲ་བརྟན་བཏང་བར་བརྟེན། བསྟུད་མར་ལོ་ངོ17རིང་ལ་གཞི་རྒྱ་ཆེ་བའི་མིས་བཟོས་མེ་སྐྱོན་མ་བྱུང་བ་རེད།

རོང་བྲག་རྫོང་ནི་རང་ཁུལ་ཤར་རྒྱུད་ཀྱི་ནགས་ཚལ་ཐོན་ཁུངས་ཆེ་བའི་རྫོང་ཞིག་ཡིན་ཞིང་། རྫོང་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་མུའུ་ཁྲི456.93དང་། རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི342.6ལ་ཟིན་པ། ནགས་ཚལ་ཁེབས་ཚད་ཀྱི་གཞི་ཁྱོན་བརྒྱ་ཆ57.29ཡིན་པ་དང་རྩྭ་ཐང་ཁེབས་ཚད་ཀྱི་གཞི་ཁྱོན་བརྒྱ་ཆ85ཡིན་པ་རེད། ཟླ་བ་བདུན་རིང་ལ་ཐན་པའི་དུས་ཚིགས་ཡིན་པས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཉེན་ཁ་ཆེ་བའི་རྫོང35ཡི་གྲས་ཤིག་ཡིན་པ་རེད།

ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད། རོང་བྲག་རྫོང་གིས་མཐའ་གཅིག་ཏུ་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཁྲི་འཁུར་ནས་མཉམ་དུ་དོ་དམ་བྱེད་པ། འགན་འཛོལ་བདའ་འདེད་བཅས་བྱ་རྒྱུ་མཐའ་་འཁྱོངས་བྱས་ནས། རིམ་པ་བཞིན་འགན་འཁྲི་ཏན་ཏིག་ཁུར་ཏེ་མི་ཚང་མ་མེ་ཟོན་ལས་དོན་ཆེན་པོའི་ནང་དུ་ཞུགས་ནས་གཞི་རྒྱ་ཆེ་བའི་མེ་ཟོན་མེ་འགོག་གི་ལས་ཀའི་གནས་བབ་བཏོད་པ་རེད། རྫོང་ཨུ་ཧྲུའུ་ཅི་དང་རྫོང་དཔོན་གྱིས་བཀོད་འདོམས་པའི་འགན་འཁུར་བའི་རྫོང་ནགས་ཚལ་དང་རྩྭ་ཐང་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་བཙུགས་པ་དང་། རྫོང་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་བཙུགས་པར་མ་ཟད། ཡུལ་ཤོག(གྲོང་རྡལ)དང་གྲོང་སྡེའི་ཚོགས་ཆུང་གིས་ཀྱང་དུས་གཅིག་ཏུ་བཀོད་འདོམས་སྒྲིག་གཞི་བཙུགས་པ་རེད། “གཞུང་ལས་ཁང་གཅིག་དང་ཚོགས་ཆུང་དྲུག”གི་རྨང་གཞིའི་ཐོག་སྒྲིག་ཁྲིམས་ལྟ་སྐུལ་ཚོགས་ཆུང་གསར་དུ་བཙུགས་ནས“གཞུང་ལས་ཁང་གཅིག་དང་ཚོགས་ཆུང་བདུན”གྱི་ལས་ཀའི་མ་ལག་ཅིག་ཆགས་པར་བྱས་མཐར། མེ་ཟོན་ལག་བསྟར་བྱེད་པའི་དུས་མཚམས་སུ་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་རྫོང་རིམ་པའི་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་ལས་ཁང་དུ་ཆུ་ཚོད24རིང་རེས་མོས་ལས་རེས་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་ཛ་དྲག་གི་གནས་ཚུལ་ཐོན་ཚེ་མགྱོགས་མྱུར་རྒྱུས་ལོན་ཐུབ་པར་འགན་ལེན་བྱས་པ་རེད།

དེ་དང་ཆབས་ཅིག། ཐོག་མཐའ་བར་གསུམ་དུ“མིས་འགོག་པ་དང་དངོས་པོས་འགོག་པ། ལག་རྩལ་གྱིས་འགོག་པ”བཅས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མགོ་མཇུག་ལ་ཤུགས་སྣོན་བརྒྱབ་པ་དང་མཐའ་མར་ཕན་འབྲས་ཐོན་པར་བྱས་ཤིང་། “འགོག”གི་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱས་ནས་རི་མགོ་དང་རླངས་འཁོར། མིར་དོ་དམ་བྱས་ནས་མེ་འགོག་ཐུབ་པ་བྱས། གཙོ་གནད་མི་ཚོགས་ལ་དོ་སྣང་བྱེད་པ་དང་གཙོ་གནད་ཆེ་སར་དོ་དམ་ནན་པོ་བྱེད་པ། གཙོ་གནད་དུས་རིམ་མངོན་གསལ་དོད་པོ་བྱེད་པ། མེའི་ཐོན་ཁུངས་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་དམ་འཛིན་བྱེད་པ། ཁྲིམས་ལྟར་མེ་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཡག་པོ་སྐྲུན་པ། ཐོག་མཐའ་བར་གསུམ་དུ་མ་མཐའི་མཚམས་ཐིག་གི་བསམ་བློ་མཐའ་འཁྱོངས་བྱས་ནས་གནས་བབ་མི་ལེགས་པའི་གྲ་སྒྲིག་དང་ཆེས་ཡག་ཤོས་ཀྱི་ཕྱོགས་སུ་འབད་བརྩོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་མེ་གསོད་གྲ་སྒྲིག་ལེགས་པོ་བྱས་ནས། མེ་སྐྱོན་འགོག་ཟོན་གྱི་རང་འགུལ་དང་སྔོན་དུ་གོ་སྐབས་ལ་བློ་གདེང་ནན་པོ་བྱས་ནས“འགོག”གི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ་རེད། དེ་དང་ཆབས་ཅིག། ནགས་ཚལ་མེ་སྐྱོན་གྱི་རིམ་པ་བཞིའི་འཕྲལ་སྡོམ་ཚད་གཞི་དེ་སྤྱི་ཆིང་གཅིག་མན་བར་དམའ་རུ་བཏང་བ་དང་རྩྭ་ཐང་མེ་སྐྱོན་གྱི་རིམ་པ་བཞིའི་འཕྲལ་སྡོམ་ཚད་གཞི་དེ་སྤྱི་ཆིང་བཅུ་མན་བར་དམའ་རུ་བཏང་ནས“མེ་གསོད་སྔ་ཙམ་དང་། མེ་གསོད་ཀྱི་དུས་སྐབས་དམ་འཛིན། མེ་གསོད་རྩ་བ་ནས་བྱེད་པ”བཅས་འགན་ལེན་བྱས་པ་རེད།

སླད་ཕྱིན་རོང་བྲག་རྫོང་གིས་བསམ་བློའི་ངོས་འཛིན་སྔར་བས་ཇེ་དྲག་ཏུ་བཏང་སྟེ་འགན་འཁྲི་ནན་དུ་གཏོང་བ་དང་ལས་ཀའི་བྱེད་ཐབས་མང་དུ་གཏོང་བ། ཞན་ཆ་མེད་པ་བྱས་ནས་མཐའ་གཅིག་ཏུ“མིས་བཟོས་མེ་སྐྱོན་མི་འབྱུང་བ་དང་མི་སྣ་ཤི་རྨས་མི་འབྱུང་བའི”མཐའ་ཚད་བསྲུངས་བ་རེད།།



  • ལེ་ཚན་སྔོན་མ།:ཡེ་ཧན་པིང་གིས་རང་ཁུལ་དུ་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་ལས་ཀར་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་འཕྲལ་སྡོམ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མིའི་མེ་གསོད་འདུ་ཤེས་ཇེ་དྲག་ཏུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།