དཀར་མཛེས་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བ།        2022-01-13

དཀར་མཛེས་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

པར་འདི་ནི་མཚོ་ཕུ་ལུང་ཤུར་ཡིན།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུའུ་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་དེ་གཙོ་བོར་བཟུང་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་འགྲོ་རྒྱུར་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།

མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ། དཀར་མཛེས་ཁུལ་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད》འགྲེམས་སྤེལ་བྱས་ནས《ཁམས་པའི་རིག་གནས་སྐྱེ་ཁམས་ཚོད་ལྟའི་སྲུང་སྐྱོང་ཁུལ་གྱི་འཆར་འགོད》དང《དཀར་མཛེས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་ཆེད་དོན་འཆར་འགོད》བཟོས་ཏེ་ཁོངས་ཡོངས་ཡུལ་སྐོར་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཏོན་པ་རེད།

དཀར་མཛེས་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

པར་འདི་ནི་ཤུན་ལུང་དམར་པོ་རིའི་མཛེས་ལྗོངས་ཡིན།

     རྣམ་གྲངས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ། མིག་སྔའི་བར་དུ། མ་དངུལ་སྒོར་དུང་ཕྱུར22.2བཏང་ནས་མཚོ་ཕུ་ལུང་ཤུར་གྱི་མཛེས་ལྗོངས་ཁུལ་དང་ཤིན་ལུང་དམར་པོ་རིའི་མཛེས་ལྗོངས་ཁུལ་སོགས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས41འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། སྡེ་རོང་ཝ་ཁའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་། དགེ་བསྙེན་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལམ་རྒྱུད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས12ལ་ཀྲུང་དབྱང་གི་བོད་འབྲེལ་ཆེད་དོན་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར3.2ཐོབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ས་ཚིགས་39དང་། ཡུལ་སྐོར་གསང་སྤྱོད་ཁང49 ། ཡུལ་སྐོར་མཚོན་རྟགས70བཅས་སྐྲུན་པ་རེད།

    སྤུས་རྟགས་གཏོད་པར་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ། ཐེན་ཧྥུའུ་ཡུལ་སྐོར་གྱི་གྲགས་ཅན་ཚོང་རྟགས་རབ་དང་རིམ་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། མིག་སྔའི་བར་དུ། ལྕགས་ཟམ་དང་ལི་ཐང་རྫོང་གཉིས་མིང་གྲགས་ལྡན་པའི་གདམ་བྱའི་རྫོང་དུ་གྱུར་ལ། རྒྱལ་སྐྱིད་གྲོང་རྡལ་དེ་ཉིད་མིང་གྲགས་ལྡན་པའི་གྲོང་རྡལ་ཁག་དང་པོར་གྱུར་ཞིང་། རོང་གཅིག་གྲོང་ཚོ་སོགས་ཀྱི་གྲོང་ཚོ་གཉིས་མིང་གྲགས་ལྡན་པའི་གྲོང་ཚོ་ཁག་དང་པོར་གྱུར་པ་དང་། གནའ་ལམ་བྱང་མའི་ཡུལ་མིའི་སྡོད་ཁང་ལ་རྒྱལ་ཡོངས་ཀྱི་ཀ་རིམ་པའི་ཡུལ་མིའི་སྡོད་ཁང་ཆོག་མཆན་ཐོབ། གཞན་ཡངAརིམ་པའི་མཛེས་ལྗོངས་ཁུལ་གྱི་བསྡོམས་འབོར96ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དུང་དཀར་རོང་གི་མཛེས་ལྗོངས་ཁུལ་སོགས་ནི་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་ལག་ལེན་རྟེན་གཞིར་བདམས་ཡོད།

     ཡུལ་སྐོར་ཚོང་གཉེར་གྱི་དཀའ་གནད་སེལ་ནས་འཕེལ་རྒྱས་ཡོང་བར་བྱས་པ། “དྲ་ཐོག་གི་བྱང་བུ་དམར་པོ100”སོགས་དྲ་རྒྱའི་བརྗོད་གཞི་ཀློག་ཚད་མི་ཐེངས་དུང་ཕྱུར200ལྷག་ཙམ་ཟིན་པ་དང་། “མྱུར་བགྲོད་གཞུང་ལམ་བརྒྱུད་དེ་ཀྲུང་གོར་ལྟ་སྐོར་བྱེད། ཁམས་པའི་ཕོ་གཞོན་ཚོས་ཁྱེད་རང་ཁྲིད་ནས་ཕ་ཡུལ་ལ་གཟིགས་མོ་བྱེད”ཞེས་པ་དང“མཛེས་སྡུག་ལྡན་པའི་སི་ཁྲོན·ཚོན་མདངས་རྣམ་པར་བཀྲ་བའི་རི་མོ”བཅས་སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བརྒྱུད་གཏོང་བྱས་པས། “དར་གོས་ལམ་བུའི་དཀར་མཛེས·ནུབ་རྒྱུད་དག་ཞིང”ཞེས་པར2021ལོའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་སྤུས་ལེགས་ཀྱི་དཔེ་མཚོན་ཐོབ་པ་དང་། དཀར་མཛེས་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་མིང་གྲགས་ཇེ་ཆེར་སོང་བ་རེད། ། 


  • ལེ་ཚན་སྔོན་མ།:སྡེ་རོང་རྫོང་གིས“དཔེ་དེབ་ཁང་ལ་བཀྲག་མདངས་བསྣན་པ”ཞེས་པའི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10