སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།

        2022-01-10

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།


སྤྱི་ཟླ་དང་པོའི་ཚེས7ཉིན་གྱི་སྔ་དྲོར། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་རེད།ནན་ཧུང་གིས་ཚོགས་ཆེན་གཙོ་སྐྱོང་གནང་།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལེ་ཅན་ཕིང་དང་དབྱང་ཆིན་ཧྭ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅན། ཚེ་རིང་དབང་མོ། ཆུས་མའེ། ལོའུ་ལིན། ལིའུ་ཧོང་། ཞུའེ་ཏ་ཆོན་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཚོགས་ཆེན་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན་ཧྥུའུ་པའོ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་བ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ་ལིའོ་ཞའེ་ཏུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།

འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ་ང་ཚོས་ཆབ་སྲིད་འཇོན་ནུས་ཇེ་དྲག་ཏན་ཏིག་བཏང་ནས་ཏང་གིས་ཁྲིམས་འཛིན་ལས་དོན་ལ་རྦད་དེ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་དོ་དམ་དང་ཁྲིམས་ཁང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱེལ་བྱས་པ་ཡིན། ལོ་ལྔའི་རིང་ལ་ང་ཚོས་འདྲི་གཅོད་དང་ལག་བསྟར་བྱེད་ནུས་མཐོ་རུ་ཏན་ཏིག་བཏང་སྟེ་ཁྱོན་ཡོངས་ནས་གྱོད་གཞིའི་སྤུས་ཀ་ཕན་འབྲས་རྒྱལ་ཁ་ཐོབ་ཡོད་པ་རེད། ལོ་ལྔའི་རིང་ང་ཚོས་སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་ཆེ་རུ་ཏན་ཏིག་བཏང་ནས་མང་ཚོགས་ལ་ཁྲིམས་འཛིན་གྱི་ཐོབ་སྣང་ཉམས་ལེན་གསར་རྐྱང་བྱེད་དུ་བཅུག་ཡོད།

སྙན་སེང་ནང་བཤད་དོན། མ་འོངས་པའི་ལོ་ལྔའི་རིང་གི་སྤྱི་ཡོངས་ཀྱི་ལས་ཀའི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།

སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།བཞི་པ། ལྔ་པ། དྲུག་པ་བཅས་དང་དེ་བཞིན་དུ་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། གཅིག་ནི་ཏང་གི་མགོ་ཁྲིད་གཙང་དག་མཐའ་འཁྱོངས་བྱས་ནས་ཆབ་སྲིད་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་པར་ཤུགས་བསྒྲིམ་དགོས། གཉིས་ནི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པའི་ཐད་འགན་འཁྲི་གསར་པ་འཁུར་བ་མཚོན་དགོས། གསུམ་ནི་ཞིབ་བཤེར་ལག་བསྟར་ཚད་ལྡན་ཅན་མཐའ་འཁྱོངས་བྱས་ནས་དུས་བདེའི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ཐད་བྱས་རྗེས་གསར་པ་མཚོན་དགོས། བཞི་ནི་དམངས་དོན་དུ་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བར་བྱེད་པའི་ཐད་དུ་བྱེད་ཐབས་གསར་པ་སྤྱོད་དགོས། ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་ཐད་ཉམས་འགྱུར་གསར་པ་མངོན་དུ་འགྱུར་བར་བྱ་དགོས།

མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་འོག། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ།མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བཅས་ཀྱི་འོག་ཏུ། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་གྱི་སྤྱི་ཡོངས་ཀྱི་བླང་བྱ་བརྩི་སྲུང་བྱས་ནས་དཀར་མཛེས་ཁུལ་གྱི་ཞིབ་དཔྱོད་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་གསར་པ་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་སྟེ་ཐོག་མའི་བསམ་འདུན་མ་བརྗེད་པར་ཁྲིམས་ལྟར་འགན་འཁྲི་ནན་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བཏང་བར་ཞིབ་དཔྱོད་སྟོབས་ཤུགས་ཀྱི་བྱས་རྗེས་བཞག་ཡོད།

ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ནང་བཤད་དོན། མ་འོངས་པའི་ལོ་ལྔའི་ནང་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱ་རྒྱུ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་གྲོས་ཚོགས་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན། ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་པ་དང་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་དང་ཞིབ་དཔྱོད་ལས་སྒོ་དང་ཚོགས་པའི་དཔུང་སྡེ་འཛུགས་སྐྱོང་། གཞི་རིམ་གྱི་རྨང་གཞི་འཛགས་སྐྱོང་བཅས་ལ་རྒྱུན་མཐུད་དུ་ཤུགས་བརྒྱག་དགོས། གཅིག་ནི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལམ་ཕྱོགས་ཡང་དག་པར་བརྟེན་ནས་ཞིབ་དཔྱོད་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་སྣེ་ཁྲིད་བྱ་དགོས། གཉིས་ནི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་རེའི་ཁུལ་གྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། གསུམ་ནི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིབ་དཔྱོད་ཀྱི་གཙོ་འགན་འཁུར་མཁན་རྒྱུན་མཐུད་དུ་གཏིང་ཟབ་བྱ་དགོས། བཞི་ནི་བཅོས་བསྒྱུར་གསར་གཏོད་སྒུལ་ཤུགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞིབ་དཔྱོད་ཀྱི་ནང་གནས་ནུས་པ་ཐོན་པ་རྒྱུན་མཐུད་དུ་སྐུལ་སྤེལ་གཏང་དགོས། ལྔ་ནི་རྨང་འདིང་བརྟན་ཆགས་བྱ་རྒྱུས་དམིགས་འབེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་རྒྱུན་ཆད་མེད་པར་འཛུགས་སྐྱོང་བྱ་དགོས།།

གསར་འགོད་པ། ཨོ་རྒྱན་དང་རྟ་མགྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10