དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

        2022-01-10

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།


སྤྱི་ཟླ་དང་པོའི་ཚེས7ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས། ཕུའུ་ཡུང་ཧྥུང་གིས་ཚོགས་འདིའི་གཙོ་སྐྱོང་གནང་། ཝང་ཁྲེང་ཁང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུས་པ་རེད།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི288ཡིན་ཞིང་། དངོས་སུ་ཞུགས་པའི་འཐུས་མི279ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་།དཀར་མཛེས་ཡན་ལག་དམག་ཁུལ་གྱི་མགོ་ཁྲིད་བློ་མཐུན། རང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་དོ་དམ་མཐོ་སློབ་ཀྱི་འགན་འཁུར་བ། ཀྲེ་ཅང་ཞིང་ཆེན་གྱི་དཀར་མཛེས་ཁུལ་དུ་བཅའ་སྡོད་རོགས་སྐྱོར་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་བཅས་གདན་ཞུ་ལྟར་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་པ་རེད།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ཧྥུང་ཧྥ་ཀུའེ་དང་ཝང་ཡུས་ཆུང་། སངས་དགའ། ཡོན་མིང་ཀོང་། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥུང་། ཝང་ཁྲེང་ཁང་། ཐེན་ལུང་། ཡུན་ལེ། ཧོང་ཅིན། ཧོ་ཝུན་ཚའེ། ལུའུ་ཡན། རྒྱལ་ནག་པ་སྐུ་ཕྲེང་བཅུ་བཞི་པ་རེད།

སྙན་སེང་ནང་ནན་བཤད་བྱས་དོན། འདས་པའི་ལོ་ལྔའི་ནང་ང་ཚོས“ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་གལ་ཆེན”འཛུགས་སྐྱོང་བྱ་རྒྱུས་ཁྲིད་སྟོན་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། ཕུགས་བསམ་འོད་ཟེར་གྱིས་འགན་འཁྲི་སྒྲུབ་པའི་ལམ་བུར་གསལ་བར་བྱས་ཡོད། འདས་པའི་ལོ་ལྔའི་ནང་ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། དབང་ཆ་ཕྱི་གསལ་ནང་གསལ་གྱི་འོག་འཁོར་སྐྱོད་ཐུབ་པ་དང་། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ལམ་ལུགས་ཀྱི་བཟང་ཆ་མཚོན་པར་བྱས་ཡོད། འདས་པའི་ལོ་ལྔའི་ནང་། ང་ཚོས་མི་དམངས་གཙོ་བོར་འཛིན་པའི་རིན་ཐང་དོན་གཉེར་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་འགྱུར་བ་དང་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ། དམངས་ལ་བཅངས་པའི་བརྩེ་སེམས་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་དམིགས་ཡུལ་མངོན་ཡོད།

འདས་པའི་ལོ་ལྔའི་ནང་། ང་ཚོས“བློ་དཀར་སེམས་དཀར་དང་འགན་འཁུར་ཕོད་པ། བྱས་རྗེས་འཇོག་ཐུབ་པ”བཅས་ཀྱི་ལས་ཀའི་རང་བཞིན་འཛིན་སྐྱོང་བྱས་ཏེ། འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་གནས་བབ་བསྐྱངས་ཡོད།

སྙན་སེང་ནང་ནན་བཤད་བྱས་དོན། ལོ་ལྔའི་རིང་ང་ཚོས་རང་རྟོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱས་པ་དང་།ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་ལས་དོན་ཁག་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།ལོ་ལྔའི་རིང་ང་ཚོས་ལྟ་སྐུལ་ཡང་དག་པ་དང་།ལྟ་སྐུལ་ནུས་ལྡན།ཁྲིམས་ལྟར་ལྟ་སྐུལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྔར་བས་བརྩེ་བ་ལྡན་པ་དང་། སྔར་བས་སྤུས་ཚད་ལྡན་པར་བྱས་ཡོད། ལོ་ལྔའི་རིང་། ང་ཚོས་དཔེ་བཟང་ལས་ཁུངས་འཛུགས་པ་དང་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་་ནས་དམངས་ཆེན་འཐུས་ཚོགས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

སྙན་སེང་ནང་ནན་བཤད་བྱས་དོན། 2022ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པ་བསུ་མ་ཞུ་དགོས། ད་གིན་གྲོལ་མ་ཐག་པའི་དཀར་མཛེས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་ཅིང་། ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་རྒྱག་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་མཉམ་འདྲེས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་བསམ་གཞི་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བ་རྒྱུན་འཁྱོངས་བྱ་རྒྱུས་གཙོ་རྐང་དུ་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ། དེང་རབས་ཀྱི་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རིགས་ཀྱི་རྟེན་གཞི། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་བཅས་འཛུགས་པར་དམིགས་ནས། གསར་གཏོད་ཀྱིས་སྒུལ་ཤུགས་བྱེད་པ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་བྱེད་པ། ས་ཁོངས་ཡོངས་སུ་སྒོ་འབྱེད་པ། ཨང་ཀི་ཅན་གྱི་ནུས་པ་སྐྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ཁུལ་སྐྱོང་བ་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་བྱེད་པ། ཡུལ་སྡེ་དར་རྒྱས། འགྲིམ་འགྲུལ་སྔོན་དུ་སྤེལ་བ། ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་གི་འཐབ་ཇུས་བཅས་ལག་ལེན་དུ་བསྟར་བ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པའི” ཁྲིད་སྟོན་བསམ་བློ་བཏོན་ཡོད། གནས་བབ་གསར་པ་དང་ལས་འགན་གསར་པ།བླང་བྱ་གསར་པ་བཅས་ཀྱིས་དམངས་ཆེན་འཐུས་ཚོགས་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱ་དགོས།

སྙན་སེང་ནང་ནན་བཤད་བྱས་དོན། སྔར་བས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་དང་སྔར་བས་བདེན་སྲུང་འགྱུར་མེད་ཀྱིས་ཁྲིམས་སྐྱོང་ལ་སྐུལ་འདེད་བཏང་ནས་འགན་འཁྲི་དང་འགན་ནུས་སྔར་བས་ཧུར་ཐག་གིས་ཕྲག་ཐོག་ཏུ་འཁུར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་།དམངས་འཚོ་ལེགས་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཁྲིམས་ལྟར་ཁུལ་སྐྱོང་བར་སྐུལ་འདེད་གཏོང་བ།འཐུས་མིའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་པས་མ་ཚད། དེ་བས་བློ་དཀར་སེམས་དཀར་དང་།འགན་འཁྲི་འཁུར་བ།བྱས་རྗེས་འཇོག་པ་བཅས་བྱ་དགོས།

སྙན་སེང་ནང་ནན་བཤད་བྱས་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱས་ནས་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་གངས་ལྗོངས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་སྡུག་སྲུང་སྐྱོང་བྱེད་པ་དང་།འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་སྐྲུན་རོགས་བཅས་བྱ་དགོས།ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲོལ་ཡིག།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་སྲོལ་ཡིག་བཅས་དྲིལ་བསྒྲགས་དང་ལག་བསྟར་དམ་འཛིན་སྔར་ལས་ལྷག་པར་བྱས་ནས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ཁྲིམས་ལུགས་བཟོ་བ་དང་བཅོས་པ།ལས་དོན་ལ་ལྟ་སྐུལ།ཁྲིམས་འཛིན་ཞིབ་བཤེར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཆེས་ནན་ཤོས་ཀྱི་བཅའ་ཁྲིམས་ལམ་ལུགས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་འགན་ལེན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ སྤྱི་ཚོགས་ཡོངས་ཀྱིས་མཉམ་སྐྲུན་དང་།མཉམ་བཅོས། མཉམ་སྤྱོད་བཅས་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཛུགས་སྐྱོང་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཧྥུའུ་པའོ་ཡིས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལས་ཀའི་སྙན་སེང་ཞུས་པ།ལིའོ་ཞུའེ་ཏུང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་ཞུས་པ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོའི་བྱ་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་པ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སྒྲིག་གཞིའི་གཏན་འབེབས་འཆར་ཟིན་བརྡས་ཐག་བཅད་པ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འོས་མི་གྲོས་འཆམས་བྱེད་ཐབས་འཆར་ཟིན་བརྡས་ཐག་བཅད་པ་རེད།།

ངེད་གསར་འགོད་པ་ཀུན་དགའ་དང་ཡེ་ཤེས་ཀྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10