ཆེད་མཁས་པ་རྣམས་ནས་ལེ་ཧྲན་བྱམས་ཆེན་ལ་བརྟག་ཞིབ་གནང་དོན་ཅི་ཡིན་ནམ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-01-11

  ལེ་ཧྲན་བྱ མས་ཆེན་ནི་འཛམ་གླིང ་སྟེང་ད་ཡོད་ཀྱི་རྡོ་བརྐོས་ལྷ་སྐུ་ཆེ་ཤོས་དེ་ཡིན་ཞིང་། མཐོ་ཚད་སྨི་70ལྷག་ཙམ་ཡོད་པ་དང་། ད་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། 

    ལྷ་སྐུ་ཆེན་པོ་དེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་། ཆིང་དབྱི་གཙང་པོ། མིན་ཅང་གཙང་པོ་བཅས་གསུམ་གྱི་འདུས་མདོ་ཡི་བྲག་རི་དམར་པོའི་སྟེང་དུ་བཞེངས་ཡོད། འོན་ཏེ། འདི་ལྟ་བུའི་བྱེ་དམར་བྲག་རིར་རླུང་ཟད་ཐེབས་ཚད་ཚབས་ཆེ་བ་སྟེ། བྲག་རྡོ་ལ་ལའི་ཕྱི་ངོས་མངོན་གསལ་གྱིས་བྱེ་འདམ་ཅན་དུ་གྱུར་ཡོད་པས་མཛུབ་མོས་རེག་ཙམ་བྱས་ན་གོག་འགྲོ་ཡི་ཡོད།ཆེད་མཁས་པ་རྣམས་ནས་ལེ་ཧྲན་བྱམས་ཆེན་ལ་བརྟག་ཞིབ་གནང་དོན་ཅི་ཡིན་ནམ།

    བཞའ་ཚན་ཆེ་ཞིང་། ཆར་ཆུ་འབེལ་བ། བྲག་རྡོའི་ངོ་བོ་སོགས་རྒྱུ་རྐྱེན་གྱི་དབང་གིས།  དུས་ཡུན་རིང་པོའི་ནང་ལེ་ཧྲན་བྱམས་ཆེན་ལ་ཆུའི་གནོད་འཚེ་དང་། སྐྱེ་དངོས་ཀྱི་གནོད་འཚེ། རླུང་ཟད་གནོད་འཚེ། ཉམས་གསོའི་ཁུལ་གས་ཐོར་བྱུང་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཐོན་བཞིན་ཡོད།

    ཡུལ་སྐོར་བའི་མིག་ལམ་དུ་ཤར་བ་ནི་ལེ་ཧྲན་བྱམས་ཆེན་གྱི་བཞིན་རས་ཐོག་གི་ནག་ནོག་དང་། སྐུ་ལུས་སྟེང་གི་རྩྭ། གོག་སྐྱོན་ཤོར་བ་སོགས་ཡིན། འོན་ཀྱང་། ཐེངས་སྔོན་མར་གཞི་ཁྱོན་ཆེ་བའི་ཞིག་གསོའི་ལས་དོན་སྤེལ་བ་ནས་ད་བར་ལོ་ངོ་གསུམ་ལས་ཕྱིན་མེད། ཆེད་མཁས་པ་རྣམས་ནས་ལེ་ཧྲན་བྱམས་ཆེན་ལ་བརྟག་ཞིབ་གནང་དོན་ཅི་ཡིན་ནམ།

    ལེ་ཧྲན་བྱམས་ཆེན་སྲུང་སྐྱོབ་བྱེད་པར་ད་དུང་མ་ལག་རང་བཞིན་ལྡན་པའི་སྒོ་ནས་འབྱུང་རྩ་ནས་གནད་དོན་ཐག་གཅོད་བྱེད་དགོས།

    སྤྱི་ཚེས་8ཉིན། སི་ཁྲོན་ཞིང་ཆེན་རིག་དངོས་ཅུད་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་གྲགས་ཅན་ཆེད་མཁས་པ་མང་པོ་ཞུགས་པའི་བྲག་ཕུག་སྲུང་སྐྱོབ་ཀྱི་བཞུགས་མོལ་ཚོགས་འདུ་སི་ཁྲོན་ལེ་ཧྲན་གྲོང་ཁྱེར་དུ་འཚོགས་ཤིང་། ལེ་ཧྲན་བྱམས་ཆེན་བྲག་ཕུག་ལ་ལྷན་དུ་དཔྱད་དཔོག་གནང་སྟེ་ཉམས་གསོའི་བྱ་ཐབས་བཏོན་ཡོད་པ་རེད།

    ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་དང་། ཏུན་ཧོང་ཞིབ་འཇུག་ཁང་། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་སོགས་ལས་ཁུངས་ནས་ཕེབས་པའི་ཆེད་མཁས་པ་རྣམས་ཀྱིས་ཡུལ་དངོས་སུ་རྩད་ཞིབ་གནང་རྗེས། ལེ་ཧྲན་བྱམས་ཆེན་ལ་གནོད་འཚེ་ཕོག་རྐྱེན་མང་པོ་ཞིག་གནས་ཡོད་པ་དང་གནོད་འཚེ་ཆེ་ཤོས་ནི་ཆུའི་གནོད་འཚེ་ཡིན་པ་ངོས་འཛིན་གཅིག་མཐུན་བྱུང་ཡོད།ཆེད་མཁས་པ་རྣམས་ནས་ལེ་ཧྲན་བྱམས་ཆེན་ལ་བརྟག་ཞིབ་གནང་དོན་ཅི་ཡིན་ནམ།

    ཆུའི་གནད་དོན་དང་། ནང་ཁུལ་གས་སྲུབས་བྱུང་ས། རླུང་ཟད་འགོག་པ་བཅས་ལ་རྒྱུ་ཆ་གང་ཞིག་སྤྱད་དེ་ཉམས་གསོ་བྱ་རྒྱུ་དང་། ལྷ་ཁང་ཆེན་པོ་ཞིག་བསྐྲུན་དགོས་མིན། ཡུལ་སྐོར་བའི་འབོར་ཚད་ག་ཚོད་ཐེག་མིན་སོགས་ཚང་མར་མ་ལག་ཅན་གྱི་འཆར་འགོད་བྱས་ནས་རིམ་པ་བཞིན་དོན་འཁྱོལ་བྱེད་དགོས། འདི་ནི་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ཆེད་ལས་ཚན་ཞིབ་ཚོགས་ཆུང་གིས་དུས་ཡུན་པོར་ཞིབ་འཇུག་བྱེད་དགོས་ཀྱི་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན། 1914ལོ་ནས་བཟུང་། ལེ་ཧྲན་བྱམས་ཆེན་ལ་སྔ་རྗེས་སུ་གཞི་རྒྱ་ཅུང་ཆེ་བའི་ཕྱི་ངོས་ཉམས་གསོ་ཐེངས་7བྱས་མྱོང་མོད། འོན་ཀྱང་ཚང་མས་མ་ལག་རང་བཞིན་ལྡན་པའི་སྒོ་ནས་འབྱུང་རྩའི་གནད་དོན་ཐག་གཅོད་ཐུབ་མེད་པ་རེད།

    ཆེད་མཁས་པ་རྣམས་ཀྱིས་ལྷན་དུ་རྩད་ཞིབ་གནང་རྗེས། སི་ཁྲོན་ཞིང་ཆེན་རིག་དངོས་ཅུད་ཀྱི་ཅུད་ཀྲང་ཝང་དབྱི་ཡིས། གནད་དོན་རབ་དང་རིམ་པར་དམིགས་ནས་དེ་མཚུངས་ཀྱི་བྱ་ཐབས་བཟུང་རྒྱུ་སྟེ། རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ལས་ཁུངས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ལེ་ཧྲན་བྱམས་ཆེན་ལ་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་སྤེལ་བ་དང་། ཁྱབ་ཁོངས་ལས་བརྒལ་ཞིང་རིག་ཚན་མང་བའི་ཞིབ་འཇུག་བྱེད་པ། སྒྲིག་གཞིའི་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10