2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

ཡེ་ཤེས་ཀྱིས་བསྒྱུར།        2022-01-05

སྤྱི་ཟླ12པའི་ཚེས27ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ་ལས་ལམ་ལུགས་ཀྱི་བཟང་ཆ་མངོན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་བ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

ཀྲུང་གོའི་མཁའ་སྐྱོད་དེ༼ བར་སྣང་ས་ཚིགས་དུས་རབས་ལ་སླེབས་པ།༽

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་ཀྱི་རྩེ་རིམ་ཇུས་བཀོད་ཡིག་ཆ་བཏོན་པ་དང་། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དུས་མཚམས་གསར་པ་འགོ་ཚུགས་པ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། ༼ ཏང་གི་ལོ་བརྒྱའི་འབད་འཐབ་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད༽ ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་རྔམ་བརྗིད་ལྡན་པའི་ངང་ནས་ཀྲུང་ཧྭ་ས་གཞི་ཆེན་པོ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་ཁྱབ་བསྒྲགས་གནང་བ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གོ་ལ་ཧྲིལ་པོའི་མདུན་དུ་སླེབས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་བཙུགས་པ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དེ་ཉིད་སྔར་བཞིན་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆེན་པོ་དེ་ཡིན་པ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
ཧྭ་ཝེ་ཡི་དབུ་བཞུགས་ནོར་དོན་མགོ་དཔོན་མེང་ཝེན་ཀྲོའུ་བདེ་འཇགས་ངང་རྒྱལ་ནང་དུ་ཕྱིར་ལོག་པ་དང་། ཨ་རིས་གཞན་ལ་ཇུས་མེད་ཇུས་གཏོགས་བྱས་ནས་རྒྱལ་ཁབ་གཞན་གྱི་ཁེ་ལས་ལ་བཙན་གནོན་བྱེད་པའི་བྱ་སྤྱོད་ལ་ཕམ་ཉེས་ཆེན་པོ་ཕོག་པ།

2021ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
ཤང་ཀང་གིས་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཁྲིམས་འཛུགས་ལྷན་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ཐེངས་དང་པོ་དེ་ལེགས་གྲུབ་ལྡན་པའི་ངང་གཉེར་བ། རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི་ཐོག་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བརྟན་ཐོག་རྒྱང་བགྲོད་ཡོང་རྒྱུར་འགན་ལེན་བྱས་པ།

  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ཏེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།