རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-12-16

     སྤྱི་ཟླ་12ཚེས་11ནས་12ཉིན་བར། ཨ་ཤེ་ཡའི་ཆུ་ཚོད་24ཡི་རྒྱ་མཚོའི་རླུང་འཚུབ་ཅེས་པའི་ཕོ་རྒོད་འགྲན་བསྡུར་དེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བོན་པོ་རི་མཛེས་ལྗོངས་ཁུལ་དུ་གཉེར་ཡོད་ཅིང་། རྒྱ་མཚོའི་རླུང་འཚུབ་ཅེས་པའི་ཕོ་རྒོད་ཚོས་དུས་ཚོད་ཆུ་ཚོད་24ནང་ལུས་སེམས་ལ་ཚོད་བགམ་ནན་པོ་ཐེབས་པའི་འགྲན་བསྡུར་དེར་ཞུགས་རྒྱུ་རེད།

རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།

     རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་ནི་ཕོ་རྒོད་འགྲན་བསྡུར་གྱི་ནང་གསེས་ལས་སྙུགས་ཤེད་འགྲན་བསྡུར་ཡིན་ཞིང་། དེར་ཆུ་ཚོད་4དང་། ཚུ་ཚོད་12 ཆུ་ཚོད་24བཅས་ཀྱི་འགྲན་བསྡུར་རིགས་གསུམ་ཡོད། སྲོལ་རྒྱུན་གྱི་འགྲན་བསྡུར་དང་མི་འདྲ་བ་ཞིག་ནི་རླུང་འཚུབ་འགྲན་བསྡུར་ལ་དུས་ཚོད་དྲན་སྐུལ་བྱེད་མཁན་མེད་ལ། ཕན་ཚུན་དབར་གྱི་འགྲན་རྩོད་ཀྱང་མེད་ཅིང་། འགྲན་བསྡུར་ཐེངས་རེ་རེ་ནི་རྣམ་པ་གསར་རྐྱང་གི་ཉམས་ལེན་ཞིག་ཡིན་པས་འགྲན་བསྡུར་གྱི་ནང་དོན་སུས་ཀྱང་རྟོགས་ཐུབ་པ་ཞིག་མིན།

རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།

     ད་ཐེངས་ཀྱི་རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་དེ་ས་བབ་མཐོ་ཚད་སྤྱི་ཁྲེ་3000ཟིན་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་ཡོད་ཅིང་། རྒྱང་ནས་བོན་པོ་རི་མཐོང་བ་དང་། འགྲམ་དུ་ཡར་ཀླུང་གཙང་པོ་རྒྱུགས་ཤིང་། དྲག་ཏུ་རྒྱུགས་པའི་གཙང་པོ་དང་། ནགས་ཤིང་སྟུག་པའི་ནགས་ཚལ། དཀར་གཙང་གི་གངས་རི། ངོ་མཚར་གྱི་ས་ཁམས་བཅས་ཁྱད་འཕགས་ཀྱི་འགྲན་བསྡུར་བྱ་ཡུལ་ལས་ད་རེས་ཀྱི་འགྲན་བསྡུར་དེ་དམིགས་བསལ་ཞིག་ཏུ་གྱུར་ཡོད།

རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།

རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།

རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།

རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།


  • ལེ་ཚན་སྔོན་མ།:ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ།
  • ལེ་ཚན་རྗེས་མ།:022ལོར་པེ་ཅིང་གྲོང་ཁྱེར་ཡོངས་སུ་ཤོག་སྦག་སྤར་མི་ཆོག
  • དོ་སྣང་ཆེ་བའི་རྩོམ།