022ལོར་པེ་ཅིང་གྲོང་ཁྱེར་ཡོངས་སུ་ཤོག་སྦག་སྤར་མི་ཆོག

    མི་དམངས་དྲ་བ།    2021-12-16

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། གསར་འགོད་པས་པེ་ཅིང་གྲོང་ཁྱེར་གྱི་ཤོག་སྦག་བདེ་འཇགས་དོ་དམ་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་གསལ། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་པེ་ཅིང་གྲོང་ཁྱེར་ཡོངས་སུ་ཤོག་སྦག་སྤོར་རྒྱུ་གཏན་འགོག་བྱ་རྒྱུ་རེད། 2022ལོའི་དཔྱིད་གསར་དུས་ཆེན་རིང་པེ་ཅིང་གྲོང་ཁྱེར་དུ་ཤོག་སྦག་སིལ་ཚོང་ས་ཚིགས་འཛུགས་རྒྱུ་མ་རེད། 
     2017ལོའི་ཟླ་12ཚེས་1ཉིན་པེ་ཅིང་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་བཟོ་བཅོས་བྱས་པའི《པེ་ཅིང་གྲོང་ཁྱེར་གྱི་ཤོག་སྦག་བདེ་འཇགས་དོ་དམ་གཏན་འབེབས》གཞིར་བཟུང་། པེ་ཅིང་གི་སྐོར་ལམ་ལྔ་པའི་ནང་གི(སྐོར་ལམ་ལྔ་པ་ཚུད་པ)ས་ཁོངས་ནི་ཤོག་སྦག་སྤོར་རྒྱུ་གཏན་འགོག་བྱེད་པའི་ས་ཁོངས་རེད། སྐོར་ལམ་ལྔ་པ་ཕུད་པའི་ས་ཁོངས་ལ་ཆུས་མི་དམངས་སྲིད་གཞུང་གིས་སྤྱི་པའི་བདེ་འཇགས་དང་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དགོས་མཁོར་གཞིགས་ནས་ཤོག་སྦག་སྤོར་བ་བཀག་སྡོམ་དང་ཡང་ན་ཚོད་འཛིན་བྱེད་པའི་ས་ཁོངས་དབྱེ་འབྱེད་བྱ་དགོས་ཀྱི་ཡོད།
     ད་ལོའི་ཟླ་4པ་ནས་བཟུང་། པེ་ཅིང་གི་ཆུས་ཁག་གིས་གྲོང་ཁྱེར་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་ཉུང་གཏོང་གི་ཁྱོན་ཡོངས་ལ་དམིགས་ཏེ་ས་ཁོངས་ནང་ཤོག་སྦག་གཏོང་མི་ཆོག་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་ཅིང་། མིག་སྔའི་བར། སྐོར་ལམ་ལྔ་བ་ཕུད་པའི་ས་ཁུལ་ཁག་ཚང་མས་ཤོག་སྦག་སྤར་མི་ཆོག་པའི་བརྡ་ཁྱབ་བཏང་བ་རེད། ཧྥང་ཧྲན་དང་མིན་ཐོའུ་ཀུའོ་གཉིས་ཀྱིས་2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཤོག་སྦག་སྤར་རིགས་ཁྱོན་ཡོངས་ནས་བཀག་སྡོམ་བྱ་རྒྱུ་ཡིན་པ་ཕུད། ཆུས་གཞན་དག་ཚང་མས་ཁྱོན་ཡོངས་ནས་བཀག་སྡོམ་བྱ་རྒྱུ་ལག་བསྟར་བྱས་ཟིན། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་ས་ཁོངས་ཡོངས་སུ་ཤོག་སྦག་སྤར་མི་ཆོག་པའི(གོ་ལ་ཧྲིལ་པོའི་གློག་བརྙན་གྲོང་གི་སྤྲོ་གསེང་ཁུལ་དུ་སྤྱི་བདེ་ལས་ཁུངས་ཀྱི་ཆོག་འཐུས་ཐོབ་པའི་ཤོག་སྦག་གི་འཁྲབ་སྟོན་རྣམ་གྲངས་ཕུད)ལག་བསྟར་བྱ་རྒྱུ་རེད། 
     གཞན་ཡང་།《པེ་ཅིང་གྲོང་ཁྱེར་གྱི་ཤོག་སྦག་བདེ་འཇགས་དོ་དམ་གཏན་འབེབས》ལ་གཞིགས་ན། རྒྱལ་ཁབ་དང་གྲོང་ཁྱེར་དེ་གའི་རྟེན་འབྲེལ་མཛད་སྒོ་དང་དུས་ཆེན་གཞན་དག་རིང་། ཤོག་སྦག་སྤར་མི་ཆོག་པའི་ས་ཁོངས་ནང་ཤོག་སྦག་སྤོར་དགོས་ཚེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱེད་པ་དང་འབྲེལ་སྤྱི་བསྒྲགས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྒྱ་མཚོའི་རླུང་འཚུབ་ཅེས་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།