ས་ཆ་མང་པོས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་རིན་པ་སྒོར་40མན་ཆད་བཅག་འདུག

    མི་དམངས་དྲ་བ།    2021-12-14

 ཟླ་12ཚེས་10ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་གནས་ཚུལ་གསར་ཤོས་ལ་གཞིགས་ན། མིག་སྔའི་བར་ཞིང་ཆེན་30ཡིས་སྔོན་རྗེས་སུ་ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་རྐྱང་པའི་ཞིབ་བཤེར་རིན་གོང་མི་རེར་སྒོར་40མན་ཆད(སྒོར་40ཚུད་པ)བར་བཅག་པ་དང་། མཉམ་བསྲེས་ཞིབ་བཤེར་རིན་གོང་མི་རེར་སྒོར་10མན་ཆད(སྒོར་10ཚུད་པ)བར་བཅག་ཡོད་པ་རེད། བླང་བྱ་ལྟར་ས་གནས་ཁག་གིས་ཟླ་12ཚེས་15ཉིན་གྱི་སྔོན་ལ་རིན་གོང་གཅོག་པའི་ལས་འགན་བསྒྲུབས་ཐུབ་དགོས། 
   ཞིབ་དཔྱད་ཚད་ལེན་དང་བརྟག་དཔྱད་ཀྱི་རིན་པ་དེ་ཐེག་ཐུབ་པའི་ཚད་དུ་ཚོད་འཛིན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཚོ་བའི་བར་དོ་སྙོམས་ཡོང་བའི་བརྩོན་ལེན་བྱ་ཆེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2021ལོའི་ཟླ་11པའི་ཟླ་དཀྱིལ་དུ་རེས་སྐོར་གསུམ་པའི་རྒྱལ་ཡོངས་ཀྱི་མཉམ་འབྲེལ་ལེགས་སྒྲིག་བྱས་ནས་ས་གནས་ཁག་ལ་གཞུང་བཙུགས་སྨན་ཁང་གི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་དང་འགྲོ་གྲོན་སྔར་བས་དམའ་རུ་གཏོང་བའི་མཛུབ་ཁྲིད་བྱས་པ་རེད། ཟླ་12ཚེས་10ཉིན། པེ་ཅིང་གྲོང་ཁྱེར་གྱིས་གཞུང་བཙུགས་སྨན་ཁང་གི་ཏོག་གསར་ནད་དུག་ཉིང་སྐྱུར་གྱི་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་དངོས་སུ་བཅག་པ་སྟེ། མི་རེའི་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་དེ་མི་རེར་སྒོར་35ལས་མི་དགོས་པར་བཅག་པ་དང་། མཉམ་བསྲེས་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་དེ་མི་རེར་སྒོར་8ལས་མི་དགོས་པར་བཅག་པ་དེ། ཟླ་12ཚེས་11ཉིན་ནས་བཟུང་གོ་ཆོད་རྒྱུ་རེད། རིན་གོང་དེ་ནི་རེས་སྐོར་གསུམ་པའི་རྒྱལ་ཡོངས་ཀྱི་མཉམ་འབྲེལ་ལེགས་སྒྲིག་བྱས་པའི་རིན་གོང་དམའ་ཤོས་དེ་རེད།
   ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ས་གནས་ཁག་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱ་རྒྱུར་དམིགས་ཏེ། ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་རྫས་སྒམ་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུ་རྒྱུན་མཐུད་ལག་བསྟར་བྱས་ནས། གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་རིན་གོང་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། རེས་སྐོར་མང་པོའི་ལེགས་སྒྲིག་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་2021ལོའི་ཟླ་9པའི་ཟླ་དཀྱིལ་དུ་མི་རེའི་ཞིབ་དཔྱད་ཚད་ལེན་གྱི་རིན་གོང་མི་རེར་ཆ་སྙོམས་སྒོར་60མན་བཅག་པ་དང་།མི་མང་པོའི་མཉམ་བསྲེས་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མི་རེར་སྒོར་15ནས་20བར་བཅག་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ ཇུས་ལག་ལེན་གཏིང་ཟབ་བསྟར་དགོས་པའི་ནན་བཤད་གནང་བ།
  • ལེ་ཚན་རྗེས་མ།:ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ་གཙོ་བོའི་ཕྱི་རྒྱལ་སྐད་ཡིག་དང་མི་རིགས་སྐད་ཡིག་གི་ཡིག་སྒྱུར་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ
  • དོ་སྣང་ཆེ་བའི་རྩོམ།