ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ་གཙོ་བོའི་ཕྱི་རྒྱལ་སྐད་ཡིག་དང་མི་རིགས་སྐད་ཡིག་གི་ཡིག་སྒྱུར་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-12-14

ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཞེས་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་ཅེས་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་ཀྱི་གསལ་བཤད་ཅེས་པ་བཅས་ཀྱི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ སི་པན་གྱི་ཡི་གེ འཇར་མན་གྱི་ཡི་གེ ལྗར་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རོབ་ཀྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ ཝེ་ཐེ་ནམ་གྱི་ཡི་གེ ལོ་སིའི་ཡི་གེ་སོགས་ཕྱི་རྒྱལ་གྱི་སྐད་རིགས་བཅུའི་དེབ་རྐྱང་པ་དང་རྒྱ་ཡིག་དང་དབྱིན་ཡིག་ཤན་སྦྱར་གྱི་དེབ་དེ་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་དང་ཕྱི་རྒྱལ་ཡི་གེའི་དཔེ་སྐྲུན་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་དེ་ཉིན་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱས་ཡོད་པ་རེད།

དེ་དང་དུས་མཚུངས་སུ་སོག་ཡིག་དང་བོད་ཡིག ཡུ་གུར་ཡི་གེ ཧ་སག་ཡི་གེ ཁོ་རི་ཡའི་ཡི་གེ་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལྔའི་དེབ་རྐྱང་པ་དེ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་དབྱི་རིགས་ཡི་གེ་དང་ཀྲོང་རིགས་ཡི་གེ་སོགས་མི་རིགས་སྐད་ཡིག་གཉིས་ཀྱི་དེབ་རྐྱང་པ་དེ་མི་རིགས་དཔེ་སྐྲུན་ཁང་ནས་ཁག་སོ་སོར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཀོང་ཞི་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་ཡོངས་བསྒྲགས་ཐོག་འགྲེམས་སྤེལ་བྱས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ས་ཆ་མང་པོས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་རིན་པ་སྒོར་40མན་ཆད་བཅག་འདུག
  • ལེ་ཚན་རྗེས་མ།:2021ལོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་པེ་ཅིང་དུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།