གསར་འགྱུར་གནད་བསྡུས།

        2021-12-13

༄༅།། ཉེ་ཆར། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས33པ་དར་མདོར་འཚོགས་པ་རེད། ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྲིད་གྲོས་སྐབས་བཅུ་བཞི་པའི་རིགས་ཁོངས་བཀོད་སྒྲིག་དང་ཨུ་ཡོན་གྱི་གྲོས་མགོའི་མཚན་ཐོའི་སྐོར་གྱི་གསལ་བཤད་ལ་ཉན་འཇོག་བྱས་ཤིང་། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་ཐེངས27པའི་གྲོས་མགོའི་ཇུས་གཞིར་གྲོས་ཞིབ་བྱས་པར་མ་ཟད་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།

༄༅།། རང་ཁུལ་གྱི་ཁྱིམ་ཚང་གཅིག་ལ2021ལོའི་རྒྱལ་ཡོངས་ཀྱི་ཆེས་སྐྱིད་ཤོས་ཀྱི་ཁྱིམ་ཚང་གི་མཚན་སྙན་ཐོབ་པ་དང་། ཁྱིམ་ཚང4ལ་ཞིང་ཆེན་ཡོངས་ཀྱི་ཆེས་སྐྱིད་ཤོས་ཀྱི་ཁྱིམ་ཚང་གི་མཚན་སྙན་ཐོབ་པ་རེད།

༄༅།། ཉེ་བའི་ལོ་ཤས་རང་། རང་ཁུལ་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་བྱ་སྤྱོད་ཀྱི་བླང་བྱ་ལྟར། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་བཅོས་བསྒྱུར་ཧུར་ཐག་བྱས་ཏེ། བཅོས་བསྒྱུར་ལས་འགན་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ་བརྒྱ་ལས་ཟིན་པ་རེད།

༄༅།། ཉེ་ཆར། གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་ཞིང་ལས﹙ཞིང་འབྲོག﹚ཞིང་སྡེ་ཅུས་ཀྱིས་སྲིབ་སྨད་རྫོང་དུ་དུས་ཡུན་ལོ10ཡི་འབྲི་ཆུ་རྒྱུད་ངོགས་ཀྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་མི་ཆོག་པའི་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་ཀྱི་གྲོས་མཐུན་གན་རྒྱ་བཞག་པ་རེད།


  • ལེ་ཚན་སྔོན་མ།:ཧང་ཀྲོའུ་ཡི་ཡུལ་སྐོར་རོགས་སྐྱོར་ཆེད་གཏོང་རླངས་འཁོར་ཐོག་མ་རང་ཁུལ་དུ་འབྱོར།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་གིས་བོད་སྐད་ཀྱི་ལམ་ནས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་པའི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་དངོས་ཕན་ཐོགས།
  • དོ་སྣང་ཆེ་བའི་རྩོམ།