ཧྲེན་དབྱང་གིས་རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུའི་ཐོག་འདི་ལྟར་གསུངས།

        2021-12-13

སེམས་ཐག་གཙང་བཅད་ཀྱིས་སྲོག་ཤིང་ལ་བརྩི་བཀུར་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་འཆང་བ། བློ་དཀར་ཞིང་འགན་འཁུར་བ་དང་འཐབ་རྩོད་བྱེད་ཕོད་པའི་དཔེ་བཟང་བྱ་དགོས་ཞེས་བླང་བྱ་བཏོན།


སྤྱི་ཟླ12པའི་ཚེས6ཉིན་ལ།ཁུལ་ཨུས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་སྒྲིག་འཛུགས་བྱས་ཏེ་བཞུགས་མོལ་གྲོས་ཚོགས་འཚོགས་ཤིང་།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་ཅིང་།ད་སྔ་དང་ཕྱིན་ཆད་དུས་རིམ་ཞིག་གི་བརྟན་བརླིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས།ཏང་གི་འཛུགས་སྐྱོང་སོགས་གཙོ་གནད་ལས་དོན་ལ་རྒྱུད་རིམ་ལྡན་པས་ཞིབ་འཇུག་དང་བཀོད་སྒྲིག་ཁྱོན་ཡོངས་ནས་བྱས་ཤིང་།སྲིད་ཇུས་ལ་དང་དོད་བྱེད་ཅིང་བསམ་ཕྱོགས་ཁ་གསལ་བཟོ་བ།གནོན་ཤུགས་བརྒྱུད་སྤྲད་བྱས་ཏེ་སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཆིག་འགྲིལ་བྱས་ཏེ།རྒྱང་སྐྱོད་གསར་པའི་ལམ་བུར་སྐྱོད་ཅིང་དུས་རབས་གསར་པར་བྱས་རྗེས་གཞག་པའི་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་གཅིག་འདུ་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་།ཁུལ་ཨུའི་ཚབ་མཛད་དེ་རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི18ལ་སྙིང་གཏམ་གླེང་རེས་དང་བླང་བྱ་བཏོན་པ་རེད།ཁོང་གིས་དུས་བབ་གསར་པ་དང་ལས་འགན་གསར་པ།འགྲན་རྩོད་གསར་པ་བཅས་དང་འཕྲད་པའི་མདུན་དུ།རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་བློ་རྩ་བརྟན་པོ་བྱེད་པ་དང་།དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏིག་བྱེད་ཅིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གསར་པ་དང་ལོ་ཆུང་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་ལག་ལེན་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་བླང་བྱ་ལྟར། རང་རྟོགས་ཀྱིས་ཏང་ལ་བློ་སེམས་དཀར་པོ་བྱེད་པ་དང་།བློ་རྩ་བརྟན་པོས་སྤྱོད་པ་གཙང་ཞིང་འགན་འཁྲི་འཁུར་ཕོད་པ་བྱེད་པ། རང་འཁྲིའི་ལས་འགན་སྒྲུབ་པའི་ཁོར་ཡུག་ཁྲོད་དུ་མགྱོགས་པོར་ཞུགས་པ། ཁ་ཕྱོགས་གནད་ལ་འཁེལ་པོ་འཚོལ་ཐུབ་པ་དང་བསམ་ཕྱོགས་ཁ་གསལ་པོར་བཟོ་བ། དོན་དངོས་སྒྲུབ་པ། ཀུན་གྱི་མདུན་གྲལ་དུ་བསྐྱོད་པ་བཅས་བྱས་ཏེ།དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཁྲོད་དུ་ཏང་དང་མི་དམངས།དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གཞག་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གྲོས་ཚོགས་སུ་ཞུགས།

ཧྲེན་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་སྲུང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་བླང་བྱ་དང་པོར་གཞག་དགོས། རྫོང་ཨུའི་ཧྲུའུ་ཅིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་དང་དོད་བྱ་དགོས། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་སྲོག་ཤིང་ལ་བརྩི་བཀུར། རང་རྟོགས་ངང་གཏན་འཁེལ་གཉིས་མཐའ་གཅིག་ཏུ་བརྩི་སྲུང་བྱེད་མཁན་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལག་ལེན་བྱེད་མཁན་བྱ་དགོས་པ་དང་། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུའམ་གནས་ཚུལ་གང་རུང་འོག་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་དགོས། ཏང་ལ་བློ་དཀར་སེམས་དཀར་དང་བློ་གཅིག་སེམས་གཅིག། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བཅས་བྱས་ཏེ། རང་རྟོགས་ངང་ཁ་ཞེ་གཉིས་མེད་དང་ཁ་བཤད་དོན་ལ་གནས་པར་བྱ་དགོས། ཁྱོན་ཡོངས་ལ་བསྟུན་དགོས་པ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་ནས་གནས་ཚད་འཚོལ་ཞིབ་ཡང་དག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱ་དགོས། སྲིད་ཇུས་སྟངས་འཛིན་བྱས་ཏེ་རང་ཁུལ་གྱི་གནས་ཚུལ་ཁོང་དུ་ཆུད་པ་དང་རྫོང་གི་གནས་ཚུལ་ལ་གཞི་ཚུགས་ནས་ཆབ་སྲིད་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་བསྣན་དགོས། བསམ་གཞིག་ལ་སྣང་ཆེན་དང་བསམ་གཞིག་བྱེད་མཁས་པ། ཕྱོགས་སྡོམ་བྱེད་མཁས་པ་བཅས་བྱས་ནས་ལས་ཀའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་བཀུར། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ། དམངས་གཙོས་ཇུས་ཐག་གཅོད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། བསམ་འཆར་བསྡུ་ལེན་བྱེད་སྐབས་ཧུར་བརྩོན་མི་བྱེད་པ་དང་སྲིད་ཇུས་དོན་འཁྱོལ་བྱེད་རིང་ལབ་གླེང་གང་བྱུང་བྱེད་པ་སོགས་ཀྱི་འགན་འཁྲི་འཁུར་མི་ཕོད་པ་དང་སྒྲིག་སྲོལ་ལ་མི་བརྩི་བའི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་བློ་རྩ་བརྟན་པོས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩི་དགོས། རིག་པ་དྭངས་གསལ་དང་མཐིལ་ཚད་ནན་སྲུང་། ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏང་དགོས། འཕེལ་རྒྱས་དང་བདེ་འཇགས་འཆར་འགོད་གཅིག་གྱུར་བྱས་པ་དང་ཉེན་ཁ་འབྱུང་གཞི་སྣ་ཚོགས་སྔོན་འགོག་དང་འདུམ་གཅོད་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ནས་འཆམ་མཐུན་དང་བདེ་འཇགས་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏང་རྒྱུས་གཙོ་བོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་མཉམ་འདྲེས་བྱ་རྒྱུར་རྒྱ་ཁྱབ་ངང་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་བྱས་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གང་མགྱོགས་བསྐྲུན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྱི་དཀར་མཛེས་ཁུལ་ཧུར་ཐག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བ་འབྲེལ་མཐུད་གོ་ཆོད་པོ་ཡོང་བ་དེ་དོན་ཆེན་ནང་གི་འགངས་ཆེན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། སྤྱོད་ཚུལ་བསྒྱུར་བ་དེ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཡས་ཀྱི་ནང་དོན་གལ་ཆེན་དུ་ནན་ཏིག་གཞག་དགོས། བློ་རྩ་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུའི་འཐབ་འཛིང་མཐར་ཕྱིན་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། ﹙བདེ་སྐྱིད་ཀྱིས་བསྒྱུར།﹚



  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཧང་ཀྲོའུ་ཡི་ཡུལ་སྐོར་རོགས་སྐྱོར་ཆེད་གཏོང་རླངས་འཁོར་ཐོག་མ་རང་ཁུལ་དུ་འབྱོར།
  • དོ་སྣང་ཆེ་བའི་རྩོམ།