དཔལ་ཡུལ་ཕུག་ལམ་འདི་ལེགས་གྲུབ་བྱུང་འདུག།

ཨོ་རྒྱན་གྱིས་བསྒྱུར།        2021-12-08

དཔལ་ཡུལ་ཕུག་ལམ་འདི་ལེགས་གྲུབ་བྱུང་འདུག།

ཟླ12ཚེས7ཉིན་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གཞུང་ཕྱོགས་དྲྭ་ཚུགས་ནས་ཤེས་རྟོགས་བྱུང་དོན།ཟླ12ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད9པར་ཐིང་ལྟ་ཞིབ་དོ་དམ་སྤྱི་གཉེར་ཁང་གིས་ལྟ་ཞིབ་དོ་དམ་གྱི་འགན་འཁུར་བའི་རྒྱལ་ལམ215ལམ་ཐིག་སྟེ་དཔལ་ཡུལ་ནས་འབའ་ཐང་བར་གྱི་བསྐྱར་བཟོ་ལས་གྲྭའི་དཔལ་ཡུལ་ཕུག་ལམ་བདེ་བླག་གིས་ཕུག་ཚར་བ་རེད། དཔལ་ཡུལ་ཕུག་ལམ(K0+557-K3+52)ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དུ་གནས་པ་དང་མཚོ་འཕགས་སྨི3200ཟིན་ཞིང་། རྒྱལ་ལམ235ཡི་དཔལ་ཡུལ་ནས་འབའ་ཐང་ལམ་གྱི་ལས་གཞིའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་རེད། ཕུག་ལམ་གྱི་རིང་ཚད་ཧྲིལ་པོར་སྨི2963ཡོད་པ་རེད།

     2019ལོའི་ཟླ10ཚེས28ཉིན་ལས་མགོ་ཚུགས་པ་ནས་བཟུང་། དབྱར་དགུན་མེད་པར་ལས་ཞུགས་མི་སྣ་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་འཛུགས་སྐྲུན་བྱས་པས་ཁྱོན་དུས་ཡུན་ཟླ་བ20ནང་ཕུག་ལམ་འདི་ཉིད་ལེགས་གྲུབ་བྱུང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་བྱེད་སྒོ་འདི་འདྲ་ཞིག་སྤེལ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིར་འདི་འདྲ་གསུངས།
  • དོ་སྣང་ཆེ་བའི་རྩོམ།